ཁུལ་སྲིད་གྲོས་ཨུ་ཡོན་གྱིས་གཞི་རིམ་མང་ཚོགས་ཀྱི་སེམས་སྒྲར་ཉན།

政务   2024-11-20 17:30   甘肃  



【ཀན་ལྷོའི་འཕེལ་རྒྱས་གསར་པ་སེམས་ཀྱིས་བཤེར། དམངས་འཚོའི་རྣམ་པ་གསར་པར་མིག་དབང་ཕྱོགས།】

ཁུལ་སྲིད་གྲོས་ཨུ་ཡོན་སྐོར་ཞིག་ཐོད་འཆིང་སྲང་ལམ་དོན་གཅོད་ཁང་དུ་ཕྱིན་ཏེ་བརྟག་ཞིབ་དང་བཞུགས་མོལ་ཚོགས་འདུ་འཚོགས།



  མང་ཚོགས་ཀྱི་འདོད་བློ་དང་དུ་བླངས་ཏེ། ས་གནས་ཀྱི་འཕེལ་རྒྱས་ལ་གྲོས་འཆར་འདོན། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་དམངས་འཚོ་ལེགས་བཅོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། སྲིད་གྲོས་ལས་དོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་ཆེད། ཟླ11པའི་ཚེས20ཉིན་གྱི་སྔ་དྲོར། ཁུལ་སྲིད་གྲོས་ཨུ་ཡོན་རྟ་མགྲིན་སྐྱབས་དང་ཧུའུ་ཧྲོའུ་ཧོང་། དབྱང་ཞོ་ཞན་སོགས་གཙོས་གྲོང་ཁྱེར་ཐོད་འཆིང་སྲང་ལམ་དོན་གཅོད་ཁང་དུ་ཕྱིན་ཏེ་བརྟག་ཞིབ་བྱས་ཤིང་དེ་གའི་ལས་བྱེད་མི་སྣ་དང་སྡོད་ཁུལ་གྱི་མང་ཚོགས་འཐུས་མི་དང་ལྷན་དུ་བཞུགས་མོལ་བྱས།

  ཚོགས་ཐོག་ཏུ་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ལས་བྱེད་མི་སྣ་དང་མང་ཚོགས་འཐུས་མིའི་ཞུ་དོན་ཕྲ་རགས་ཐམས་ཅད་ཞིབ་ཅིང་མི་ལུས་པར་ཉན་ཞིང་། སྡོད་ཁུལ་བཅོས་སྐྱོང་དང་དམངས་འཚོ་ལེགས་བཅོས་ཐད་ཀྱི་གྲུབ་འབྲས་དང་གནད་དོན་ཁག་ལ་རྩད་གཅོད་དང་རྒྱུས་ལོན་བྱས་ཏེ། ལས་བྱེད་མང་ཚོགས་དང་མཉམ་དུ་འབྲེལ་ཡོད་གནད་དོན་དག་གི་ཐག་གཅོད་བྱེད་སྟངས་དང་། དམངས་འཚོ་ལེགས་བཅོས། སྡོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གཞི་རིམ་བཅོས་སྐྱོང་། སྡོད་ཁུལ་གྱི་མ་འོངས་པའི་འཕེལ་རྒྱས་སོགས་ཀྱི་ཐད་ནས་ཚ་ཚ་འུར་འུར་སྒོས་བགྲོ་གླེང་བྱས་ཤིང་། ཉེར་སྤྱོད་ཀྱི་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་བཏོན།

  སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྲང་ལམ་དོན་གཅོད་ཁང་གི་ལས་བྱེད་མི་སྣར་དུས་རྟག་ཏུ་སྡོད་ཁུལ་གྱི་དམངས་འཚོ་དང་འཕེལ་རྒྱས་གནད་དོན་ལ་དོ་སྣང་བྱ་དགོས་ཤིང་། སྤྱི་བའི་ཞབས་ཞུའི་ཚད་གཞི་་ཇེ་མཐོར་བཏང་སྟེ། འབྲེལ་ཡོད་གནས་ཚུལ་དང་གནད་དོན་དག་དུས་ཐོག་ཏུ་གོང་རིམ་ལ་ཡར་ཞུ་བྱས་ནས། གང་མྱུར་དང་ནུས་ཐོན། ལུགས་མཐུན་གྱིས་དམངས་ཀྱི་འདོད་བློ་སྐོང་ཅི་ཐུབ་བྱ་དགོས་པའི་རེ་བ་བཏོན་པ་དང་། དེ་བཞིན་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་འགན་འཁྲི་དང་དུ་བླངས་ཤིང་། སྲིད་གྲོས་ཀྱི་སྦྲེལ་ཐག་གི་བྱེད་ནུས་འདོན་སྤེལ་བྱས་ཏེ། གཞི་རིམ་དང་འབྲེལ་བ་ཇེ་དམ་དུ་བཏང་ཞིང་། གཞི་རིམ་གྱི་སེམས་སྒྲ་གོང་རིམ་དུ་བསྐྱལ་ཏེ། ཏང་གི་གཞི་རིམ་བཅོས་སྐྱོང་དང་དམངས་འཚོ་ལེགས་བཅོས་སོགས་ལ་ཞབས་འདེགས་གང་ལེགས་ཞུས་ཏེ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་འདོན་ངེས་པའི་བསམ་ཚུལ་བསྟན། །

གསར་འགོད་པ། མགོན་པོ་ཚེ་བརྟན། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། དྭངས་གསལ་ལྷ་མོ།
རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།
ཞུ་དག་པ།  རྡོ་རྗེ་ཚེ་རིང་།
ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章