འདི་ནི་བོད་ཆོལ་ཁ་གསུམ་གྱི་རྩོམ་རིག་གླུ་གཞས་སོགས་བསྡུས་པའི་སྤྱི་སྟེགས་ཞིག་ཡིན། གལ་ཏེ་ཁྱེད་རང་གླུ་གཞས། རྩོམ་རིག དེ་མིན་ཤེས་བྱ་མཉམ་སྤྱོད་གནང་འདོད་ཚེ་འབྲོག་པའི་ཕྱོགས་བསྡུས་རིག་གནས་སྤྱི་སྟེགས་ལ་ཕེབས་དང་རང་ནུས་ཀྱི་འབད་པར་བྱའོ།
གཞས་ཚིག
༼ མཇལ་འགྲོ།༽
ཚིག་མདངས་་་་བདེ་ལེགས།
གླུ་བ་་་་མངའ་རིས་བདེ་ལེགས།
༡.འགྲོ་འགྲོ་སྟོད་ཀྱི་ཕྱོགས་ལ་འགྲོ་་མཇལ་འགྲོ་མཇལ་འགྲོ་སྟོད་ཀྱི་ཕྱོགས་ལ་མཇལ་འགྲོ་
རི་བོ་མཐོ་ལས་གངས་དཀར་ཏི་སི་མཇལ་འགྲོ་་་མཚོ་མོ་ཆེ་ལས་མ་ཕམ་གཡུ་མཚོ་མཇལ་འགྲོ་།།
༢.འགྲོ་འགྲོ་ནུབ་ཀྱི་ཕྱོགས་ལ་འགྲོ་་་མཇལ་འགྲོ་མཇལ་འགྲོ་ནུབ་ཀྱི་ཕྱོགས་ལ་མཇལ་འགྲོ་
རི་བོ་མཐོ་ལས་སྟར་སྒོ་གངས་རི་མཇལ་འགྲོ་་་མཚོ་མོ་ཆེ་ལས་འདང་ར་གཡུ་མཚོ་མཇལ་འགྲོ་།།
༣.འགྲོ་འགྲོ་བྱང་གི་ཕྱོགས་ལ་འགྲོ་་་་མཇལ་འགྲོ་མཇལ་འགྲོ་བྱང་གི་ཕྱོགས་ལ་མཇལ་འགྲོ་
རི་བོ་མཐོ་ལས་གཉན་ཆེན་ཐང་ལྷ་མཇལ་འགྲོ་་་མཚོ་མོ་ཆེ་ལས་ནམ་མཚོ་ཕྱུགས་མོ་མཇལ་འགྲོ་།།
༤.འགྲོ་འགྲོ་ཤར་ཀྱི་ཕྱོགས་ལ་འགྲོ་་་མཇལ་འགྲོ་མཇལ་འགྲོ་ཤར་ཀྱི་ཕྱོགས་ལ་མཇལ་འགྲོ་
རི་བོ་མཐོ་ལས་ཁ་བ་དཀར་པོ་མཇལ་འགྲོ་་་་མཚོ་མོ་ཆེ་ལས་ཁྲི་ཤོར་རྒྱལ་མོ་མཇལ་འགྲོ་།།
༥.འགྲོ་འགྲོ་ལྷོ་ཡིས་ཕྱོགས་ལ་འགྲོ་་་མཇལ་འགྲོ་མཇལ་འགྲོ་ལྷོ་ཡིས་ཕྱོགས་ལ་མཇལ་འགྲོ་
རི་བོ་མཐོ་ལས་གང་བཟང་གངས་རི་མཇལ་འགྲོ་་་་མཚོ་མོ་ཆེ་ལས་ཡར་འབྲོག་གཡུ་མཚོ་མཇལ་འགྲོ་།།
༦་འགྲོ་འགྲོ་དབུས་གཙང་ལྷ་སའི་ཕྱོགས་ལ་འགྲོ་་་མཇལ་འགྲོ་མཇལ་འགྲོ་ལྷ་སའི་ཕྱོགས་ལ་མཇལ་འགྲོ་་་
ཕོ་བྲང་མཐོ་ལས་པོ་ཊ་ལྷ་རུ་མཇལ་འགྲོ་་་་་་་འཇིན་ལབས་ཆེ་ལས་ཇོ་བོ་རྣམ་གསུམ་མཇལ་འགྲོ།
འཇིན་ལབ་ཆེ་ལས་ཇོ་བོ་རྣམ་གསུམ་མཇལ་འགྲོ་།།།།།
༼ནོར་བུ་གླིང་གི་ས་ཆ་རེད།༽
ཚིག དམངས་གཞས།
གདངས། མངའ་རིས་བདེ་ལེགས།
གཞས་པ། མངའ་རིས་བདེ་ལེགས།
གངས་སྟོད་མཐོན་པོ་ནོར་བུ་གླིང་གི་ས་རེད།།
གངས་སྟོད་སེང་ཆུང་ནོར་བུ་མིན་ན་གང་རེད།།
སེང་གཡུ་རལ་རྒྱས་པའི་བཀྲ་ཤིས་ཤོག།
རྫ་སྟོད་མཐོན་པོ་ནོར་བུ་གླིང་གི་ས་རེད།།
རྫ་སྟོད་འབྲོང་ཆུང་དར་མ་ནོར་བུ་མིན་ན་གང་རེད།།
འབྲོང་རུ་ཐུར་རྒྱས་པའི་བཀྲ་ཤིས་ཤོག།
བྲག་སྟོད་མཐོན་པོ་ནོར་བུ་གླིང་གི་ས་རེད།།
བྲག་སྟོད་ཐང་དཀར་རྒོད་པོ་ནོར་བུ་མིན་ན་གང་རེད།།
རྒོད་གཤོག་སྒྲོ་རྒྱས་པའི་བཀྲ་ཤིས་ཤོག།
སྤང་སྟོད་མཐོན་པོ་ནོར་བུ་གླིང་གི་ས་རེད།།
སྤང་སྟོད་ཤྭ་བ་རྭ་ཅོ་ནོར་བུ་མིན་ན་གང་རེད།།
མགོ་རྭ་བཅུ་རྒྱས་པའི་བཀྲ་ཤིས་ཤོག།
ན་སྟོད་མཐོན་པོ་ནོར་བུ་གླིང་གི་ས་རེད།།
ན་སྟོད་རྐྱང་ཆུང་ཁ་དཀར་ནོར་བུ་མིན་ན་གང་རེད།།
མགོ་སྔོག་ཕྲུག་རྒྱས་པའི་བཀྲ་ཤིས་ཤོག།
ཐང་སྟོད་མཐོན་པོ་ནོར་བུ་གླིང་གི་ས་ཆ་རེད།།
ཐང་སྟོད་བྱིའུ་ཆུང་སྐད་སྙན་ནོར་བུ་མིན་ན་གང་རེ།།
བྱིའུ་གཤོག་སྒྲོ་རྒྱས་པའི་བཀྲ་ཤིས་་ཤོག།
ཆུ་སྟོད་མཐོན་པོ་ནོར་བུ་གླིང་གི་ས་ཆ་རེད།།
ཆུ་ནང་ཉ་ཆུང་གསེར་མིག་ནོར་བུ་མིན་ན་གང་རེད།།
ཉ་གསེར་གཤོག་རྒྱས་པའི་བཀྲ་ཤིས་ཤོག།
སྡེ་སྟོད་མཐོན་པོ་ནོར་བུ་གླིང་གི་ས་རེད།།
སྡེ་སྟོད་སྟག་ཤར་སྨན་ཆུང་ནོར་བུ་མི་ན་གང་རེ།།
ལུས་རྒྱན་ཆ་མཛེས་པའི་བཀྲ་ཤིས་ཤོག།
ལུས་རྒྱན་ཆ་མཛེས་པའི་བཀྲ་ཤིས་ཤོག།
点分享