འདི་ནི་བོད་ཆོལ་ཁ་གསུམ་གྱི་རྩོམ་རིག་གླུ་གཞས་སོགས་བསྡུས་པའི་སྤྱི་སྟེགས་ཞིག་ཡིན། གལ་ཏེ་ཁྱེད་རང་གླུ་གཞས། རྩོམ་རིག དེ་མིན་ཤེས་བྱ་མཉམ་སྤྱོད་གནང་འདོད་ཚེ་འབྲོག་པའི་ཕྱོགས་བསྡུས་རིག་གནས་སྤྱི་སྟེགས་ལ་ཕེབས་དང་རང་ནུས་ཀྱི་འབད་པར་བྱའོ།
གཞས་ཚིག
སེམས་ཁོང་གི་ཕ་ཡུལ།
གཞས་ཚིག ཏི་སེའི་གངས་སྨྱུག
གཞས་གདངས། གངས་བུ་ཀར་བསྟན།
ལེན་མཁན། གངས་བུ་ཀར་བསྟན།
བྱིན་རླབས་གཟི་བྱིན་འབར་བའི་ཏི་སེའི་གངས།།
ཨ་སྔོན་ཐང་ལ་ལྷུང་འདྲའི་མ་ཕམ་མཚོ།།
ལོ་རྒྱུས་རྒྱབ་ལྗོངས་བརྩེགས་པའི་གུ་གེའི་མཁར།།
འདི་གསུམ་མཐོ་སྒང་མངའ་རིས་གཟི་བརྗིད་ཡིན།།
ཕ་ཡུལ་ལགས། ཕ་ཡུལ། མཐོ་སྒང་མངའ་རིས།
མཐོ་སྒང་མངའ་རིས་ཁ་བ་ཅན་གྱི་རྒྱན།
ཁ་བའི་སྙིང་ནོར་འབྲོང་གཡག་དར་མ་དང་།།
མགྱོགས་མྱུར་རྒོད་པའི་གདོང་ནག་གོག་པོ་གཙོད།།
ན་དམར་གཞུང་གི་རྐྱང་ཆུང་ཁ་དཀར་ཏེ།།
འདི་གསུམ་བྱང་ཐང་མངའ་རིས་གཡང་བླ་ཡིན།།
ཕ་ཡུལ་ལགས། ཕ་ཡུལ། མཐོ་སྒང་མངའ་རིས།
མཐོ་སྒང་མངའ་རིས་ཁ་བ་ཅན་གྱི་རྒྱན།
མ་བཅོས་གདོང་ལ་དགའ་བའི་སོ་དཀར་འཛུམ།།
ལྷད་མེད་ཡིད་ཀྱི་དུང་བའི་དམར་ཆུང་སེམས།།
མགོ་བདེ་གཡོ་འཁྲུལ་མེད་པའི་འཇམ་པོའི་གཤིས།།
འདི་གསུམ་མངའ་རིས་མི་ཡི་ཁྱད་ཆོས་ཡིན།།
ཕ་ཡུལ་ལགས། ཕ་ཡུལ། མཐོ་སྒང་མངའ་རིས།
མཐོ་སྒང་མངའ་རིས་ཁ་བ་ཅན་གྱི་རྒྱན།
点分享