དབེན་པའི་གྲོགས་ངན། གཙང་སྤྲུལ།

文化   2024-05-22 00:12   西藏  


  

དབེན་པའི་གྲོགས་ངན།།

ཕ་ཡུལ་སྤངས་ནས་མི་ཡུལ་གནས་དགོན་ཤོར།།

གང་དུ་གནས་ཀྱང་རྣམ་གཡེངས་ལམ་ལ་ཤོར།།

ཐོས་བསམ་བསྒོམ་གྱི་བྱ་བ་དགྲ་ལ་ཤོར།།

ཁ་པར་དེ་ནི་དབེན་པའི་གྲོགས་ངན་ཡིན།།


དབེན་པ་བསྟེན་ཀྱང་ཉོན་མོངས་ནང་ནས་འཕེལ།།

གཅིག་པུར་གནས་ཀྱང་དུག་གསུམ་ལག་ནས་འཕེལ།།

ཕྱི་ལ་ཐོ་བཞག་ནང་ནས་རྣམ་རྟོག་འཕེལ།།

ཁ་པར་དེ་ནི་དབེན་པའི་གྲོགས་ངན་ཡིན།།


གྲོགས་ངན་ཕྱི་ནས་བྲལ་ཀྱང་ནང་དུ་གབ།།

ལུས་ངག་དབེན་ཀྱང་སེམས་ནི་མི་དབེན་རྒྱུ།།

རྣམ་རྟོག་མ་སྐྱེ་སྐྱེས་པ་ཆུ་ལྟར་འཁྲུགས།།

ཁ་པར་དེ་ནི་དབེན་པའི་གྲོགས་ངན་ཡིན།།


རང་གི་མཆེད་ལྕམ་གྲོགས་ཀྱི་བཟའ་ཟླ་དང་།།

སྦྱིན་བདག་ཁྱིམ་སོགས་མཛེས་པའི་གཟུགས་སྒྲ་ལ།།

ཆགས་སེམས་སློང་མཁན་ཆོས་མིན་སྟོན་པ་པོ།།

ཁ་པར་དེ་ནི་དབེན་པའི་གྲོགས་ངན་ཡིན།།


དབེན་པར་སྡོད་པ་མི་གཙོ་སྡོད་ཚུལ་གཙོ།།

ཆོས་པའི་གཟུགས་ཀྱི་ཆོས་མིན་བྱ་བར་གཡེངས།།

ལུས་པོ་དགེ་ཡང་བསམ་པ་མི་དགེ་རྒྱུ།།

ཁ་པར་དེ་ནི་དབེན་པའི་གྲོགས་ངནཡིན།།


དགའ་བའི་ཕྱོགས་ལ་འདོད་ཞེན་ཆགས་པ་སྐྱེས།།

མི་དགའི་ཕྱོགས་ལ་ཞེ་སྡང་ཁོང་ཁྲོ་ཟ།།

ཁ་པར་ལམ་ནས་ཉོན་མོངས་ཆགས་སྡང་སློང་།།

ཁ་པར་དེ་ནི་དབེན་པའི་གྲོགས་ངན་ཡིན།།


བསྟན་དགྲ་ཕྱི་ནས་མི་ཡོང་ནང་ནས་འབྱུང་།།

བར་ཆད་ཕྱི་ནས་མི་གཏོང་ནང་ནས་གཏོང་།།

དམ་སྡོམ་གཟུགས་ཅན་མ་ཤོར་གཟུགས་མེད་ཤོར།།

ཁ་པར་དེ་ནི་དབེན་པའི་གྲོགས་ངན་ཡིན།།


དབེན་པའི་སྦུག་ན་གསང་བའི་ཨང་གྲངས་མཚར།།

དབེན་པའི་སྦུག་ན་གསང་གཏམ་ཡིག་ཆུང་མཚར།།

དབེན་པའི་སྦུག་ན་གསང་བའི་བརྙན་དཔར་མཚར།།

ཁ་པར་དེ་ནི་དབེན་པའི་གྲོགས་ངན་ཡིན།།


བསྐྱེད་རྫོགས་ལམ་ནས་ཁ་འདོན་གྲངས་བསོགས་ཀྱང་།།།

གཏན་ཆ་མ་ཐོབ་ཡང་ཡང་ཁ་པར་བསྐྱེད།།

ཞི་གནས་ལྷག་མཐོང་གསལ་སྟོང་གནས་ཆ་ཤོར།།

ཁ་པར་དེ་ནི་དབེན་པའི་གྲོགས་ངན་ཡིན།།


ལྟོས་ཤིག་་ལྟོས་ཤིག་མ་གཡེངས་ཁ་པར་ལྟོས།།

བལྟ་བཞིན་བལྟ་བས་གཟུགས་སྒྲ་སྣང་བའི་གར།།

སྣ་ཚོགས་སྣང་བ་ཟད་མེད་འཁྲུལ་སྣང་དེ།།

ཆུ་ཟླའི་རྫུན་རིས་འདྲ་འམ་མི་འདྲ་སོམས།།


ཞེན་ཅིང་ཆགས་པའི་དགའ་སྡུག་བླང་དོར་དེར།།

སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་བའི་ངོ་།།

བལྟ་བྱ་ཁ་པར་བལྟ་མཁན་རང་སེམས་གཉིས།།

གཅིག་གམ་གཉིས་སུ་དེ་གཉིས་བར་ལ་ལྟོས།།


ཅི་ཡང་མ་མཐོང་མ་བསམ་རང་སེམས་ལྟོས།།

གཟུགས་སྒྲའི་འཕྲུལ་སྣང་སེམས་ཀྱི་རང་གདངས་ལས།།

ཁ་པར་ཞེས་བྱ་མཚན་མ་ཡོད་མེད་ལྟོས།།

བལྟས་པས་མ་མཐོང་དྲན་པའི་ངོ་དེ་སྐྱོངས།།


མཐོང་ཐོས་བག་ཆགས་དུག་ལྔའི་རྟོག་ཚོགས་རྣམས།།

སྔོན་བསུ་རྗེས་མེད་རྒྱ་ཡན་ངང་ལ་ཐོངས།།

སླར་ཡང་སྣང་ཡང་བདག་འཛིན་བྲལ་བ་ཡིས།།

སྣང་གྲགས་དྲན་རྟོགས་དབེན་པའི་ཉམས་ལེན་མཛོད།།    

ཞེས་གཙང་བཙུན་སྨོན་ལམ་བཟང་པོས་དབེན་པའི་གནས་ནས་རང་གི་རང་ལ་གདམས་པའོ། ༢༠༢༠

ཁྱེད་ཉིད་ནས་དོ་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ།།

感谢您的关注和支持

འཕྲིན་སྟེགས་སུ་ནོར་འཁྲུལ་ཤོར་བ་འམ་ཡང་ན་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་གནང་རོགས།

དམ་ཆོས་སྣང་གསལ་སྒྲོན་མེའི་མཛད་པ་པོའི་ལོ་རྒྱུས་མདོར་བསྡུསཞ ༡

ཕན་བདེའི་ལམ་སྟོན། སྟོད་ཆ། ༢

ཕན་བདེའི་ལམ་སྟོན། སྨད་ཆ། ༣

དྲི་བ་དྲིས་ལན།  ༤

སྔོན་འགྲོའི་སྐོར། ༥

ཁྲིད་ཉན་པའི་ཚུལ། ༦ 

དལ་འབྱོར་རྙེད་པར་དཀའ་བའི་སྐོར། ༧

འཆི་བ་མི་རྟག་པའི་སྐོར། ༨ 

འཁོར་བའི་ཉེས་དམིགས་ཀྱི་སྐོར། ༩ 

ཡི་དྭགས་ཀྱི་སྐོར། ༡༠

དུད་འགྲོའི་སྐོར། ༡༡

མིའི་སྐོར། ༡༢

ལྷ་མ་ཡིན་གྱི་སྐོར། ༡༣ 

ལྷའི་སྐོར། ༡༤ 

ལས་རྒྱུ་འབྲས་ཀྱི་སྐོར། ༡༥

བཤེས་གཉེན་བསྟན་པའི་སྐོར། ༡༧

ཐུན་མིན་ནང་གི་སྔོན་འགྲོ། ༡༨

སྐྱབས་འགྲོའི་སྐོར། ༡༩ 

སེམས་བསྐྱེད་ཀྱི་སྐོར། ༢༠

ཕྱག་འཚལ་བའི་སྐོར། ༢༡

མཆོད་པའི་སྐོར། ༢༢ 

སྐོར་བའི་སྐོར། ༢༣ 

སྡིག་པ་བཤག་པའི་སྐོར། ༢༤ 

བདེ་བ་ཅན་གྱི་རྒྱུ་བཞིའི་སྐོར།༢༥


牧人综合文化平台
འབྲོག་པའི་ཕྱོགས་བསྡུས་རིག་གནས་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུའོ། 此处可以阅读藏文化和民俗知识、享受新歌曲、您对这个平台有什么宝贵意见希望您能第一时间发给我们、谢谢
 最新文章