ངན་དགུ་བཟློག་པའི་མན་ངག་ཟབ་མོ། བརྒྱུད་སྤེལ་གང་མང་གནང་རོགས།
文化
音乐
2025-01-05 08:29
青海
ངན་དགུ་བཟློག་པའི་མན་ངག་ཟབ་མོ།
བརྒྱུད་སྤེལ་གང་མང་གནང་རོགས།བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ།སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། རྒྱ་གར་སྐད་དུ། བྷ་ག་ཝ་ཏི་ཛྙཱ་པ་ར་མི་ཏ་ཧྲི་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་དེས། ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤྭ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཤཱ་རིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་། རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས། མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་མངོན་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས།སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་ཕྱིར་ག་ཏེ་ཁོ་ར་སི་ག་ཏེ་བོ་དྷི་སྭཱ་ཧཱ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ་རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤྭ་རིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཤེས་རབ་སྙིང་པོ་རྫོགས་སོ། ། ན་མོ་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བདག་གི་བདེན་པའི་ཚིག་རྣམས་འགྲུབ་པར་གྱུར་ཅིག ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས། བདུད་སྡིག་ཅན་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་པ། དེ་བཞིན་དུ་བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས། བདུད་སྡིག་ཅན་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག མེད་པར་གྱུར་ཅིག ཞི་བར་གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག ཅེས་པའི་མཇུག་ཏུ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན།།སྤྲོས་པ་ཉེར་ཞི་ཞི་སྟོན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །ཧཱུྃཿ གཞི་དབྱིངས་འགྱུར་མེད་ཆོས་སྐུའི་ཀློང་ཡངས་ནས། ། རྩལ་སྣང་མ་འགགས་རྡོ་རྗེ་ཕུར་བའི་ལྷ། །དབྱིངས་རིག་དབྱེར་མེད་གཏོར་མ་འདི་བཞེས་ལ། །འཁྲུལ་སྣང་ནད་གདོན་དགྲ་བགེགས་དབྱིངས་སུ་བཟློག །སྨྲ་བའི་སེང་གེས་བདག་རྒྱུད་བྱིན་གྱིས་རློབས། །སྲི་ཀེག་ཐན་ལྟས་ངན་པ་བསྒྱུར་དུ་གསོལ། །རྒྱལ་པོའི་ཆད་པ་ཕས་ཀྱི་འཇིགས་པ་སོགས། །མཚང་འབྲུ་རྩོད་དང་རྒོལ་བ་བཟློག་ཏུ་གསོལ། །སེང་གདོང་མའི་བཟློག་བསྒྱུར།དཔལ་ལྡན་རྡོ་རྗེའི་ལྷ་མོ་ནི། དྲག་མོ་སེང་གེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ། སེང་གེའི་གདོང་ཅན་ལྷ་མོར་འདུད། ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཁྱོད་ཀྱི་རིགས་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་བཅོད་པའི་རྐྱེན། མདོར་ན་བཀྲ་མི་ཤེས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། དགྲ་བགེགས་དག་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཁྱོད་ཀྱི་རིགས་སྔགས་བཟླས་པའི་མཐུས། །གནོད་བྱེད་མ་ལུས་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །ཧཱུྃ། རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ། རྡོ་རྗེ་མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་པོས་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ། ཀུན་ནས་བདག་ཅག་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ལ་ཉིན་དང་མཚན་དུ་བསྲུང་དུ་གསོལ། ཏདྱ་ཐཱ། ཨོཾ་ཨ་ན་ལེ། ཨ་ན་ལེ། བི་ཥ་དེ། བི་ཥ་དེ། བཻ་ར་བཻ་ར། བཛྲ་དྷ་ར་ནི། བྷནྡྷ་བྷནྡྷ་ནི། བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཧཱུྃ་དྲུཾ་བྷནྡྷ་ཕཊ། མ་མ་རཀྵ་རཀྵ་སྭཱ་ཧཱ། བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་མནན་པ་དང་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། མནན་པ་དང་བཅིངས་པ་དང་བསྡམས་པ་ཐམས་ཅད་སརྦ་ཨཱ་པཱ་ན་ཡེ་སྭཱ་ཧཱ། ཞི་བ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་བར་དེ་རབ་བདུན་འབྲིང་ལྔ། ཐ་མ་ཚར་གསུམ་ཙམ་བརྗོད་པའི་རྗེས། སྙིང་པོ་དང་ནི་ཉེ་སྙིང་སྔགས་འདི་གཉིས།། རང་གིས་གང་མོས་བསྙེན་པ་ཅི་འགྲུབ་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་ཧཱུྃ་ཕཊ། ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ། སྙིང་པོའོ།། ཨོཾ་མ་མ་ཧཱུྃ་ནི་སྭཱ་ཧཱ། ཉེ་བའི་སྙིང་པོའོ།། བྷྱོ། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས།། མཐུ་སྟོབས་ཐོགས་པ་མི་མངའ་ཞིང་།། ཐུགས་རྗེའི་སྨོན་ལམ་མཐུ་བཙན་པས།། བདག་གིས་གསོལ་བ་བཏབ་པ་བཞིན།། སངས་རྒྱས་བསྟན་པ་དར་བ་དང་།། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག། རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི།། ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ།། རྨི་ལམ་མཚན་མ་ངན་པ་ཟློག། རྟགས་དང་རྟེན་འབྲེལ་ངན་པ་ཟློག། དགྲ་འདྲེའི་བསམ་སྦྱོར་ངན་པ་ཟློག། ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག། ནད་རིགས་བཞི་བརྒྱ་རྩ་བཞི་ཟློག། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག། དུས་མིན་འཆི་བ་རྣམ་བརྒྱད་ཟློག། ཡས་ཀྱི་བདུད་དུ་གཡོས་པ་ཟློག། མས་ཀྱི་སྲི་རུ་ལངས་པ་ཟློག། དཔྲལ་བའི་གཤེད་དུ་བསྐོས་པ་ཟློག། ཕ་མའི་དུར་སྲི་ལངས་པ་ཟློག། མི་ལ་ནད་དུ་གཏོང་བ་ཟློག། ཕྱུགས་ལ་གོད་ཁ་བྱེད་པ་ཟློག། གནམ་གྱི་དལ་ཁ་ཐེབས་པ་ཟློག། ས་ཡི་དུག་མདའ་གཡོས་པ་ཟློག། མས་ཀྱི་སྲི་རུ་ལངས་པ་ཟློག། དཔྲལ་བའི་གཤེད་དུ་བསྐོས་པ་ཟློག། ཕ་མའི་དུར་སྲི་ལངས་པ་ཟློག། མི་ལ་ནད་དུ་གཏོང་བ་ཟློག། ཕྱུགས་ལ་གོད་ཁ་བྱེད་པ་ཟློག། གནམ་གྱི་དལ་ཁ་ཐེབས་པ་ཟློག། ས་ཡི་དུག་མདའ་གཡོས་པ་ཟློག། སྨེ་བ་སྤར་ཁ་ངན་པ་ཟློག། སྐེག་དང་ཕུང་སྲི་ལངས་པ་བཟློག་ཏུ་གསོལ།། ཅེས་པ་འདི་གྲུབ་ཆེན་ལས་ཀྱི་རྡོ་རྗེས་མཛད་པའོ།། བདེ་གཤེགས་ཐུགས་རྗེས་གཙུག་ཏོར་ལས་འཁྲུངས་ཞིང་།། བདེ་འབྱུང་བསྟན་ལ་གནོད་བྱེད་ཚར་བཅད་ནས།། བདེ་ལེགས་འབྲས་བུ་ཉེ་བར་སྩོལ་མཛད་པའི།། བདེ་མཆོག་གདུགས་དཀར་ཅན་གྱི་བཀྲ་ཤིས་ཤོག།མི་ཁ་དགྲ་བཟློག།
རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ལྗང་གུ་འཕྲོས་པས་གཏམ་ངན་མི་ཁ་ཐམས་ཅད་བཟློག་པར་གྱུར། ཨོཾ་ཨཱཿ ཧུར་ཐུམ་མི་ཁ་གཏམ་ངན་ཐམས་ཅད་བཟློག། རི་ལི་རི་ལི། ཨོཾ་མ་ཧཱ་དྷེ་ལ་དགྲ་བོ་ཎྲྀ་ཏྲི་ནི་སྲོག་ལ་རྦད་ཆོད། བྷྱོ་མི་ཁ་ངན་པ་བསྒྱུར། མི་ཁ་ངན་པ་དགྲ་བོ་མཱ་ར་ཡ། ཐུཾ་ཐུཾ། ཤིག་ཤིག། རྦད་རྦད་དྲིལ་དྲིལ། བྷྱོ་བྷྱོ་བཟློག་བཟློག། བརྒྱ་ཡི་མི་ཁ་བཟློག སྟོང་གི་ཁ་མཆུ་བཟློག བརྒྱ་ཁ་ཡེར་ཡེར་བཟློག སྟོང་ཁ་མེར་མེར་བཟློག ནད་སྣ་བཟློག ཡཾ་སྣ་བཟློག དགྲ་སྣ་བཟློག གྱོད་སྣ་བཟློག གདོན་སྣ་བཟློག རྐུན་སྣ་བཟློག དམག་སྣ་བཟློག ཉི་མ་ཕྱོགས་བཞི་མཚམས་ཀྱི་མི་ཁ་གཏམ་ངན་ཐམས་ཅད་བཟློག ངན་སེམས་ཚུར་ལ་འཆང་བའི་དགྲ་བོ་ཐམས་ཅད་རྦད་རྦད། དྲིལ་དྲིལ། ཐུཾ་ཐུཾ། ཤིག་ཤིག བྷྱོ་བྷྱོ། བཟློག་བཟློག། བྷྱོ་བཟློག་ཅིག།