དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་ཀྱི་སློབ་སྤྱིའི་གཏམ་བཤད།
གུས་པར་འོས་པའི་དབུ་འཁྲིད་རྣམས་པ་དང་བརྩེ་བའི་རྒན་ལགས་རྣམས་པ། སྙིང་ཉེ་བའི་སློབ་ཕྲུག་རྣམས་པ། དེ་བཞིན་འདིར་ཕེབས་པའི་སྐུ་མགྲོན་རྣམས་པ་ལྷན་རྒྱས་སྐུ་ཁམས་བཟང་།
ཟླ་དྲུག་པ།
ཟླ་དྲུག་པ་ནི་མཛེས་སྡུག་གིས་ཕྱུག་པའི་ནམ་དུས་ཤིག་རེད། སྔོ་སངས་ནམ་མཁའི་དཀྱིལ་འཁོར་གྱི་དབུས་སུ་ཉི་འོད་རབ་ཏུ་གསལ་ཞིང་ཆུ་འཛིན་དཀར་པོའི་འདབ་མས་ཕྱོགས་ཕྱོགས་སུ་ཚོམ་བུར་བཀོད་པའི་མཛེས་པ་མིག་མདུན་དུ་མངོན་གྱིན་ཡོད། ། གང་སར་གཡུ་ལོ་འཐག་སུ་བཀྲ་བའི་ལྗོན་པའི་འདབ་ལག་(ཡང་)ལྷུག་པོར་རྒྱས་ཡོད་ཅིང་མེ་ཏོག་ཕྲ་ཚོམ་སྤང་ཐང་གི་མཛེས་པར་འགྱུར་བ་སྐྱེ་འགྲོ་ཀུན་གྱི་མཐོང་ཆོས་སུ་འགྱུར་ཡོད། །
ཟླ་དྲུག་པ།
ཟླ་དྲུག་པ་ནི་ཞིང་འབྲོག་པས་ཡུན་རིང་རེ་སྒུག་བྱེད་སའི་ནམ་དུས་ཤིག་ཀྱང་རེད།
ཟླ་འདིར་དྭངས་གཙང་ཆུ་མོ་ཡན་ལག་རྒྱས་ལྡན་རི་སུལ་ཀུན་ནས་འབབ་ཤིང་ཡངས་ཤིང་རྒྱ་ཆེ་བའི་གསིང་མའི་ངོས་སུ་རྩ་རྩི་ཏོག་སྔོ་སྨན་རིགས་འདྲ་མིན་སྣ་ཚོགས་(པ་)དང་ཞིང་ནང་གི་འབྲུ་རིགས་སྣ་སྔ་སྐྱེ་འགོ་ཚུགས་པའི་བཀྲ་ཤིས་དུས་བཟང་ཤིག་རེད་ལགས།
ཟླ་དྲུག་པ།
ཡང་ཟླ་དྲུག་པ་ནི་ན་ཆུང་བྱིས་པས་ཉིན་མཚན་གཏོལ་མེད་ངག་ནས་གླེང་བའི་ནམ་དུས་ཤིག་རེད། །
མདོར་ན་ཟླ་དྲུག་པ་ནི་ཞིང་གྲོང་ཁུ་བྱུག་བུ་མོས་གསུངས་སྙན་སྒྲོག་པའི་དུས་བཟང་རེད་ལ་རྩ་ཐང་བྱེེའུ་ཅོ་ཀས་གཤོག་འགྱུར་ངོམས་པའི་དུས་བཟང་ཡང་རེད། ། ལྷག་དོན་ཟླ་དྲུག་པ་ནི་ན་ཆུང་བྱིས་པ་ཚོས་དགའ་ཤོས་བྱེད་པའི་ནམ་དུས་ཤིག་ཀྱང་རེད། ། །
ཉེ་འཆར་དུས་ཀྱི་མཛེས་པ་སྤང་ནས་འཁྲུངས་བཞིན་ཡོད། །
ཁུ་བྱུག་མོན་ནས་ཕེབས་ཏེ་འབྱུང་བའི་རྩ་བཅུད་འཕེལ། །
ཨ་སྔོན་འབྲུག་སྒྲས་ས་འོག་འབུ་སྲིན་གཉིད་ལས་སླང། །
ཞིང་འབྲོག་ཕོ་མོ་དགའ་བའི་གླུ་དབྱངས་ལེན་བཞིན་མཆིས། །
ཆུ་གཞུང་གསིང་མར་མེ་ཏོག་འདབ་རྒྱ་ཡོངས་སུ་བཞད། །
དུས་ཀྱི་མཛེས་པ་སྤང་ནས་འཁྲུངས་པའི་དུས་བཟང་ལ། །
བི་སས་(ཁ་སྐད་)ཉིན་སྒུག་མཚན་སྒུག་བྱེད་པའི་དུས་ཆེན་ཏེ། །
བཀྲ་ཤིས་དྲུག་གཅིག་བྱིས་པའི་དུས་ཆེན་ངང་གིས་འཆར། །
དེ་རིང་ང་ཚོ་མཉམ་འཛོམས་བྱས་ཏེ་ན་ཆུང་བྱིས་པར་དབང་བའི་དུས་ཆེན་སྟེ་སྐབས་74པའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཡས་ཡིན།
ཤར་དཀའ་བ་དང་བརྗེད་དཀའ་བའི་དྲུག་གཅིག་གྱི་རྟེན་འབྲེལ་ཉིན་མོར་ངས་XXཤང་སློབ་ཆུང་གི་ཚབ་ཞུས་ནས་སྤྲོ་སེམས་འཁོལ་པོས་རང་སློབ་གྲྭའི་ན་ཆུང་བྱིས་པ་ཚང་མར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ། །
སློབ་ཕྲུག་ཚོ། ཁྱེད་ཚོ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན། ཁྱེད་ཚོ་ནི་རེ་བས་ཁེངས་པའི་དུས་རབས་འདི་ལ་ལང་ཚོའི་ཁོ་ལག་(རྒྱས་ཀྱིན་རྒྱས་ཀྱིན་)ཡོད་ལ་འགྲན་རྩོད་ཆེ་བའི་དུས་རབས་ཤིག་ཏུ་ཤེས་བྱར་སྦྱང་བརྩོན་(བྱེད་བཞིན་བྱེད་བཞིན་)མཆིས། ། དུས་རབས་འདིའི་ནང་ཁྱེད་ཚོར་གདམ་ག་དང་འགྲན་རྩོད་མང་པོ་འཕྲད་ངེས་ཡིན།། འོན་ཀྱང་ཁྱེད་ཚོས་བྱ་དངོས་གང་ལའང་ཡ་མཚན་དང་དོ་སྣང་བྱེད་དགོས་པ་མ་ཟད་ད་དུང་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་ཚོད་ལྟ་(བྱེད་ཀྱིན་བྱེད་ཀྱིན་) ཕྱིས་སུ་རང་ཉིད་བློ་ལྡན་གྱི་སྐྱེ་བོ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་རྡོ་ལ་རི་མོ་བཀོད་པ་(ཇི་བཞིན་)སེམས་གཏིང་དུ་ཉར་དགོས།
དེ་རིང་བཀྲིས་ཉིན་མོར་ངས་ཁྱོད་ཚོར་སྐད་ཆ་འགའ་བཤད་ཀྱི་ཡིན། །
ཐོག་མར། ངའི་རེ་བར་ཁྱོད་ཚོས་ནམ་རྒྱུན་གཏན་དུ་དུས་ཚོད་ལ་གཅེས་འཛིན་བྱས་ཏེ་ཤེས་བྱ་རིག་པའི་གནས་ལ་ལྷོད་པ་མེད་པའི་འབད་བརྩོན་་་ གནང་དགོས། ། གང་ཡིན་ཟེར་ན་ (རང་)སློབ་སྦྱོང་ཧུར་ཐག་བྱས་ན་(རང་)སློབ་གྲྭར་ཡོང་བའི་དགོས་དོན་སྒྲུབ་པ་རེད། །
མ་གཞི་བྱས་ན་རོལ་རྩེད་དང་བརྙན་འཕྲིན་ལ་སོགས་ཚང་མ་སློབ་གྲྭའི་འཚོ་བའི་ཆ་ཤས་ཡིན་རུང་གལ་ཆེ་ཤོས་དེ་ནི་སློབ་སྦྱོང་བྱེད་རྒྱུ་དེ་རེད་ལ་ འགངས་ཆེ་ཤོས་ནང་གི་ཆེ་ཤོས་ནི་མ་འོངས་པའི་མདུན་ལམ་རེད། ། དེར་བརྟེན་ད་ལྟ་ཕ་མ་སྤུན་མཆེད་དགའ་པོ། མགུ་པོ་ཡོང་ཆེད་ཙམ་མིན་པར་སླད་ཕྱིན་ཆད་ཕྱོགས་གང་ཅིའི་ཐོག་ཡག་ཐོག་ཡག་བརྩེགས་ཡོང་ཆེད་སློབ་སྦྱང་སྦྱང་འབྲས་ཐད་ལ་རྩོད་ལེན་བྱེད་དགོས། །
དེ་མིན། ངའི་རེ་བར་ཁྱེད་ཚོས་ཕ་མ་དང་དགེ་རྒན་མེས་རྒྱལ་བཅས་རྩ་བའི་བརྩེ་ལ་བཀུར་ཏེ་བཀའ་དྲིན་ལ་བསམ་ཤེས་བྱེད་དགོས་པ་གང་ཞིག་ལ་ཕ་མ་དགེ་རྒན་གྱི་བཀའ་ལ་བརྩི་སྲུང་བྱེད་པ་ལས་ཁོང་རྣམས་པའི་ཐུགས་རེ་ཆུད་གཟོས་སུ་བཏང་མི་ཉན། །
མཇུག་མཐར། ཁྱེད་ཚོས་འབྱུང་འགྱུར་རང་ཉིད་ཀྱི་ཕུགས་བསམ་མ་བརྗེད་སེམས་ལ་བརྟན་པོར་ངེས་ཏེ་རང་ཕྱིས་སུ་མི་གང་འདྲ་ཞིག་བྱེད་བསམ་པ་་་ དང་། ། རང་ཉིད་འཚོ་བ་གང་འདྲ་ཞིག་སྐྱེལ་བསམ་པ་བཅས་གནད་དོན་གཉིས་ལ་བསམ་གཞིགས་ཡང་ཡང་བྱས་ཏེ་གང་ས་སྤྱི་ཐད་ནས་འབད་་་ བརྩོན་ཧུར་ཐག་བྱས་ཏེ་མ་འོངས་མི་ཚེའི་ནང་ནོངས་འགྱོད་མི་ཡོང་བ་བྱེད་་་དགོས། །
སློབ་གྲོགས་ཚོ། སློབ་གྲྭའི་ནང་དུ་ང་ཚོ་དགེ་སློབ་ལག་གདང་དཔུང་གདང་སྦྲེལ་ནས་མི་ཚེའི་མདུན་ལམ་འཚོལ་དགོས། །
གཅེས་ཕྲུག་ཚོ། སློབ་གྲྭའི་ནང་དུ་ང་ཚོ་དགེ་སློབ་ཁ་ཞེ་མཐུན་ནས་མ་འོངས་ཀྱི་རེ་བ་འཚོལ་དགོས། །
ཨོ་ལོ་སླབ་གྲགས་(ཁ་སྐད་)ཚོ། སློབ་གྲྭའི་ནང་དུ་ང་ཚོ་དགེ་སློབ་(དམིགས་རེ་གཅིག་ལ་འཛིན་ནས)་མ་འོངས་མེས་རྒྱལ་ལ་ཞབས་འདེགས་དང་བོད་གསར་འཛུགས་སྐྲུན་བྱེད་དགོས། །
ལྷན་རྒྱས་དྲུག་གཅིག་ལ་བཀྲ་ཤིས་བདེ་ལེགས། ། (站起来大声祝福)
ཚང་མ་ཐུགས་རྗེ་ཆེ།(鞠躬)
གཤམ་གྱི་པར་རིས་ཐོག་མནན་ན་དེ་སྔོན་སྤེལ་ཟིན་པའི་ནང་དོན་ཁག་ཅིག་གཟིགས་ཐུབ།
དུས་ཚོད་ཡོད་ན་གཟིགས་ཙམ་གྱིས།
ལྷག་བསམ་བཟང་པོས་བརྒྱུད་བསྐུར་བྱོས།
གཞན་ཕན་བྱེད་པའི་ནུས་མེད་ཀྱང་།
དེ་ཡི་བསམ་པ་རྟག་ཏུ་འཆང་།