རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་འཚོགས།
པར་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རའོ་ཨེ་རྨིན།
ཟླ11པའི་ཚེས22ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཧའེ་ནན་སན་ཡ་རུ་གཟབ་རྒྱས་ངང་མགོ་ཚུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་མགོ་ཚུགས་མཛད་སྒོའི་སྟེང་ཕེབས་པར་མ་ཟད། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་མགོ་ཚུགས་པ་ཁྱབ་བསྒྲགས་གནང་།
པར་ཁུངས། ལུས་རྩལ་འགྲན་ཚོགས་ཀྱི་གསར་འགྱུར་ལྟེ་གནས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཙི་ཀའོ།
པར་ཁུངས། ལུས་རྩལ་འགྲན་ཚོགས་ཀྱི་གསར་འགྱུར་ལྟེ་གནས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧུའུ་ཁྲའོ།
དེ་རྗེས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། ཤང་ཀང་དང་ཨའོ་མོན་གྱི་འཐུས་ཚབ་ཚོགས་པ། ཐའེ་ཝན་གྱི་གྲངས་ཉུང་མི་རིགས་ཀྱི་འཐུས་ཚབ་ཚོགས་པ་བཅས་ཚོགས་རར་ཞུགས་ཤིང་། འཐུས་མི་ཚོགས་པ་ཁག་གིས་སྐར་ཆ30ཡི་འཁྲབ་སྟོན་བརྒྱུད་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ལག་གདང་སྦྲེལ་ཏེ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་དཔའ་ཉམས་མངོན་པར་བྱས།
པར་ཁུངས། ལུས་རྩལ་འགྲན་ཚོགས་ཀྱི་གསར་འགྱུར་ལྟེ་གནས།