ལོ་མཇུག་གི་སྤྱི་སྡོམ།
01
དེབ་ཕྲེང་འདི་ནི་ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་ཁག་གཉིས་པ་སྟེ། ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་ཁག་དང་པོའི་རྒྱུན་མཐུད་པ་ཞིག་གོ།
02
དེབ་ཕྲེང་ནི་ལུའུ་ཞུན་རྩོམ་རིག་བྱ་དགའི་བརྩམས་ཆོས་བོད་འགྱུར་དཔེ་ཚོགས་ཁག་དང་པོ་སྟེ། ལུའུ་ཞུན་རྩོམ་རིག་བྱ་དགའ་སྐབས་དང་པོ་ནས་གསུམ་པའི་བར་གྱི་སྒྲུང་འབྲིང་བཅུ་དགུ་ཡིས་གྲུབ་ཡོད་དོ།།
03
དེབ་ཕྲེང་ནི་སྨིན་དྲུག་དཔེ་ཚོགས་ལས་གློག་བརྙན་འཁྲབ་གཞུང་གི་དེབ་དྲུག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་པར་དུ་བསྐྲུན་པ་ཞིག་ཡིན་ལ། སྨིན་དྲུག་དཔེ་ཚོགས་ལས་རྩོོམ་ལུས་སྣ་མང་གི་རྒྱུན་སྲིང་པ་ཞིག་གོ།
04
དེབ་ཕྲེང་འདི་ནི་སྨིན་དྲུག་དཔེ་ཚོགས་ལས་རང་མོས་སྙན་ངག་གི་དེབ་དྲུག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་པར་དུ་བསྐྲུན་པ་ཞིག་ཡིན་ལ། སྨིན་དྲུག་དཔེ་ཚོགས་ལས་རྩོོམ་ལུས་སྣ་མང་གི་རྒྱུན་སྲིང་པ་ཞིག་གོ།
05
དེབ་ཕྲེང་འདི་ནི་ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ་ལས༢༠༢༢ལོའི་སྒྲུང་ཐུང་དང་། སྒྲུང་འབྲིང་། སྙན་ངག ལྷུག་རྩོམ་བཅས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན་ལ། ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས་ཀྱི་རྒྱུན་སྲིང་པ་ཞིག་གོ།
06
དེབ་ཕྲེང་འདི་ནི་དུས་རབས་གསར་པའི་ཀན་ལྷོའི་རྩོམ་རིག་བརྩམས་ཆོས་གཅེས་བཏུས་ཏེ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་ཞིག་གོ།
07
དེབ་ཕྲེང་འདི་ནི་སྨན་བླ་སྐྱབས་ཀྱི་བྲིས་རྩོམ་གཅེས་བཏུས་ཏེ། སྙན་ངག་དང་ལྷུག་རྩོམ། གཞས་ཚིག འཁྲབ་གཞུང་། གར་ཆུང་། ཁ་ཤགས་བཅས་དེབ་དྲུག་གི་བདག་ཉིད་ཅན་ཏོ།།
01
དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་གྱིས«བོད་ཀྱི་རྩོམ་རིག་དང་མི་རིགས་གཞན་གྱི་རྩོམ་རིག་དབར་གྱི་འབྲེལ་བ»ཞེས་པ་བརྗོད་གཞིར་བཟུང་སྟེ་འཆད་ཁྲིད་སྤེལ།
02
འབུམ་རམས་པ་ར་ས་བསྟན་འཛིན་ཆོོས་གྲགས་ཀྱིས«བོད་ཀྱི་རྩོམ་རིག་མཛེས་རྟོག་བསམ་བློའི་བྱུང་འཕེལ་ཐད་ཀྱི་བསམ་གཞིག»ཞེས་པ་བརྗོད་གཞིར་བཟུང་སྟེ་འཆད་ཁྲིད་སྤེལ།
03
འབུམ་རམས་པ་དཔལ་ལྡན་རྒྱ་མཚོས«དེང་རབས་བོད་རིགས་བུད་མེད་རྩོམ་པ་པོའི་རྩོམ་རིག་གསར་རྩོམ་དང་འཕེལ་ཕྱོགས»ཞེས་པ་བརྗོད་གཞིར་བཟུང་སྟེ་འཆད་ཁྲིད་སྤེལ།
04
འབུམ་རམས་པ་ཆོས་སྐྱོང་གིས«གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ཅེས་པའི་མཚན་དོན་དང་སྒྲིག་གཞི། ཚིག་རྒྱན་སོགས་ཀྱི་ཁྱད་ཆོས་ལ་གསར་དུ་དཔྱད་པ»ཞེས་པ་བརྗོད་གཞིར་བཟུང་སྟེ་འཆད་ཁྲིད་སྤེལ།
01
སྐབས་བཅུ་གཅིག་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གནས་ཚུལ།
02
སྐབས་བདུན་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའི་གནས་ཚུལ།
03
| སྐབས་བཞི་པའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའ་ཐོབ་པའི་མཇུག་འབྲས།
|| སྐབས་དྲུག་པའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་གྱི་བྱ་དགའ་ཐོབ་པའི་མཇུག་འབྲས།
04
| སྐབས་དང་པོའི་རྨ་གཡང་རྟགས་མའི་བོད་ཀྱི་ལྷུག་རྩོམ་འགྲན་སྡུར་གྱི་བྱ་དགའ་ཐོབ་པའི་མཇུག་འབྲས།
|| སྐབས་དང་པོའི་མཚོ་སྔོན་པོ་དྲ་བ་རྟགས་མའི་སྒྱུར་རྩོམ་འགྲན་སྡུར་གྱི་བྱ་དགའ་ཐོབ་པའི་མཇུག་འབྲས།
01
དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་རྩོམ་རིག་དཔྱད་བརྗོད་དང་རིག་གཞུང་དེབ་ཀྱི་པར་གཞི་གསར་པ།
02
| དེབ་འདིར་བརྩམས་ཆོས་བྱེ་བྲག་པ་རེ་རེ་དམིགས་སུ་བཟུང་སྟེ་གཟུར་གནས་དྲང་གཞག་གི་དཔྱད་གཏམ་སྤེལ་ཡོད་པ་མ་ཟད། དགག་སྒྲུབ་ཀྱི་ཆ་ནས་སྔ་ན་མེད་པའི་དགེ་མཚན་མངོན་ཡོད།
|| དེབ་འདིར་དེང་རབས་སྙན་ངག་གི་ཞལ་རས་གསལ་བའི་ཆ་ནས་ལྕགས་རྡོར་རྒྱལ་གྱི«བོད་ཀྱི་དེང་རབས་སྙན་ངག་རིག་པ»དང་འདྲ་བའི་ཆ་ཡོད་ལ་གནའ་དེང་ཟུང་འཇུག་གི་ཆ་ནས་མི་འདྲ་བའི་ཆ་ཡང་མང་པོ་ཡོད།
||| དེབ་འདི་ནི་བོད་ཀྱི་རྩོམ་གཞུང་སྟེ«སྙན་ངག་མེ་ལོང»གི་རྒྱུན་ཡང་ཡིན་ལ་མཐོངས་ཀྱང་ཡིན། དེ་མིན། རྒན་བཀྲ་བྷ་ལགས་ཀྱིས་གསུངས་པ་ལྟར། རང་ལ་ཅི་ཞིག་ཡོད་པ་སྟོན་པའི་དེབ་ཅིག་ཀྱང་ཡིན།
03
| དེབ་འདི་ནི་བོད་ཀྱི་ནང་བསྟན་རྩོམ་རིག་ནས་དེང་ད་རྩོམ་རིག་གི་བསམ་བློའི་རྒྱུན་འཚོལ་བའི་དེབ་ཅིག་སྟེ། ཁྱད་ཆོས་གཙོ་བོ་རྩོམ་རིག་གི་གཏན་གྱི་འདུན་མའི་ཆ་ལ་བཞག་ཡོད།
|| དེབ་འདི་རང་གྲོལ་ཞིབ་འཇུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། རང་གྲོོལ་མི་ཚེ་བསྐྱར་བརྟགས་ཀྱི་མཐའ་མའི་སྡོམ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།
||| དེབ་འདི་ནི་བོད་ཀྱི་རྩོམ་གཞུང་སྟེ«སྙན་ངག་མེ་ལོང»ཞིབ་འཇུག་གི་དེབ་ཅིག་ཡིན་ལ། ཁྱད་ཆོས་གཙོ་བོ་ཚིག་རྒྱན་དང་རྩོམ་རིག་མཛེས་ཚོར་གཉིས་ཀྱི་ཆ་ལ་བཞག་ཡོད།
01
(2014-2024)
«ཁ་བཏགས་དཀར་པོ»དབུ་བརྙེས་ནས་ལོ་འཁོར་བཅུ་ལོན་པ།
02
(1984-2024)
«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»དབུ་བརྙེས་ནས་ལོ་འཁོར་བཞི་བཅུ་ལོན་པ།
03
| ཟློས་གར་འཁྲབ་གཞུང«སུ་རུའི་མེ་ཏོག»དང«མགོན་པོ་བཀྲ་ཤིས་ཀྱི་སྙན་ངག་ཕྱོོགས་བསྒྲིགས»སོགས་རྩོམ་པ་པོ། དེང་རབས་བོད་ཀྱི་པར་ལེན་ཆེད་མཁས་པ་མགོན་པོ་བཀྲ་ཤིས་ལགས་སྤྱི་ལོ༢༠༢༤ལོའི་སྤྱི་ཟླ༤པའི་ཚེས༡༢ཉིན་སྐུ་གཤེགས།
|| «གཞི་རིམ་པའི་བྱིས་རྩོམ་གཅེས»དང«ཨ་ཕ་སྐོར་ལོག ཞི་ལུ་གཅུ་ལོག»སོགས་རྩོམ་པ་པོ་གཞི་རིམ་པའམ་བདེ་མཆོག་སྐྱབས་ལགས་སྤྱི་ལོ༢༠༢༤ལོའི་སྤྱི་ཟླ༥པའི་ཚེས༦ཉིན་སྐུ་གཤེགས།
||| སྐབས་ལྔ་པའི་སྒྲུང་ཐུང་འགྲན་སྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ་པའི་བརྩམས་ཆོས«མཁའ་དབྱིངས་སུ་སྤྲིན་པ་ཡུག་གཅིག་ཀྱང་མི་སྣང»དང་། སྐབས་དྲུག་པའི་སྒྲུང་ཐུང་འགྲན་སྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ་པའི་བརྩམས་ཆོས«གསང་བའི་སྒྲོམ་ཆུང་ནང་གི་མུ་ཏིག»སོགས་རྩོམ་པ་པོ་དུར་སྲིའམ་གསང་བདག་རྡོ་རྗེ་ལགས་སྤྱི་ལོ༢༠༢༤ལོའི་སྤྱི་ཟླ༦པའི་ཚེས༡༦ཉིན་སྐུ་གཤེགས།
|||| «རྗེ་ཙོང་ཁ་པའི་གསུང་རྩོམ་སྙན་ངག་ཨའི་དབྱངས་ངེས་སོགས་ཁག་གསུམ་གྱི་འགྲེལ་པ»དང«སྤྲིན་གྱི་ཕོ་ཉའི་འགྲེལ་པ་ངོ་མཚར་དགའ་སྟོན»«རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ངོ་མཚར་སྙེ་མ»«རྗེ་བཙུན་མི་ལའི་རྟོགས་བརྗོད་སྙན་ཚིག་མའི་འགྲེལ་པ»«ཆོས་ཀྱི་རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོད་བསྔགས་འོས་བསྔགས་པའི་འགྲེལ་པ»སོགས་མཛད་པ་པོ་མཁས་དབང་ནོར་བྲང་ཨོ་རྒྱན་ལགས་སྤྱི་ལོ༢༠༢༤ལོའི་སྤྱི་ཟླ༡༡པའི་ཚེས༡༩ཉིན་སྐུ་གཤེགས།
01
| «སྤང་རྒྱན་མེ་ཏོག»(སྙན་ངག) ཚེ་དཔག་སྐྱབས་ཀྱིས་གཙོ་སྒྲིག་བྱས།
|| «སྟོན་གྱི་རང་སྒྲ»(ལྷུག་རྩོམ) ཚེ་དཔག་སྐྱབས་ཀྱིས་གཙོ་སྒྲིག་བྱས།
||| «རྗེས་དྲན་མར་མེ་ཚེ་འབར» བོང་སྟག་རི་ལུ་རྗེས་དྲན་རྩོམ་སྒྲིག་ཚན་ཆུང་གིས་བསྒྲིགས།
02
| «ལྷན་འཛོམས»(ཁག་གསུམ་པ) མཁའ་འགྲོ་ཚེ་རིང་གིས་གཙོ་སྒྲིག་བྱས།
|| «མཚོ་སྔོན་པོའི་རླབས་སྒྲ» ལིས་ཧོང་ཡོན་གྱིས་གཙོ་སྒྲིག་བྱས།
||| «དུས་རབས་ཀྱི་གླུ་སྒྲ»(ཁག་གཉིས་པ) མཁའ་འགྲོ་ཚེ་རིང་གིས་གཙོ་སྒྲིག་བྱས།
03
| «ཡར་ཀླུང་མྱུལ་བའི་ཟིན་ཐོ» ལྷོ་ཁ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་བསྒྲིགས།
|| «མངའ་རིས་རྩོམ་རིག» མངའ་རིས་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་བསྒྲིགས།
||| «ཇོ་མོ་གླང་མ» བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་བསྒྲིགས།
01
| «ཁྲིམ་ལ་ལོག་པའི་ལམ་བར» ལྷོ་ཁ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་བསྒྲིགས།
|| «སྦས་ཡུལ» གཡུ་རྔོག་ཚེ་བཀྲས་བརྩམས།
||| «དུས་ཚོད་ཁྲ་ཁྲ» ཀླད་ཀོར་གྱིས་བརྩམས།
|||| «མཚན་ནམ་རིང་མོ» གཅུང་བསྟན་བཟང་གིས་བརྩམས།
02
| «ཀེ་ལ་ཤ་ཡི་ཕྱི་ནང» གཉལ་བུ་བཟང་དགྲ་འདུལ་གྱིས་བརྩམས།
|| «དྲན་ཤེས་མཚོ་མོའི་རྦ་རླབས» བསོད་ནམས་ཀྱིས་བརྩམས།
||| «མི་རབས་གསུམ་གྱི་གཏམ་རྒྱུད» ཚོ་བུས་བརྩམས།
|||| «བདེ་སྤྱོད་དང་ལུས་དེད» རིག་ལྡན་རྒྱ་མཚོས་བརྩམས།
||||| «བྱིས་པ་བློ་ལྡན་ཤེས་རབ» དཔལ་ལྡན་ལྷུན་གྲུབ་ཀྱིས་བརྩམས།
01
| «ལྕགས་ཀྱི་སྲོག» ལྡོང་ལུག་རྫིས་བརྩམས།
|| «རྨི་ལམ་རྒལ་བ» ཐ་སྐར་གྱིས་བརྩམས།
||| «འཁྲུལ་བའི་གཟུགས་བརྙན» གསེར་གུར་གྱིས་བརྩམས།
|||| «རླུང་ནང་གི་མེ» བས་མཐའ་བས་བརྩམས།
||||| «སྒྱུ་འཕྲུལ་གྱི་ཤན་པ»དང«ཟར་ནག་གི་དཔྱིད་དཔལ» ཚྭ་ཡིས་བརྩམས།
||||| «སྒྲོམ་ནང་གི་གླུ» ཤེའུས་བརྩམས།
02
| «འདོད་ཡོན» གཙང་ཚ་བསོད་བཀྲས་བརྩམས།
|| «གངས་དཀར་ཏི་སེ» ཕྱག་རྡོར་ཚེ་རིང་གིས་བརྩམས།
||| «སྙན་ངག་གི་མེ་ཏོག» གཅན་རོང་བསྟན་འཛིན་གྱིས་བརྩམས།
|||| «དིང་གླིང་འགྱུར་ཁུགས» སྙན་བཟང་ཡུམ་སྐྱབས་རྒྱལ་གྱིས་བརྩམས།
||||| «ཨ་དཀར་ལུག་ཁྱུའི་རྩེད་རོགས» འབྲོག་བཟའ་སྐྱིད་ཀྱིས་བརྩམས།
|||||| «དབྱངས་གསལ་གན་མཛོད» མདོ་སྨད་ཧེ་རུ་ཀས་བརྩམས།
||||||| «གནའ་མཁར་འདྲེ་བཞི» གནའ་མཁར་འདྲེ་བཞིས་བརྩམས།
01
| «མཉམ་མེད་ཀའེ་ཚི་པིས» འཇམ་དབྱངས་བཀྲ་ཤིས་ཀྱིས་བསྒྱུར།
|| «ནོར་ཝེའི་ནགས་ཚལ» པདྨ་མཁས་གྲུབ་ཀྱིས་བསྒྱུར།
||| «མྱ་ངམ་ཐང» ལྡོང་བུས་བསྒྱུར།
|||| «ཨQཡི་སྒྲུང་གཞུང་དངོས་བརྗོད་པ» བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུད་རྩོམ་སྒྱུར་ཁྲུའུ་ཡིས་བསྒྱུར།
||||| «རྟོག་པའི་ཐེམ་སྐས» ཚེ་རིང་ལྷ་མོས་བསྒྱུར།
|||||| «འཇག་མའི་ཁང་པ» རྡོ་ལྷ་ཐར་གྱིས་བསྒྱུར།
01
| «རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»གི་བགྲོ་གླེང་ཚོགས་འདུ།
|| ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ།
||| གླང་མདུན་དཔལ་འབྱོར་གྱི་སྒྱུ་རྩོམ་དགོངས་པའི་དཔྱད་གླེང་ཚོགས་འདུ།
|||| འབྲོག་བཟའ་སྐྱིད་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ།
||||| «མི་རབས་གསུམ་གྱི་གཏམ་རྒྱུད»ཀྱི་བགྲོ་གླེང་ཚོགས་འདུ།
|||||| སྦྲང་ཆར་རྩོམ་རིག་བྱ་དགའི་མཛད་སྒོ་དང་འབྲེལ་བའི་གསར་རྩོམ་བགྲོ་གླེང་ཚོགས་འདུ།
||||||| «བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའི་མཛད་སྒོ་དང་འབྲེལ་བའི་དཔྱད་གླེང་ཚོགས་འདུ།
|||||||| བོད་ཀྱི་སྐྱེ་ཁམས་རིག་རྩལ་མཛེས་རྟོག་དགོངས་པའི་དེང་རབས་རིན་ཐང་གི་དཔྱད་གླེང་ཚོགས་འདུ་སོགས།
01
| མེ་ལྕེ་དང་འབྲེལ་བའི་དྲ་རྩོམ་ལྔ།
|| ཞོགས་ལྗང་དང་འབྲེལ་བའི་དྲ་རྩོམ་གཉིས།
||| མེ་སོན་དང་འབྲེལ་བའི་དྲ་རྩོམ་བཞི།
|||| གློག་བརྙན«གསའ»དང་འབྲེལ་བའི་བརྙན་དཔྱད་བརྒྱ་དང་བརྒྱད།
||||| "སྤྱན་གསལ"ཚང་དང་འབྲེལ་བའི་དྲ་རྩོམ་བརྒྱད།
||||| གཡུ་རྔོག་ཚེ་བཀྲ་དང་དྲ་རྩོམ་གཅིག་སོགས།
ཕྱིར་མིག
བརྗེད་ཐོ།
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག
འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག
རྩོམ་སྒྲིག་པ། རླུང་ནག་འཚུབ་མ།
འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།