ཧོ་མོའུ་པའོ་ཡིས་ཁུལ་གྱི་ལས་ཁུངས་འདི་དག་ཏུ་བརྟག་ཞིབ་བྱས།

政务   2024-11-22 11:33   甘肃  



ཧོ་མོའུ་པའོ་ཡིས་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་སྒྲིག་ཁོངས་གཞུང་སྒྲུབ་ཁང་། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་བྱ་བྱེད་ཨུ་ལྷན། ཁུལ་ཨུའི་ལས་བྱེད་པ་རྒན་པ་ཅུའུ། ཁུལ་ཨུའི་ཏང་གི་སློབ་གྲྭ་བཅས་སུ་བརྟག་ཞིབ་བྱས



   ཟླ11པའི་ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡིས་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་སྒྲིག་ཁོངས་གཞུང་སྒྲུབ་ཁང་། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་བྱ་བྱེད་ཨུ་ལྷན། ཁུལ་ཨུའི་ལས་བྱེད་པ་རྒན་པ་ཅུའུ། ཁུལ་ཨུའི་ཏང་གི་སློབ་གྲྭ་བཅས་སུ་བརྟག་ཞིབ་གནང་སྐབས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཀན་སུའུ་ལ་གཟིགས་ཞིབ་གནང་སྐབས་ཀྱི་གཏམ་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་བཀོད་འདོམས་བྱེད་པར་རྒྱུན་སྐྱོང་བ། ལྷག་བསམ་རྣམ་དག་གིས་འགན་ནུས་ལག་ཏུ་བསྟར་བ། ལས་རིགས་གཙོ་བོའི་སྤུས་རྟགས་གསར་སྐྲུན་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་བྱ་བ་བསྒྲུབས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀན་ལྷོའི་ལེའུ་གསར་བ་རྩོམ་པར་འགན་སྲུང་ནུས་ལྡན་མཁོ་འདོན་བྱ་དགོས་ཞེས་ནན་གྱིས་བསྟན།

  ཁུལ་ཨུའི་རྩ་འཛུགས་པུའུ་རུ་ཧོ་མོའུ་པའོ་ཡིས་ཆབ་སྲིད་འཛུགས་སྐྱོང་འབུར་དུ་གཏོད་པ་དང་ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱ་བྱེ་བྲག་གི་བྱེད་ཐབས་ཁྲོད་དངོས་འབེབས་བྱས་ཏེ། ཆབ་སྲིད་ཀྱི་ནུས་པ་དང་ཆབ་སྲིད་ཀྱི་གྲུབ་འབྲས་བྱ་བའི་ཕན་འབྲས་སྟེང་ཕྱིར་མཚོན་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་༼གཏན་འཁེལ་གཉིས༽སྲུང་སྐྱོབ་དང་༼སྲུང་སྐྱོང་གཉིས་༽མཐའ་གཅིག་ཏུ་བསྒྲུབ་ཐུབ་པར་བྱེད་པ། རྩ་འཛུགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་མུ་མཐུད་དུ་བསྐུལ་བ། དུས་རབས་གསར་བའི་ལས་བྱེད་པ་བཟང་བོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་དཔུང་ཁག་གི་༼དམིགས་བསལ་བཞིའི༽ཆབ་སྲིད་བླང་བྱ་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། གཞི་རིམ་ལ་མཐོང་ཆེན་དང་གྲུབ་འབྲས་ལ་མཐོང་ཆེན། ལག་ལེན་ལ་མཐོང་ཆེན་བྱེད་པའི་མི་འདེམས་པ་དང་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ལྷག་བསམ་རྣམ་དག་དང་འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་དགོས་ཞེས་ནན་གྱིས་བསྟན།

 ཁུལ་ཨུའི་སྒྲིག་ཁོངས་གཞུང་སྒྲུབ་ཁང་དང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་བྱ་བྱེད་ཨུ་ལྷན་དུ་ཧོ་མོའུ་པའོ་ཡིས་སྒྲིག་གཞིའི་སྒྲིག་ཁོངས་བྱ་བའི་ནུས་པ་ཁོང་དུ་ཆུད་པར་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་ཁོངས་དོ་དམ་བཟང་བོ་བྱས་ཏེ། ཏང་བློ་བདེ་བ་དང་མི་དམངས་ཡིད་ཚིམས་པའི་དཔེ་སྟོན་ལས་ཁུངས་ཤིག་ཧུར་ཐག་གིས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

  ཁུལ་ཨུའི་ལས་བྱེད་པ་རྒན་པ་ཅུའུ་དང་ཁུལ་ཨུའི་ཏང་གི་སློབ་གྲྭ་རུ་ཧོ་མོའུ་པའོ་ཡིས་ལས་འཁྱུར་ལས་བྱེད་པའི་ཆབ་སྲིད་དང་འཚོ་བའི་ཡོང་སྒོ་དོན་འཁྱོལ་ནན་མོ་བྱས་ཏེ། ལྷག་བསམ་རྣམ་དག་གིས་ལས་བྱེད་པ་རྒན་པ་རྣམས་ལ་ཞབས་འདེགས་བྱས་ནས་ཆབ་སྲིད་ཐད་བརྩི་འཇོག་དང་བསམ་བློའི་ཐད་ཐུགས་ཁུར། འཚོ་བའི་ཐད་གཟིགས་སྐྱོང་། བསམ་བློའི་ཐད་སེམས་ཁུར་བཅས་བྱས་ཏེ་ལས་བྱེད་པ་རྒན་པ་རྣམས་ཀྱི་ཚེ་མཇུག་གི་ནུས་པ་འདོན་སྤེལ་དང་ཇུས་འབུལ་ཤུགས་འདོན་བྱ་རྒྱུར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པ། ཏང་གཤིས་སློབ་གསོ་དང་ནུས་པ་གསོ་སྦྱོང་སོགས་ཀྱི་བྱ་བ་གཅིག་གྱུར་གྱིས་འཆར་འགོད་དང་། སློབ་གཉེར་ཆུ་ཚད་ཇེ་མཐོར་གཏོང་བ། སློབ་ཁྲིད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། སློབ་གྲྭ་ནན་སྐྱོང་བྱེད་པ། སྤུས་ཚད་མཐོ་བའི་སློབ་གྲྭ་འཛུགས་པ་བཅས་བྱས་ནས་ཏང་གི་སློབ་གྲྭའི་བྱ་བའི་རྣམ་པ་གསར་པ་རྒྱུན་མི་ཆད་པར་གཏོད་དགོས་ཞེས་ནན་གྱིས་བསྟན།

  ཧའོ་ཞའོ་ཏུང་དང་ཝང་གོ་ཅོན་གཉིས་བརྟག་ཞིབ་ལ་ཞུགས།


ལོ་ཙཱ་བ། བདེ་སྐྱིད་འཚོ། འབུམ་མཚོ་རྒྱལ།




རྩོམ་སྒྲིག་པ། དྭངས་གསལ་ལྷ་མོ།
རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།
ཞུ་དག་པ།  རྡོ་རྗེ་ཚེ་རིང་།
ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章