འདི་ནི་བོད་ཆོལ་ཁ་གསུམ་གྱི་རྩོམ་རིག་གླུ་གཞས་སོགས་བསྡུས་པའི་སྤྱི་སྟེགས་ཞིག་ཡིན། གལ་ཏེ་ཁྱེད་རང་གླུ་གཞས། རྩོམ་རིག དེ་མིན་ཤེས་བྱ་མཉམ་སྤྱོད་གནང་འདོད་ཚེ་འབྲོག་པའི་ཕྱོགས་བསྡུས་རིག་གནས་སྤྱི་སྟེགས་ལ་ཕེབས་དང་རང་ནུས་ཀྱི་འབད་པར་བྱའོ།
གཞས་ཚིག
བྲོ་ལ་ཕེབས།
ཚིག། མངའ་རིས་རུ་ཐོག་དམངས་གཞས།
དབྱངས། མངའ་རིས་རུ་ཐོག་དམངས་གཞས།
གཞས་པ། རུ་ཐོག་ཕུན་ཚོགས་བཀྲ་ཤིས། །
ཡ་གྲོགས་པོ་ཚང་མ་མཉམ་དུ་མངའ་རིས་རུ་ཐོག་བྱང་གནས་མུ་འབྲེལ་སྒོར་གཞས་འཁྲུག་པོ་ཞིག་ཁྲོབ་ཤོག་གོ །
ཁྲོབ་ཤོག་ཁྲོབ་ཤོག་སྒོར་གཞས་གསར་པ་ཁྲོབ་ཤོག །
རུ་ཐོག་སྒོར་གཞས་ཁྲོབ་ཤོག །
མངའ་རིས་རུ་ཐོག་བྱང་གནས་མུ་འབྲེལ་སྒོར་གཞས་གསར་པ་ཁྲོབ་ཤོག །
རུ་ཐོག་སྒོར་གཞས་ཁྲོབ་ཤོག །
གངས་མཐོ་སའི་བྲོ་ལ་ཕེབས་ཤོག་ཞུ། །
སེང་ལྕམ་དཀར་མོ་བྲོ་ལ་ཕེབས། །
གཞན་རང་གི་ཕེབས་ཤོག་ཟེར་ལེ་མིན། །
མགོ་གཡུ་རལ་ལྟད་མོ་ལྟ་འདོད་རེད། །
རྫ་མཐོ་སེ་བྲོ་ལ་ཕེབས་ཤོག་ཞུ། །
འབྲོང་ཆུང་བྲེ་སེར་བྲོ་ལ་ཕེབས། །
གཞན་རང་གི་ཕེབས་ཤོག་ཟེར་ལེ་མིན། །
མགོ་རྭ་དུར་ལྟད་མོ་ལྟ་འདོད་རེད། །
སྡེ་མཐོ་སེ་བྲོ་ལ་ཕེབས་ཤོག་ཞུ། །
སྟག་ཤར་སྨན་ཆུང་བྲོ་ལ་ཕེབས། །
གཞན་རང་གི་ཕེབས་ཤོག་ཟེར་ལེ་མིན། །
ལུས་ལང་ཚོ་ལྟད་མོ་ལྟ་འདོད་རེད། །
ལུས་ལང་ཚོ་ལྟད་མོ་ལྟ་འདོད་རེད། །
ལུས་ལང་ཚོ་ལྟད་མོ་ལྟ་འདོད་རེད། །
ཕྲ་གསུམ་བསྟོད་གླུ།
ཚིག། དམངས་གཞས།
དབྱངས། དམངས་གཞས།
གཞས་པ། མེ་གླང་རྡོར་ཆུང་།
རྒྱ་ཡངས་རྩྭ་ཐང་ཆེན་མོ་རྟ་ནོར་ལུག་གི་ཕ་ས། །
མཐའ་བཞི་གངས་རི་རྫ་རི་འབྲོག་སྡེ་ཕྱུག་མོ་རྒྱན་རེད། །
མཐའ་མེད་པའི་རྩྭ་ཐང་སྟེང་ལ། །
རྟ་འདོ་བ་བརྒྱ་ཕྱུར་སྟོང་ཕྱུར། །
རྟེའུ་ཅོ་བ་གོམས་གྲོས་ཤིག་སེ། །
ཕ་ཨ་ཁུ་འབྲོག་པའི་ཅང་ཤེས་རྟ་བོ། །
བཀྲ་ཤིས་ཤོག །
རྒྱ་ཡངས་རྩྭ་ཐང་། །
རྟ་འདོ་བ་བརྒྱ་ཕྱུར། །
རྟ་བརྒྱ་འཁོར་ནས། །
རྟེའུ་ཅོ་བ་རྒྱན་བྱུང་། །
གཞུང་ན་རི་ན་དམར་སྟེང་ལ། །
ནོར་ནག་ཆུང་བརྒྱ་ཕྱུར་སྟོང་ཕྱུར། །
བེའུ་ཡ་རུ་རྩེད་ཁྲབས་ཤིག་སེ། །
ཕ་ཨ་ཁུ་འབྲོག་པའི་བྲེ་སེར་འབྲོང་འདྲ། །
དོན་རེ་གྲུབ། །
ན་དམར་གཞུང་ལ།
ནོར་ནག་ཆུང་བརྒྱ་ཕྱུར། །
ནོར་བརྒྱ་འཁོར་ནས། །
བེའུ་ཡ་རུ་རྒྱན་བྱུང་། །
རི་སྤང་རི་སྤང་ཐང་སྟེང་ལ། །
ལུག་གཡང་དཀར་བརྒྱ་ཕྱུར་སྟོང་ཕྱུར། །
ཐོང་ཚེར་མོ་གྲ་ལོ་ཉིག་སེ། །
ཕ་ཨ་ཁུ་འབྲོག་པའི་གཡང་དཀར་ལུག་ཁྱུ། །
བཀྲ་ཤིས་ཤོག །
སྤང་རི་སྤང་ལ། །
ལུག་གཡང་དཀར་བརྒྱ་ཕྱུར། །
ལུག་བརྒྱ་འཁོར་ནས། །
ཐོང་ཚེར་མོ་རྒྱན་བྱུང་། །
སྨྱུག་མ།
ཚིག། རུ་ཐོག་དམངས་གཞས།
དབྱངས། རུ་ཐོག་དམངས་གཞས།
གཞས་པ། རུ་ཐོག་ཕུན་ཚོགས་བཀྲ་ཤིས་དང་མེ་གླང་རྡོར་ཆུང་།
སྨྱུག་མ་སྐྱེས་ས་གཅིག་དང་གང་ལ་སྐྱེས། །
སྨྱུག་མ་སྐྱེས་ས་རྩ་རི་རོང་ལ་སྐྱེས་ཡ། །
སོ་་་་་་སྨྱུག་མ་སྐྱེས་ས་གཅིག་དང་འོ། །
གང་ལ་རེད་་་་་་སྨྱུག་མ་སྐྱེས་ས་རྩ་རི་རོང་ལ་སྐྱེས། །
སོ་་་་་་སྨྱུག་མ་བཅོད་བྱེད་གཅིག་དང་འོ། །
གང་ལ་རེད་་་་་་་སྨྱུག་མ་བཅོད་བྱེད་རྒྱ་གྲི་ཁམ་པའི་བཅོད། །
སོ་་་་་་སྨྱུག་མ་བཀལ་ས་གཅིག་དང་འོ། །
གང་ལ་རེད་་་་་་སྨྱུག་མ་སྐལ་ས་ཁྱུང་དཀར་མཛོ་ལ་བཀལ། །
སོ་་་་་་་སྨྱུག་མ་སྡམས་བྱེད་གཅིག་དང་འོ། །
གང་ལ་རེད་་་་་་སྨྱུག་མ་སྡམས་བྱེད་སྟོང་སྐུད་གསུམ་བྲིས་སྡམ། །
སོ་་་་་་ཁྱུང་དཀར་དེད་ས་གཅིག་དང་འོ། །
གང་ལ་དེད་་་་་་་ཁྱུང་དཀར་དེད་ས་གམ་པ་ལ་མོ་དེད། །
སོ་་་་་་སྨྱུག་མ་ཚོང་ས་གཅིག་དང་འོ། །
གང་ལ་རེད་་་་་་སྨྱུག་མ་ཚོང་ས་ལྷ་སའི་ཁྲོམ་ལ་ཚོང་། །
སོ་་་་་་སྨྱུག་མ་འགྲིམས་ས་གཅིག་དང་འོ། །
གང་ལ་རེད་་་་་་སྨྱུག་མ་འགྲིམས་ས་དབུས་གཙང་བོད་ལ་འགྲིམས། །
点分享