འདི་ནི་བོད་ཆོལ་ཁ་གསུམ་གྱི་རྩོམ་རིག་གླུ་གཞས་སོགས་བསྡུས་པའི་སྤྱི་སྟེགས་ཞིག་ཡིན། གལ་ཏེ་ཁྱེད་རང་གླུ་གཞས། རྩོམ་རིག དེ་མིན་ཤེས་བྱ་མཉམ་སྤྱོད་གནང་འདོད་ཚེ་འབྲོག་པའི་ཕྱོགས་བསྡུས་རིག་གནས་སྤྱི་སྟེགས་ལ་ཕེབས་དང་རང་ནུས་ཀྱི་འབད་པར་བྱའོ།
གཞས་ཚིག
སྐོར་བྲོ།
ཚིག དམངས་ཁྲོད།
དབྱངས། དམངས་ཁྲོད།
ལེན་མཁན། བཀྲ་ཤིས་ནོར་བུ།
བསྭོ་་་།
གནམ་ལ་མ་ཆགས་གནམ་ལ་ཆགས་ཡོད།
བསྭོ་ཡ་རེས་ལོ།
གནམ་ལ་ཉི་ཟླ་སཀར་གསུམ་ཆགས་ཡོད།
བསྭོ་ཡ་རེས་ལོ།
གནམ་ལ་ཉི་ཟླ་སཀར་གསུམ་ཆགས་ཡོད།
བསྭོ་ཡ་རེས་ལོ།
བསྭོ་་་།
མཚོ་ལ་མ་ཆགས་མཚོ་ལ་ཆགས་ཡོད།
བསྭོ་ཡ་རེས་ལོ།
མཚོ་ལ་ཉ་ཆུང་གསེར་ཤོག་ཆགས་ཡོད།
བསྭོ་ཡ་རེས་ལོ།
མཚོ་ལ་ཉ་ཆུང་གསེར་ཤོག་ཆགས་ཡོད།
བསྭོ་ཡ་རེས་ལོ།
བསྭོ་་་།
ཤིང་ལ་མ་ཆགས་ཤིང་ལ་ཆགས་ཡོད།
བསྭོ་ཡ་རེས་ལོ།
ཤིང་ལ་ལྷ་ཤིང་ཤུག་པ་ཆགས་ཡོད།
བསྭོ་ཡ་རེས་ལོ།
ཤིང་ལ་ལྷ་ཤིང་ཤུག་པ་ཆགས་ཡོད།
བསྭོ་ཡ་རེས་ལོ།
བསྭོ་་་་།
ས་ལ་མ་ཆགས་ས་ལ་ཆགས་ཡོད།
བསྭོ་ཡ་རེས་ལོ།
ས་ལ་པདྨ་འདབ་བརྒྱད་ཆགས་ཡོད།
བསྭོ་ཡ་རེས་ལོ།
ས་ལ་པདྨ་འདབ་བརྒྱད་ཆགས་ཡོད།
བསྭོ་ཡ་རེས་ལོ།
ས་ལ་པདྨ་འདབ་བརྒྱད་ཆགས་ཡོད།
བསྭོ་ཡ་རེས་ལོ།
点分享