▶རྨོད་གཉའ་བཅག་ནས་ལོ་ལེགས་བསུ།

文化   2024-03-16 20:58   中国  

 

སྐུ་ཉིད་༼  ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་  ༽ཀྱི་འཕྲིན་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།

དང་ཐོག་ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་ཚབ་ཞུས་ནས་སྙིང་ཉེ་བའི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ལ་ཁམས་བདེའི་འཚམས་འདྲི་ཞུ། དེ་ཡང་ངེད་ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་འཕྲིན་སྟེགས་འདི་ནི་སྤྱི་ལོ་༢༠༡༥ལོར་ཐོ་འགོད་བྱས་ཤིང་ད་བར་ངེད་འཕྲིན་སྟེགས་ལ་དོ་ཁུར་གནང་མཁན་མི་ཁྲི་བཅུ་ལྷག་ཙམ་ཟིན་གྱི་ཡོད། ལོ་འདི་དག་རིང་ངེད་འཕྲིན་སྟེགས་ཀྱིས་བོད་ཀྱི་རིག་གནས། གློག་བརྙན།   མུ་འབྲེལ་བརྙན་འཕྲིན།   སྒོར་གཞས།   ཆང་གཞས།   ནང་མ་སྟོད་གཞས།   དགོད་བྲོའི་གཏམ་གླེང་།   ཁྲབ་མཚན་ཐུང་གྲས།   སྒྲུང་གཏམ།   ལོ་རབས་བརྒྱ་ཅུའི་གླུ་གཞས།   བྱིས་གླུ།  རྒྱབ་ལྗོངས་གླུ་གཞས། བོད་ཀྱི་ཁྱད་ཆོས་ལྡན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་རའི་དྲིལ་བརྡ།   སྙན་ངག་འགྱེར་འདོན་ལ་སོགས་པའི་ནང་དོན་མི་ཉུང་བ་ཞིག་སྤེལ་བཞིན་མཆིས།    དེ་དག་ཚང་མ་ཆ་སྙོམས་ཀློག་གྲངས་སྟོང་ཕྲག་ཁ་ཤས་ལས་འགལ་བ་ཤ་སྟག་ཡིན་ལ་རྒྱ་ཆེའི་གྲོགས་པོ་གྲོགས་མོ་ཚོས་ཀྱང་དགའ་བསུ་གྲངས་མེད་ཐོབ་བཞིན་ཡོད།    མ་ཟད་ད་དུང་མུ་མཐུད་མ་འོངས་པའི་བགྲོད་ལམ་རིང་མོའི་ཁྲོད་ནང་དོན་ཐད་ཉིན་རེ་ལས་མ་འདས་པར་ཕུན་གསུམ་ཇེ་ཚོགས་དང་སྤུས་ཚད་ཇེ་ལེགས་སུ་གཏོང་འཆར་ཡོད་པས། གལ་ཏེ་སྐུ་ཉིད་ཐུགས་མཉེས་པོ་བྱུང་སོང་ན་འཕྲིན་སྟེགས་འདི་གཞན་ལའང་འོས་སྦྱོར་མང་ཙམ་གནང་རོགས།    ལྷན་རྒྱས་ནས་དུས་དང་རྣམ་པ་ཀུན་དུ་ངེད་འཕྲིན་སྟེགས་འདི་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

  ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་འཕྲིན་སྟེགས་འདི་ལ་དོ་ཁུར་གནོངས་དང་།  འདི་ན་ཕུན་ཚོགས་འདོད་རྒུའི་ལོངས་སྤྱོད་འཛོམས་ཤིང་ཀུན་ལ་མཁོ་བའི་འདོད་ཡོན་བཤམས་ཡོད།  གལ་

ཏེ་ཁྱེད་རང་སྣ་མང་ཤེས་རིག་གི་རྩི་བཅུད་རྒུམ་པའི་གཡུ་སྦྲང་ཞིག་ཡིན་ན།  འདི་ནི་ངེས་པར་ཁྱེད་ལ་མཁོ་བའི་མེ་ཏོག་སྐྱེད་ཚལ་ལོས་ཡིན། 


    

 བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོའི་ནང་ཤིང་འབྲུག་ལོའི་བོད་ཟླ་2ཚེས་7དང་སྤྱི་ཟླ་3ཚེས་16ཉིན་ཟོར་ཐོང་འཇོམས་པས་རྨོད་གཉའ་བཅག་ན་ལོ་ལེགས་ཞེས་འཁོད་པ་ལྟར་དབུས་ལྷ་ས་དང་ལྷོ་ཁའི་ཁུལ་དུ་སོ་ནམ་ལས་ལ་བརྩོན་པའི་ཞིང་པ་རྣམས་ཀྱིས་ཟོར་ཐོང་འཛོམས་པའི་ཉིན་དེར་ལོ་ལྷའི་ཕྱོགས་སུ་རྨོད་གཉའ་བཅག་ནས་ལོ་འབྲས་ལེགས་པའི་རྟགས་རྟེན་གྱི་སྒོ་དབྱེ་འགོ་བརྩམས།



     དེ་ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་ཞིང་ནང་དུ་ཐོང་མཁན་དང་སོ་ནམ་ལས་སྣེ་སོགས་གྲོང་མི་200ལྷག་གིས་ལུས་ལ་གོས་རྒྱན་གཟབ་མཆོར་ལེགས་པར་སྤྲས་ནས་ཡངས་པའི་ཞིང་ནང་དུ་བསང་དང་། ཕྱེ་མར། ཆང་ཕུད་སོགས་བཀྲིས་རྫས་ཀྱིས་ཞལ་བསྲོའི་དགེ་མཚན་སྔོན་དུ་འགྲོ་བའི་ཐོག་ནས་ལོ་གཅིག་དུས་གཅིག་གི་རྨོད་གཉའ་གཅོག་པའི་མཛད་སྒོ་གྲ་རྒྱས་བཤམས་པ་རེད།



     སྤྱིར་བོད་ལྗོངས་ཀྱི་རྨོད་གཉའ་གཅོག་པའི་སྲོལ་དེར་དུས་ཡུན་ལོ་ངོ་1600ཙམ་གྱི་ལོ་རྒྱུས་ལྡན་པར་གྲགས་ལ་དེ་ཉིན་སོ་ནམ་སྐར་འཛིན་བྱེད་མི་ཡང་ཕ་མ་གཉིས་འཛོམས་ཤིང་དབང་པོར་སྐྱོན་མེད་པ་དང་མིང་སྤྲ་ལེགས་ལ་ལོ་དེའི་ལོ་བཟང་ཡིན་པའི་ཐོང་མཁན་དང་སོན་མ་གཉིས་ནས་རེ་བའི་ཞིང་ས་ན་ས་ཁ་ཕྱེ་ཞིང་ལོ་དེའི་ས་བོན་ཐོག་མ་དེ་འདེབས་སྲོལ་ཡོད།



     བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་ཨུ་ཡོན་ལྷན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་རྐང་བཙུགས་ལགས་ཀྱིས། རང་གྲོང་ཚོའི་མང་ཚོགས་ཀྱི་ལོ་རེའི་དཔྱིད་ཀྱི་ས་ཞིང་འདེབས་ལས་དང་སྟོན་གྱི་བརྔ་བསྡུ་གཉིས་ཀ་འཕྲུལ་ཆས་ཅན་དུ་འགྱུར་ཟིན་པས་ལས་ཕྱོད་ཆེ་ལ་ངལ་ནུས་ལྷག་མ་མང་དག་ཅིག་ཐོན་ནས་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ལའང་ཁ་ཡོད་ལག་ཡོད་ཀྱི་སྐུལ་འདེད་ཐེབས་ཡོད། དཔེར་ན་སྤྱི་ལོ་2023ལོར་ང་ཚོ་ཁེ་གསུམ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3དང་2000ལྷག་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།



     གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་ལྗོངས་ཀྱིས་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་345དང་ལྔ་སྟོང་བརྒྱད་བརྒྱ་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། སོན་དང་ཞིང་སྨན། རྫས་ལུད། དམར་ལུད་སོགས་ཞིང་ལས་རྒྱུ་ཆ་ཉོ་སྒྲུབ་དང་གཏོང་འདྲེན་ལས་དོན་ཁག་བརྟན་པོའི་ངང་དོན་འཁྱོལ་བྱེད་བཞིན་ཡོད་ཅིང་། དེའི་ནང་དམར་ལུད་ཏུན་ཁྲི་550གསོག་འཇོག་བྱེད་རྩིས་ཡོད་པའི་ནང་མིག་སྔར་ཏུན་ཁྲི་387དང་3སྟོང་གསོག་འཇོག་བྱས་ཟིན་པས་དེས་སྤྱི་ཡོངས་འཆར་གཞིའི་བརྒྱ་ཆ་70དང་བརྒྱ་ཆ་42བཟུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


གཤམ་གྱི་པར་རིས་ཐོག་མནན་ན་དེ་སྔོན་སྤེལ་ཟིན་པའི་ནང་དོན་ཁག་ཅིག་གཟིགས་ཐུབ།





དུས་ཚོད་ཡོད་ན་གཟིགས་ཙམ་གྱིས།

ལྷག་བསམ་བཟང་པོས་བརྒྱུད་བསྐུར་བྱོས།

གཞན་ཕན་བྱེད་པའི་ནུས་མེད་ཀྱང་།

དེ་ཡི་བསམ་པ་རྟག་ཏུ་འཆང་།

ཞོར་དུ་གཤམ་འོག་གི་སྙིང་རྟགས་ཐོག་ཐེངས་གཅིག་མནོན་པ་དང་ཆབས་ཅིག་ཐོན་རྫས་ཀྱི་སྟེང་མནན་ན་ཉིན་རེའི་ཐོན་དངོས་གསར་པ་མཚམས་མི་ཆད་པར་ཐོན་འོང་

Tibet唐酷萨酝藏文化传播中心
བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་ཁམས་བཟང་ཞལ་བྲོའི་བཀྲ་ཤིས་བདེ་ལེགས་ཞུ།
 最新文章