ཐེ་བོ་རྫོང་གི་གཟེབ་གྲུག་འགྲན་སྡུར་ཆེན་མོ་དངོས་སུ་མགོ་བརྩམས།

政务   2024-11-05 20:18   甘肃  



2024ལོའི་ཐེ་བོ་རྫོང་གི་ཞིང་ལྗོངས་ལྔའི་མཐོ་སྒང་ས་ཁུལ་གྱི་གཟེབ་གྲུག་འགྲན་སྡུར་ཆེན་མོ་དངོས་སུ་མགོ་བརྩམས།



   ཟླ11པའི་ཚེས5ཉིན་གྱི་སྔ་དྲོར།  2024ལོའི“ཐེ་བོའི་དགུན་ལྗོངས།  ཁ་བའི་ལས་སྐལ”ཞེས་པའི་དགུན་དུས་ཀྱི་མུ་འབྲེལ་བྱེད་སྒོ་སྟེ་ཐེ་བོ་རྫོང་གི་ཞིང་ལྗོངས་ལྔའི་མཐོ་སྒང་ས་ཁུལ་གྱི"ལ་གཟར་འགག་འཆམ་མཐུན་རྟགས་མའི"གཟེབ་གྲུག་གདན་ཞུའི་འགྲན་སྡུར་ཆེན་མོ་ཐེ་བོ་རྫོང་ལུས་རྩལ་ལྟེ་གནས་སུ་སྤེལ་མགོ་ཚུགས།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་དང་།  ཀན་སུའུ་ཞིང་ཆེན་ལུས་རྩལ་ཅུའུ་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝུའུ་ཅན་ཅུན། ཞིང་ཆེན་ལུས་རྩལ་ཅུའུ་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཕྱོགས་བསྡུས་ཚན་ཁག་གི་མགོ་གཙོ་ཀྲོའུ་ཞིན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་རེན་གཞོན་པའི་འོས་མི་དབྱང་ཞའོ་མཱེ།  ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ལུའུ་དབྱི།  ཁུལ་སྲིད་གཞུང་གི་ཏང་ཙུའུ་ཁོངས་མིའམ་དྲུང་ཡིག་ཆེན་མོ་རྟ་མགྲིན་སྐྱབས་སོགས་ཞིང་ཆེན་དང་ཁུལ། ཐེ་བོ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་གཙོ་བོ་དག་དང་།  ཀྲུང་གོའི་གཟེབ་གྲུག་མཐུན་ཚོགས་དང་ཀན་སུའུ་ཞིང་ཆེན་གྱི་གཟེབ་གྲུག་མཐུན་ཚོགས།  ཀན་ལྷོ་ཁུལ་གཟེབ་གྲུག་མཐུན་ཚོགས་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་སྐུ་མགྲོན་རྣམས་མགོ་ཚུགས་མཛད་སྒོར་ཞུགས

དབྱང་ཝུའུ་ཡིས་མཛད་སྒོ་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། 

ཐེ་བོ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཤིས་ཚིག་ཕུལ་ཅིང་མཛད་སྒོར་མདོ་འཛིན་བྱས།

འོས་སྦྱོར་མི་སྣས“ཐེ་བོའི་དགུན་ལྗོངས།  ཁ་བའིལས་སྐལ”ཞེས་པའི་དགུན་དུས་ཀྱི་མུ་འབྲེལ་བྱེད་སྒོ་འོས་སྦྱོར་བྱས་ཤིང་བྱེད་སྒོ་མགོ་བརྩམས་པའི་དར་ཆ་སྤྲད།  

ཤན་འབྱེད་པའི་འཐུས་མིས་དམ་བཅའ་བཞག

འགྲན་ཞུགས་ལུས་རྩལ་པའི་འཐུས་མིས་དམ་བཅའ་བཞག

  གཞན་མཛད་སྒོའི་ཁྲོད་གཞས་པ་གྲགས་ཅན་ཤེར་བསྟན་དང་བནྡེ་སྒོམ། རྟ་མགྲིན་ཚེ་རིང་སོགས་ཀྱིས་མཛད་སྒོར་ཞུགས་པའི་མགོ་ཁྲིད་དང་སྐུ་མགྲོན་ཡོངས་ལ་གླུ་གར་གྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ།

  རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་འགྲན་སྡུར་དུ་མཚོ་སྔོན་དང་ཡུན་ནན། སི་ཁྲོན།  ཀན་སུའུ་བཅས་ཞིང་ཆེན་དུ་མའི་མཐོ་སྒང་ས་ཁུལ་གྱི་འཐུས་ཚབ་རུ་ཁག་ཉེར་གཉིས་ཞུགས་ཡོད།  བྱ་དགའི་རིམ་པ་ནི།  ཨང་དང་པོར་སྒོར་འབུམ་གཉིས་དང་།  ཨང་གཉིས་པར་འབུམ་གཅིག  ཨང་གསུམ་པར་ཁྲི་དྲུག  ཨང་བཞི་བར་ཁྲི་ལྔ།  ཨང་ལྔ་པར་ཁྲི་བཞི།  ཨང་དྲུག་པར་ཁྲི་གསུམ།  ཨང་བདུན་པར་ཁྲི་གཉིས།  ཨང་བརྒྱད་པར་ཁྲི་གཅིག་ལྟར་བཀོད་ཡོད་པར་མ་ཟད།  སྤྱོད་པ་ཚུལ་མཐུན་ལྟར་འགྲན་རིམ་ཆ་ཚང་མཇུག་རྫོགས་པའི་རུ་ཁག་རྣམས་ལ་རོགས་དངུལ་སྒོར་ལྔ་སྟོང་རེ་གྲ་སྒྲིག་བྱས་ཡོད་པ་རེད།  

  ཐེངས་འདིའི་འགྲན་སྡུར་གྱི་དམིགས་བྱ་གཙོ་བོ་ནི་མི་རིགས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ལུས་རྩལ་འགྲན་ཚོགས་ཀྱི་མཚན་རྟགས་བཞེངས་སྐྲུན་དང་། ཞིང་ལྗོངས་ལྔའི་མཐོ་སྒང་ས་ཁུལ་གྱི་རིག་གནས་སྤེལ་རེས་ཀྱི་ཐེག་གཟུགས་གསར་པ་འཛུགས་པ།  རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་སྟེགས་གསར་པ་བསྐྲུན་པ།  ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་ཀྱི་ལག་ལེན་གསར་པ་བརྟན་པོར་སྤེལ་བ།  ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། ཐུན་མོང་ཐོག་འཕེལ་རྒྱས་བཅས་ཡོང་བ་བྱས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་འདུ་ཤེས་སེམས་གཏིང་དུ་ཟུག་པར་མཚམས་མེད་ཏུ་སྐུལ་འདེད་གཏོང་བ་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དམངས་འཚོར་ཕན་འདོགས་རྒྱུ་དེ་རེད

འགྲན་ཞུགས་རུ་དཔུང་གི་སྡེ།

གསར་འགོད་པ། དྭངས་གསལ་ལྷ་མོ། ཚེ་རིང་རྣམ་རྒྱལ། མགོན་པོ་ཚེ་བརྟན།

རྩོམ་སྒྲིག་པ། དྭངས་གསལ་ལྷ་མོ།

རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།

ཞུ་དག་པ།  རྡོ་རྗེ་ཚེ་རིང་།

ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章