དེབ་འཕྲིན་དཔྱིད་ཀྱི་ཕོ་ཉ།
ཉེ་ཆར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཆ་རིས་སྐལ་བཟང་ཐོགས་མེད་ལགས་ཀྱིས་སྔ་ཕྱིར་མི་ལོ་སུམ་ཅུར་ཉེ་བའི་རིང་ལ་བསྒྲིགས་པའི«གསུང་རབ་བརྡ་འགྲེལ་ཚིག་མཛོད»ཅེས་པ་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། ཚིག་མཛོད་འདིར་མཚོན་ན་བསྡོམས་པས་ཐ་སྙད་ཉིས་ཁྲི་བཞི་བརྒྱ་ལྷག་དང་ཡིག་གྲངས་ཁྲི་སུམ་བརྒྱ་ཡས་མས་ཀྱི་བདག་ཉིད་ཅན་ཞིག་དང་། ཐ་སྙད་ཀྱི་ཡོང་ཁུངས་གཙོ་བོ་ནི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་བོད་འགྱུར་སྐོར་དང་། བོད་རང་གི་མཁས་པས་མཛད་པའི་གསུང་འབུམ་རྣམས་དང་། དེ་བཞིན་བོད་བརྒྱུད་ནང་བསྟན་དར་བའི་མི་རིགས་དང་ས་ཁུལ་གཞན་དག་ལས་ཀྱང་འབྲེལ་ཡོད་ཡིག་ཚང་གི་ཐ་སྙད་ཅི་ལྕོགས་ཀྱིས་བསྡུས་ཡོད་པ་ལས། མདོ་ཕྱོགས་ཀྱི་ཐ་སྙད་རྣམས་ནི། བསྡུས་གྲྭ་དང་། རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད། འདུལ་བ། བློ་སྦྱོང་། གྲུབ་མཐའ། ལམ་རིམ་སོགས་གཞུང་དཀའ་པོད་ལྔར་གྲགས་པའི་གཞུང་དོན་ཕྱོགས་གཏོགས་དང་བཅས་པ་གཞིར་བཟུང་སྟེ་བསྡུས་ཡོད་པ་དང་། སྔགས་ཕྱོགས་ཀྱི་ཐ་སྙད་རྣམས་ནི། རྒྱུད་སྡེ་བཞིའི་བརྗོད་བྱ་ཐུན་གཅིག་ཏུ་སྟོན་པའི་སྔགས་ཀྱི་སྤྱི་དོན་དང་། སྔགས་རིམ་ཆེན་མོ། སྔགས་ཀྱི་ས་ལམ། རྒྱུད་སྡེ་སོ་སོའི་བསྐྱེད་རྫོགས་སོགས་གཞིར་བཟུང་ཡོད་པ་དང་། དེའི་སྟེང་ལ་སྔར་ཡོད་བརྡ་དག་དང་ཚིག་མཛོད་གལ་ཆེན་གང་བྱུང་རྣམས་གཞིར་བྱས་ཐོག སྔར་བཙན་པོའི་སྐབས་སུ་བསྡུ་སྒྲིག་བྱས་པའི་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་དང་། དཀར་ཆག་ལྡན་དཀར་མ་དང་དཀར་ཆག་འཕང་ཐང་མ་སོགས་ལས་ཚིག་མཛོད་འདིར་མཁོ་བའི་ཐ་སྙད་དག་བདམས་བསལ་བྱས་ཤིང་། དེ་དག་ལས་སྔར་ཚིག་འགྲེལ་ཡོད་པ་རྣམས་ལ་ཁ་གསབ་དང་ཡང་ན་གོ་བདེར་བཏང་བ་དང་། ཚིག་འགྲེལ་མེད་པ་རྣམས་ལ་གསར་དུ་འགྲེལ་བ་གནང་སྟེ་སྒྲིག་རྩོམ་བྱས་ཡོད་དོ།།
ཆ་རིས་སྐལ་བཟང་
ཐོགས་མེད།
རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།
ཕྱིར་མིག
དེབ་འཕྲིན།
04 ༧རྗེ་རྒྱ་ནག་པའི་གསུང་རྩོམ་འགྲེམས་སྤེལ་མཛད་སྒོ།
05 ཨེ་ཉི་མ་ཚེ་རིང་གི་དེབ་གསར་འགྲེམས་སྤེལ་མཛད་སྒོ།
06 ཉྭ་ནག་པ་བ་རེས་ཀྱི་དེབ་གསར་འགྲེམས་བརྡ།
07 ལྷམ་ཀོག་དང་རེ་རྐང་གི་དེབ་གསར།
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག
འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག
རྩོམ་སྒྲིག་པ། རླུང་ནག་འཚུབ་མ།
འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།