ཧོ་མོའུ་པའོ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་བརྒྱུད་སྒྲོག་སློབ་སྦྱོང་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བྱ་བ་བཀོད་སྒྲིག་བྱས།
ཟླ11པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡིས་མགོ་བཟུང་སྟེ་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་བྱ་བའི་ཡར་ཞུར་ཉན་པ་དང་། སྤྱི་ཚོགས་བྱ་བ་དང་གྲོང་ཁྱེར་འཛུགས་སྐྲུན། གྲོང་གསེབ་དར་རྒྱས། ཚན་རྩལ་གསར་གཏོད། ཐོན་ལས་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་། སྐོར་ཞིབ་དག་ཐེར་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།
གྲོས་ཚོགས་སུ་ཡིག་སྐུར་ངོ་གཏུག་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཏང་གི་རྩ་འཛུགས་ཀྱི་གཅིག་གྱུར་མགོ་ཁྲིད་དང་སྲིད་གཞུང་གི་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། རིགས་སོ་སོའི་རྩ་འཛུགས་ཀྱི་མཐུན་སྦྱོར་རོགས་འདེགས་ཧུར་ཐག་བྱེད་པ། མང་ཚོགས་རྒྱ་ཁྱབ་ངང་ཞུགས་པ། རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་བཟང་བཅས་ཟུང་དུ་འབྲེལ་བའི་གཞི་རིམ་བཅོས་སྐྱོང་མ་ལག་འཛུགས་དགོས་པ་ནན་གྱིས་བསྟན། གྲོས་ཚོགས་སུ་གསར་སྐྲུན་དང་ཤེས་རབ། ལྗང་མདོག མི་ཆོས་སོགས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ། གྲོང་ཁྱེར་སྔར་བས་མཛེས་པ་དང་སྡོད་བདེ་ལ་ཡུལ་སྐོར་བྱེད་བདེ་བར་བྱ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་སུ་ཁུལ་ཡོངས་ཀྱི་དབུལ་མཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་གནས་ཚུལ་གྱི་ཡར་ཞུར་ཉན། གྲོས་ཚོགས་སུ་ནོར་དང་ལུག ཕག བྱ་དེ། ཚོད་མ། སིལ་ཏོག ཤ་མོང་། སྨན་རྩྭ། ནས་བཅས་ཀྱི་ལེགས་ཆའི་ཐོན་ལས་ཁྱད་ལྡན་འཕེལ་རྒྱས་བཏང་ནས། རྒྱ་ཆེའི་མང་ཚོགས་རྣམས་ལ་ལས་རིགས་མང་བ་དང་འབྲེལ་ལམ་མང་བའི་ཐོན་ལས་འཕེལ་རྒྱས་ཁྲོད་ཐབས་ལམ་མང་པོར་བརྟེན་ནས་ཡོང་འབབ་འཕར་བ་མངོན་དུ་འགྱུར་བར་བྱ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་སུ་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་དྲུག་པས་ཀན་ལྷོ་ཁུལ་ལ་སྐོར་ཞིབ་བྱས་ནས་ཕྱིར་ལྡོག་བྱས་པའི་བསམ་འཆར་དང་དག་ཐེར་གནས་ཚུལ་གྱི་ཡར་ཞུར་ཉན། གྲོས་ཚོགས་སུ་འགན་འཁྲི་བྱེད་ཐབས་དོན་འཁྱོལ་དང་བྱ་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ། དུས་ལྟར་དང་སྤུས་ཚད་མཐོན་པོས་དག་ཐེར་ལས་འགན་ལེགས་འགྲུབ་འབྱུང་བར་འགན་ལེན་དང་། གནད་དོན་ཚང་མ་ཐག་གཅོད་པར་འགན་ལེན་བྱ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་སུ་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།
ལོ་ཙཱ་བ། ལྷ་མོ་སྒྲོལ་དཀར།
རྩོམ་སྒྲིག་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།
ཞུ་དག་པ། རྡོ་རྗེ་ཚེ་རིང་།
ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།