དགུན་ཉི་ལྡོག་དང་ུ་དུས་ཆེན།
བསམ་ལྷུན་བསྡུས་པ་ནི།
སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །མི་མཐུན་འགལ་རྐྱེན་བར་ཆད་ཞི་བ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །མི་མཐུན་འགལ་རྐྱེན་བར་ཆད་ཞི་བ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །མཁྱེན་བརྩེ་ནུས་ལྡན་གུ་རུ་རིན་པོ་ཆེ། །ཉམ་ཐག་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བསླུ་མེད་རྡོ་རྗེའི་ཞལ་བཞེས་ཇི་བཞིན་དུ། །བདེན་པའི་བྱིན་རླབས་མངོན་སུམ་སྩལ་དུ་གསོལ། ། ༈ དཔལ་ལྡན་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །པདྨ་ལས་འཁྲུངས་འཆི་མེད་ཡེ་ཤེས་སྐུ། །སྣང་སྲིད་ཟིལ་གནོན་རིག་འཛིན་ཀུན་གྱི་རྗེ། །ཆེ་མཆོག་པདྨ་རྒྱལ་པོར་ཕྱག་འཚལ་ལོ། །
འབྲེལ་ཡོད་ལེ་ཚན།