འདི་ནི་བོད་ཆོལ་ཁ་གསུམ་གྱི་རྩོམ་རིག་གླུ་གཞས་སོགས་བསྡུས་པའི་སྤྱི་སྟེགས་ཞིག་ཡིན། གལ་ཏེ་ཁྱེད་རང་གླུ་གཞས། རྩོམ་རིག དེ་མིན་ཤེས་བྱ་མཉམ་སྤྱོད་གནང་འདོད་ཚེ་འབྲོག་པའི་ཕྱོགས་བསྡུས་རིག་གནས་སྤྱི་སྟེགས་ལ་ཕེབས་དང་རང་ནུས་ཀྱི་འབད་པར་བྱའོ།
གཞས་ཚིག
སེམས་གཏམ་ཕྲ་མོ།
ཚིག བྲེ་སེར་འབྲོང་།
དབྱངས། ཡེ་ཕུན།
གཞས་པ། བློ་བཟང་དོན་གྲུབ།
འཛུམ་ཞལ་སེམས་ཀྱི་མེ་ཏོག །
བདག་བློ་ཤོར་སའི་རྒྱུ་རེད། །
དྲང་ལྡན་འབྲོག་མོའི་མཛེས་པ། །
འབྲོག་ཕྲུག་ཡིད་དབང་འཕྲོག་སོང་།
སེམས་པ་ཨ་འགྲིག་ཆ་འགྲིག །
ཡིད་ཆེས་བཀྲ་ཤིས་རྟག་བརྒྱད། །
དུང་སེམས་འོ་མཚོ་རང་འཁྱིལ། །
འགྱུར་མེད་པ་ཏྲའི་རི་མོ། །
དམར་ཆུང་སྙིང་གི་དཀྱིལ་ལ། །
དྲོད་ཐིག་བཀྲ་ཤིས་རི་མོ། །
བར་མེད་རྟག་ཏུ་གནས་ན། །
དགའ་བ་ཁྲི་ལོར་སྨོན་ནོ། །
བརྩེ་བ་ཡིད་སེམས་མཐུན་ནས། །
གཞུང་དྲང་བློ་ཞིག་ཁྱེར་ནས།
དུང་སེམས་དར་དཀར་བདུད་པ། །
ནམ་ཡང་འཕྲོད་ཐབས་ཅི་ཡོད། །
点分享