མཚོ་སྔོན་པོ། གཞས་ཚིག འཇུ་སྐལ་བཟང་། གཞས་པ། བསྟན་འཛིན་ཚེ་རིང་།

文化   2024-12-21 08:45   青海  

མཚོ་སྔོན་པོ།

གཞས་ཚིག འཇུ་སྐལ་བཟང་།
དབྱངས། བདེ་སྐྱིད།
གཞས་པ། བསྟན་འཛིན་ཚེ་རིང་།

སྔོ་ལྟེམ་མེར་འཁྱིལ་ན་སྐྱིད་ཅིག་རེད། །
མཐའ་མེ་ཏོག་རྒྱས་ན་ཡང་སྐྱིད་རེད། །
མཚོ་རྦ་རླབས་འཁྲུགས་ན་སྐྱོ་བ་ལ། །
སེམས་ཆགས་སྡང་འཁྲུགས་ན་ཡང་སྐྱོ་རེད། །
རྫ་ལ་ཁའི་སྨུག་པ་འཐིབས་འཇོག་གི། །
འཐིབས་འཐིབས་ཀི་བར་ནས་དྭངས་འགྲོ་གི། །
ལམ་ལོ་རྒྱུས་ཤེས་ནས་མ་རེད་མོད། །

ང་བུ་ཆུང་ཞི་ལུ་སེམས་ཆུང་རེད། །
སེམས་དྭངས་རྒྱུ་མེད་ནོ་སྡུག་ཅིག་རེད། །
མཚོ་སྔོན་པོ་ཨེ་མ་མཚོ་སྔོན་པོ། །
མཚོ་སྔོན་པོར་བསྟོད་གླུ་ལེན་གི་ཉིན། །
ང་སྐྱིད་ཀྱིན་ཡོད་ལ་སྐྱོ་བཞིན་ཡོད། །

མཚོ་མཛེས་བརྗིད་ཆེ་ན་སྐྱིད་ཅིག་རེད། །
གཡང་བོད་ལ་འཁོར་ན་ཡང་སྐྱིད་རེད། །
མཚོ་དར་ཁ་འཁྲིགས་ན་སྐྱོ་བ་ལ། །
སེམས་འཁྱགས་པས་བསྡམས་ན་ཡང་སྐྱོ་རེད། །

དགོང་ཡ་གིའི་ཆར་ཆུ་འབབ་འཇོག་གི། །
བབས་བབས་ཀི་མཚམས་ནས་དྭངས་འགྲོ་གི།
ཕྱིས་མ་འོངས་གཟིགས་ནས་མ་རེད་མོད། །
ང་བུ་ཆུང་ཞི་ལུ་སེམས་ཆུང་རེད། །
སེམས་དྭངས་རྒྱུ་མེད་ནོ་སྡུག་ཅིག་རེད། །

མཚོ་སྔོན་པོ་ཨེ་མ་མཚོ་སྔོན་པོ། །
མཚོ་སྔོན་པོར་གཡས་སྐོར་བྱེད་ཀི་ཉིན། །
ང་སྐྱིད་ཀྱིན་ཡོད་ལ་སྐྱོ་བཞིན་ཡོད། །

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章