འདི་ནི་བོད་ཆོལ་ཁ་གསུམ་གྱི་རྩོམ་རིག་གླུ་གཞས་སོགས་བསྡུས་པའི་སྤྱི་སྟེགས་ཞིག་ཡིན།
གལ་ཏེ་ཁྱེད་རང་གླུ་གཞས། རྩོམ་རིག དེ་མིན་ཤེས་བྱ་མཉམ་སྤྱོད་གནང་འདོད་ཚེ་
འབྲོག་པའི་ཕྱོགས་བསྡུས་རིག་གནས་སྤྱི་སྟེགས་ལ་ཕེབས་དང་རང་ནུས་ཀྱི་འབད་པར་བྱའོ།
ཤར་ཕྱོགས་པོ་ཏ་ལ།
东方布达拉
ཚིག མངའ་རིས་དམངས་གཞས།
词:阿里民歌
དབྱངས། མངའ་རིས་དམངས་གཞས།
曲:阿里民歌
གཞས་པ། ཤེར་བསྟན།
歌手:谢旦
ཤར་ཕྱོགས་པོ་ཏ་ལ་ནས། །
东方布达拉宫
སྒྲོལ་མའི་སྐུ་གཅིག་བཞེངས་ཡོད། །
有尊度母塑像
སྒྲོལ་མའི་འཛུམ་ཞལ་དཀར་པོ། །
度母慈悲容颜
ཕྱག་འཚལ་ཁང་ནས་མཇལ་བྱུང་། །
于那圣殿觐见
ཤར་ཕྱོགས་ལ་སྤྲིན་བཟང་དཀར་པོ། །
东方那朵白云
མ་མོའི་བལ་ལས་འཇམ་པ། །
堪比柔软羊毛
སངས་རྒྱས་འཁྲུངས་སའི་སྐུ་ལ། །
织成庄严法衣
ན་བཟའ་རེ་རེ་འབུལ་ཡོད། །
献于尊尊佛
སངས་རྒྱས་འཁྲུངས་སའི་སྐུ་ལ། །
织成庄严法衣
ན་བཟའ་རེ་རེ་འབུལ་ཡོད། །
献于尊尊佛
མ་མོ་ལ་རི་ལ་བཏང་ཡོད། །
母羊远在山间
ལུ་གུ་ལྷས་ལ་བསྐོར་ཡོད། །
羊羔栖于羊圈
ལུག་རྫི་བྱང་ཆུབ་སེམས་པ། །
祈求慈悲牧人
ལུ་གུ་མ་མོར་སྤྲོད་རོགས། །
使其母子相聚
ཉིན་མོ་ལ་ཉི་མ་དྲིན་ཆེ། །
昼日太阳庄严
མཚན་མོ་ཟླ་བ་དྲིན་ཆེ། །
夜里皎月当空
བུ་ཆུང་ང་གནས་གསུམ་བསྐོར་དུས། །
对于流浪之人
གནས་ཚང་ཨ་མ་དྲིན་ཆེ། །
感恩借宿阿妈
བུ་ཆུང་ང་རང་གནས་གསུམ་བསྐོར་དུས། །
对于流浪之人
གནས་ཚང་ཨ་མ་དྲིན་ཆེ། །
感恩借宿阿妈
ཉིན་མོ་ལ་ཉི་མ་དྲིན་ཆེ། །
昼日太阳庄严
མཚན་མོ་ཟླ་བ་དྲིན་ཆེ། །
夜里皎月当空
བུ་ཆུང་ང་གནས་གསུམ་བསྐོར་དུས། །
对于流浪之人
གནས་ཚང་ཨ་མ་དྲིན་ཆེ། །
感恩借宿阿妈
བུ་ཆུང་ང་རང་གནས་གསུམ་བསྐོར་དུས། །
对于流浪之人
གནས་ཚང་ཨ་མ་དྲིན་ཆེ། །
感恩借宿阿妈
点分享