འདི་ནི་བོད་ཆོལ་ཁ་གསུམ་གྱི་རྩོམ་རིག་གླུ་གཞས་སོགས་བསྡུས་པའི་སྤྱི་སྟེགས་ཞིག་ཡིན། གལ་ཏེ་ཁྱེད་རང་གླུ་གཞས། རྩོམ་རིག དེ་མིན་ཤེས་བྱ་མཉམ་སྤྱོད་གནང་འདོད་ཚེ་འབྲོག་པའི་ཕྱོགས་བསྡུས་རིག་གནས་སྤྱི་སྟེགས་ལ་ཕེབས་དང་རང་ནུས་ཀྱི་འབད་པར་བྱའོ།
ལྡེ་མིག།
ཚིག དམངས་གཞས།
དབྱངས། དམངས་གཞས།
ལེན་མཁན། བསམ་འཕེལ་དོན་གྲུབ།
བཀའ་དང་་བསྟན་འགྱུར་་དང་འབུམ་དང་གསུམ།།
སངས་རྒྱས་ཆོས་སྒོ་ཕྱེ་པའི་ལྡེ་མིག་ཡིན།།
སངས་རྒྱས་ཆོས་སྒོ་ཕྱེ་བའི་ལྡེ་མིག།
རྩིས་དང་རིག་པ་གཞུང་དང་གསུམ།།
མཁས་པ་བློ་སྒོ་ཕྱེ་བའི་ལྡེ་མིག་ཡིན།།
མཁས་པ་བློ་སྒོ་ཕྱེ་བའི་ལྡེ་མིག་ཡིན།།
གསེར་དང་དངུལ་དང་ཟངས་དང་གསུམ།།
ཕྱུག་པོ་ནོར་སྒོ་ཕྱེ་བའི་ལྡེ་མིག་ཡིན།།
ཕྱུག་པོ་ནོར་སྒོ་ཕྱེ་བའི་ལྡེ་མིག་ཡིན།།
ཕྱུག་པོ་ནོར་སྒོ་ཕྱེ་བའི་ལྡེ་མིག་ཡིན།།
ཕྱུག་པོ་ནོར་སྒོ་ཕྱེ་བའི་ལྡེ་མིག་ཡིན།།
点分享