རི་ཚོགས་ཀྱིས་གོས་ལྗང་བཀླུབས། སྐར་དམར་ནི་འོད་དུ་འཚེར།

政务   2024-11-22 14:31   甘肃  

【གུང་ཁྲན་ཏང་གི་བཀའ་དྲིན་དྲན།།

དུས་རབས་གསར་པར་འབད་པས་བསྐྱོད།།】

རི་ཚོགས་ཀྱིས་གོས་ལྗང་བཀླུབས། 

སྐར་དམར་ནི་འོད་དུ་འཚེར 

  སྐྱེས་སྟོབས་ལྡན་པའི་རེ་སྨོན་དང་གསར་བརྗེ་ཡི་ཕུགས་བསམ་གཉིས་གཞི་གཅིག་ཏུ་འདྲེས་པ་ནས་བཟུང་། མཚར་སྡུག་ལྡན་པའི་ལོ་ཟླའི་ཁྲོད་རྔམ་བརྗིད་ལྡན་ཞིང་གཟི་བྱིན་འབར་བའི་གསར་བརྗེ་ཡི་རྐང་རྗེས་རེ་རེ་མི་སེམས་ལ་དཔར། 1935ལོའི་ཟླ9པར། ཀྲུང་དབྱང་དམར་དམག་གངས་རི་དང་སྤང་ཐང་བརྒལ་ཏེ་ཐེ་བོ་མགོ་བརྗེ་གྲོང་ཚོར་ཕེབས། ཟླ9པའི་ཚེས12ཉིན། ཏང་ཀྲུང་དབྱང་གིས་མགོ་བརྗེ་ཚོགས་འདུ་བསྡུས་ཏེ་ཏང་དང་དམག་དཔུང་གི་བློ་རྩ་དང་དང་བསམ་བློ། བྱེད་ཕྱོགས་བཅས་གཅིག་གྱུར་བྱས་རྗེས་བྱང་ཕྱོགས་སུ་དཔུང་འཇུག་བྱས། ཚེས16ཉིན་ལ་གཟར་འགག་ལ་འབྱོར།

  གཡང་གཟར་གྱི་བྲག་རི་དགུང་དུ་ཟུག་ཅིང་རྦ་རླབས་མཁའ་ལ་འཕྱོ། དགྲ་བོའི་མདའ་མདེའུ་སྒྱོགས་གསུམ་བུ་ཡུག་ལྟར་འཚུབ། དམར་དམག་གིས་དཔའ་ངར་ཞུམ་མེད་ཀྱིས་འཐབ་འཛིང་བྱས་ཏེ། ལ་གཟར་འགག་བླངས་ཏེ་བྱང་བགྲོད་ཀྱི་སྒོ་འཕར་ཕྱེས། ཀྲུང་གོའི་གསར་བརྗེ་ལ་རྒྱལ་ཁའི་ལམ་བུ་བཏད། གཟི་བརྗིད་ལྡན་པའི་འཐབ་འཛིང་དེ་ཇི་སྲིད་བར་དུ་ལོ་རྒྱུས་ཀྱི་དེབ་ཐེར་དུ་གནས་པ་དང་། དེ་ནི་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཁྲོད་ཀྱི་གཟི་འོད་འཕྲོ་བའི་རབ་བྱེད་ཅིག་དང་། ཀྲོང་ངེར་བཞེངས་པའི་རྡོ་རིང་ཞིག་ཡིན།

  རྒྱལ་ཁའི་སྐྱ་རེངས་ལ་གཟར་འགག་ནས་ཤར། གསར་བརྗེའི་སྐར་ཆེན་ལ་གཟར་འགག་ནས་འཚེར། དཔུང་ཆེན་གྱི་གོམ་སྟབས་རི་བྲག་དང་ཆུ་ཆེན་བརྒལ་ཏེ། གང་དུ་བསླེབས་པའི་གནས་དེར་ལྷབ་ལྷུབ་ཀྱི་དར་དམར་གཡོ་ཞིང་ཡིད་འོང་གི་དཔྱིད་དཔལ་ཤར།

  ཁོང་རྣམས་ཀྱིས་མི་རིགས་སྲིད་ཇུས་ཤུགས་ཆེན་པོས་བསྒྲགས་ཏེ། བྱང་སྐྱོད་ལྗར་འགོག་གི་གསར་བརྗེའི་གནས་ལུགས་བསྟན། མི་རིགས་གྲངས་ཉུང་གི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ཏེ་ཕོག་ཐུག་ཏིལ་ཙམ་ཡང་མ་བཏང་ཞིང་། བེད་སྤྱོད་བྱས་པའི་ཅ་ལག་གང་དེ་སྔར་གནས་སུ་བཞག་ཅིང་ཆག་གྲུམ་ཤོར་བ་དག་ལ་སྐྱིན་ཚབ་སྤྲད། མགོ་བརྗེ་ནས། དམར་དམག་གིས་ཨ་ཕྱི་ཞིག་ནད་ཀྱིས་བཟུང་བ་མཐོང་བས་དེ་མུར་འཕྲོད་བསྟེན་པུའུ་རུ་བསྐྱལ་ཏེ་སྨན་བཅོས་བྱས། ལ་གཟར་འགག་ཅོ་ལེ་ཚང་ནས་དམར་དམག་གིས་གཡུལ་ཁ་ནས་འབྲུ་རིགས་བརྡུངས་ཤིང་སྐྱིད་ཚབ་ཏུ་དངུལ་སྒོར་སྤྲད། དམར་དམག་གི་འཐབ་མོ་བ་ཞིག་གིས་ཆུ་ལེན་སྐབས་ཆུ་ཟོམ་བཅགས་པས་བདག་མོ་ལ་བལ་ལྭ་ཞིག་འཇལ། དུས་དེ་ནས་བཟུང་། དམག་བཀུར་དམངས་གཅེས་ཀྱི་སྲོལ་བཟང་དང་འོ་ཆུ་བཞིན་འདྲེས་པའི་དམག་དམངས་ཀྱི་བརྩེ་བ་ནི་ཀན་ལྷོའི་རིགས་སོ་སོའི་མི་དམངས་ཀྱི་སེམས་སུ་རྡོ་བརྐོས་རི་མོ་ཇི་བཞིན་བརྟན་པོར་གནས། །

ལོ་ཙཱ་བ། ཚེ་རིང་རྣམ་རྒྱལ།

སྙན་སྒྲོན་པ། འབྲུག་མོ་བྱམས།

རྩོམ་སྒྲིག་པ། དྭངས་གསལ་ལྷ་མོ།

རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།

ཞུ་དག་པ།  རྡོ་རྗེ་ཚེ་རིང་།

ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章