ཁ་པར་ཨང་གྲངས་བརྗེ་སྐབས་ཡིད་གཟབ་གནང་དགོས་པའི་དོན་འགའ།

文化   2024-04-15 21:45   西藏  


 

སྐུ་ཉིད་༼  ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་  ༽ཀྱི་འཕྲིན་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།

དང་ཐོག་ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་ཚབ་ཞུས་ནས་སྙིང་ཉེ་བའི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ལ་ཁམས་བདེའི་འཚམས་འདྲི་ཞུ། དེ་ཡང་ངེད་ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་འཕྲིན་སྟེགས་འདི་ནི་སྤྱི་ལོ་༢༠༡༥ལོར་ཐོ་འགོད་བྱས་ཤིང་ད་བར་ངེད་འཕྲིན་སྟེགས་ལ་དོ་ཁུར་གནང་མཁན་མི་ཁྲི་བཅུ་ལྷག་ཙམ་ཟིན་གྱི་ཡོད། ལོ་འདི་དག་རིང་ངེད་འཕྲིན་སྟེགས་ཀྱིས་བོད་ཀྱི་རིག་གནས། གློག་བརྙན།   མུ་འབྲེལ་བརྙན་འཕྲིན།   སྒོར་གཞས།   ཆང་གཞས།   ནང་མ་སྟོད་གཞས།   དགོད་བྲོའི་གཏམ་གླེང་།   ཁྲབ་མཚན་ཐུང་གྲས།   སྒྲུང་གཏམ།   ལོ་རབས་བརྒྱ་ཅུའི་གླུ་གཞས།   བྱིས་གླུ།  རྒྱབ་ལྗོངས་གླུ་གཞས། བོད་ཀྱི་ཁྱད་ཆོས་ལྡན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་རའི་དྲིལ་བརྡ།   སྙན་ངག་འགྱེར་འདོན་ལ་སོགས་པའི་ནང་དོན་མི་ཉུང་བ་ཞིག་སྤེལ་བཞིན་མཆིས།    དེ་དག་ཚང་མ་ཆ་སྙོམས་ཀློག་གྲངས་སྟོང་ཕྲག་ཁ་ཤས་ལས་འགལ་བ་ཤ་སྟག་ཡིན་ལ་རྒྱ་ཆེའི་གྲོགས་པོ་གྲོགས་མོ་ཚོས་ཀྱང་དགའ་བསུ་གྲངས་མེད་ཐོབ་བཞིན་ཡོད།    མ་ཟད་ད་དུང་མུ་མཐུད་མ་འོངས་པའི་བགྲོད་ལམ་རིང་མོའི་ཁྲོད་ནང་དོན་ཐད་ཉིན་རེ་ལས་མ་འདས་པར་ཕུན་གསུམ་ཇེ་ཚོགས་དང་སྤུས་ཚད་ཇེ་ལེགས་སུ་གཏོང་འཆར་ཡོད་པས། གལ་ཏེ་སྐུ་ཉིད་ཐུགས་མཉེས་པོ་བྱུང་སོང་ན་འཕྲིན་སྟེགས་འདི་གཞན་ལའང་འོས་སྦྱོར་མང་ཙམ་གནང་རོགས།    ལྷན་རྒྱས་ནས་དུས་དང་རྣམ་པ་ཀུན་དུ་ངེད་འཕྲིན་སྟེགས་འདི་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

  ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་འཕྲིན་སྟེགས་འདི་ལ་དོ་ཁུར་གནོངས་དང་།  འདི་ན་ཕུན་ཚོགས་འདོད་རྒུའི་ལོངས་སྤྱོད་འཛོམས་ཤིང་ཀུན་ལ་མཁོ་བའི་འདོད་ཡོན་བཤམས་ཡོད།  གལ་

ཏེ་ཁྱེད་རང་སྣ་མང་ཤེས་རིག་གི་རྩི་བཅུད་རྒུམ་པའི་གཡུ་སྦྲང་ཞིག་ཡིན་ན།  འདི་ནི་ངེས་པར་ཁྱེད་ལ་མཁོ་བའི་མེ་ཏོག་སྐྱེད་ཚལ་ལོས་ཡིན། 




     ཉེ་ཆར། ཁ་པར་ཨང་གྲངས་མེད་པར་བཟོས་ན་རང་ཉིད་ཕྱིར་བཙོང་པ་དང་འདྲ་ཞེས་པའི་གླེང་གཞི་དེར་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་བཞིན་མཆིས། དྲ་གྲོགས་རྣམས་ཀྱིས་ཁ་པར་ཨང་གྲངས་བརྗེ་བ་དང་མེད་པར་བཟོ་བའི་ཐད་ཀྱི་དོགས་གནད་ལྷུག་པོར་བརྗོད་ཡོད།


     གླེང་གཞི་དེ་ཨན་ཧུའེ་ཐུང་ལིང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་སྤེལ་བའི་བདེ་འཇགས་འགོག་ཟོན་བརྙན་མཐོང་ཞིག་ལས་བྱུང་། བརྙན་མཐོང་ནང་ཁ་པར་ཨང་གྲངས་མེད་པར་བཟོས་རྗེས་གཉེར་སྐྱོང་ཚོང་པས་ཨང་གྲངས་དེ་ཡང་བསྐྱར་ཁྲོམ་རར་ཕྱིར་འཚོང་བྱ་སྲིད། དངུལ་སྤྲོད་འབོ་དང་སྐད་འཕྲིན་སོགས་མཉེན་ཆས་ཀྱི་སྦྲེལ་མཚམས་མ་བཅད་ན། སྤྱོད་མཁན་གསར་པས་འཕྲིན་ཐུང་ར་སྤྲོད་ཨང་གྲངས་བརྒྱུད་སྤྱོད་མཁན་རྙིང་པས་ཐོ་འགོད་བྱས་པའི་རྩིས་ཨང་ནང་འཛུལ་ཐུབ་པས། བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་ལྡན་ཞེས་བསྟན་འདུག


     འོ་ན་གནས་ཚུལ་འདི་རིགས་དང་འཕྲད་ན་ང་ཚོས་ཅི་ཞིག་ལ་དོ་སྣང་བྱ་དགོས་སམ།

ཁ་པར་ཨང་གྲངས་མེད་པར་བཟོས་རྗེས་གཉེར་སྐྱོང་ཚོང་པས་ཨང་གྲངས་སླར་ཡང་ཕྱིར་འཚོང་བྱ་ངེས།


     མེད་པར་བཟོས་རྗེས། ཁ་པར་ཨང་གྲངས་དུས་ཡུན་ག་ཚོད་འགོར་རྗེས་ཁྲོམ་རའི་སྟེང་བཀྲམ་མམ། སྤྱོད་མཁན་གསར་པས་ཁ་པར་ཨང་གྲངས་ཀྱི་སྔོན་མའི་བེད་སྤྱོད་ཟིན་ཐོ་འཚོལ་ཐུབ་བམ། གསར་འགོད་པས་འཛད་སྤྱོད་པའི་ཐོབ་ཐང་ཐོག་ནས་ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་ལེན་ཐུང་གི་ཚོང་ཞབས་ཁང་ལ་ཁ་པར་བརྒྱབ་ཡོད།


    དེའི་ཐད་ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་ལེན་ཐུང་གི་ཚོང་ཞབས་ཁང་གིས། སྤྱོད་མཁན་གྱིས་ཁ་པར་ཨང་གྲངས་མེད་པར་བཟོས་རྗེས་ཉིན་90ཡི་བཀག་འཇོག་དུས་བཀག་ཡོད་པ་དང་། དེའི་རྗེས་སུ་ཡང་བསྐྱར་ཁྲོམ་ར་བཀྲམ་རྒྱུ་ཡིན་མོད། འོན་ཀྱང་བཀྲམ་པའི་དུས་ཚོད་གཏན་འཁེལ་བྱེད་མི་ཐུབ་པས། སྤྱོད་མཁན་རྙིང་པས་སྔོན་ལ་འབྲེལ་ཡོད་མཉེན་ཆས་ཀྱི་སྦྲེལ་མཚམས་གཅོད་དགོས་པ་དང་། ཁ་པར་ཨང་གྲངས་གསར་པས་གསར་དུ་ཐོ་འགོད་བྱ་དགོས་ཞེས་བསྟན།


     གཞན་ད་དུང་ཁ་པར་ཨང་གྲངས་ཡང་བསྐྱར་བེད་སྤྱོད་བྱས་རྗེས། སྤྱོད་མཁན་གསར་པས་ཨང་གྲངས་དེའི་སྔོན་ཆད་ཀྱི་བདག་པོའི་དངུལ་སྤྲོད་གནས་ཚུལ་སོགས་འབྲེལ་ཡོད་བེད་སྤྱོད་ཟིན་ཐོ་འདྲི་རྩད་བྱ་ཐབས་མེད།


     སྤྱོད་མཁན་རྙིང་པས་ཁ་པར་ཨང་གྲངས་སྤྱོད་མཚམས་བཞག་པ་དང་བེད་མེད་དུ་བཏང་རྗེས། ཨང་གྲངས་དེ་གཉེར་སྐྱོང་ཚོང་པས་ཕྱིར་བསྡུས་ནས་དུས་མཚམས་ཤིག་ལ་སྟོང་པར་བཞག་རྗེས་ཡང་བསྐྱར་ཁྲོམ་རར་བཀྲམ་ནས་སྤྱོད་མཁན་གསར་པར་གདམ་དུ་འཇུག་བཞིན་ཡོད། བྱེད་སྟངས་དེ་རིགས་ལ་ཐེངས་གཉིས་པར་ཨང་གྲངས་བཀྲམ་པ་ཞེས་ཟེར།


     ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་གཉིས་པར་ཨང་གྲངས་བཀྲམ་པ་ཡིས་ཨང་གྲངས་ཐོན་ཁུངས་ཡང་སྐོར་བསྐྱར་སྐོར་གྱིས་བེད་སྤྱོད་བྱེད་ཐུབ་པས། བེད་མེད་དུ་བཞག་པའི་འཕྲིན་གཏོང་ཐོན་ཁུངས་བསྐྱར་སྤྱོད་བྱེད་པའི་དགོས་ངེས་ཀྱི་བྱ་ཐབས་ཤིག་ཡིན་ལ། རྒྱལ་སྤྱིའི་ཀུན་སྤྱོད་བྱ་ཐབས་ཤིག་ཀྱང་ཡིན། རྒྱལ་ནང་གི་ཁ་པར་ཨང་གྲངས་གྲངས་གནས་11གིས་གཙོ་བོ་བཟུང་ཡོད། སྤྱོད་མཁན་མང་དུ་ཕྱིན་པ་དང་བསྟུན་ནས། ད་ཆ་ཨང་གྲངས་དུམ་མཚམས་ཁ་ཤས་ལ་ཨང་གྲངས་གསར་པ་སྤྱོད་རྒྱུ་མེད་པར་གྱུར་ཡོད། དེའང་གཉེར་སྐྱོང་ཚོང་པས་ཨང་གྲངས་ཕྱིར་བསྡུས་ནས་ཡང་བསྐྱར་བཀྲམ་པའི་རྒྱུ་རྐྱེན་གཙོ་བོ་རེད།


ཁ་པར་ཨང་གྲངས་དེ་མཉམ་སྦྲེལ་དྲ་རྒྱའི་རྩིས་ཨང་ག་ཚོད་དང་སྦྲེལ་ཡོད་མེད་ཇི་ལྟར་འདྲི་རྩད་བྱེད་དགོས་སམ།


     བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་དེ་སྔོན་བཏོན་པའི་ལག་ཁྱེར་གཅིག་གིས་ཡོད་ཚད་འདྲི་རྩད་2.0ཞེས་པའི་ཞབས་ཞུ་ཡིས་རྒྱལ་ཡོངས་ཀྱི་མཉམ་སྦྲེལ་དྲ་རྒྱའི་རྩིས་ཨང་ལག་ཁྱེར་གཅིག་གིས་ཡོད་ཚད་འདྲི་རྩད་མངོན་འགྱུར་བྱེད་ཐུབ།


     སྤྱོད་མཁན་གྱིས་བཟོ་འཕྲིན་འཕྲིན་ཐུང་དང་། བཟོ་འཕྲིན་པུའུ་གཡོ་འགོག་ཆེད་ཚན། ཀྲུང་གོ་འཕྲིན་གཏོང་གླིང་སོགས་སྐད་འཕྲིན་སྤྱི་སྟེགས་དང། དངུལ་སྤྲོད་འབོ་ཡི་ལག་ཁྱེར་གཅིག་གིས་ཡོད་ཚད་འདྲི་རྩད་བྱ་རིམ་ཆུང་ཆུང་སོགས་ཀྱི་བྱ་ཐབས་བརྒྱུད་འདྲི་རྩད་འཛུལ་སྒོ་རྙེད་རྗེས། ཁ་པར་ཨང་གྲངས་དང་ཐོབ་ཐང་ལག་ཁྱེར་ཨང་གྲངས་ཀྱི་མཇུག་མཐའི་ཨང་གྲངས་དྲུག་དང་ར་སྤྲོད་ཨང་གྲངས་སོགས་བྲིས་རྗེས། དེ་མུར་འདྲི་རྩད་བྱེད་ཐུབ། འདྲི་རྩད་མཇུག་འབྲས་དེ་དུས་ཚོད་48ཀྱི་ནང་ཚུན་དུ་གཅིག་གྱུར་འཕྲིན་ཐུང་མཐུད་སྣེ་བརྒྱུད་བསྐུར་ངེས།


     གལ་ཏེ་འདྲི་རྩད་ཐུབ་པའི་རང་ཉིད་ཀྱི་ཁ་པར་ཨང་གྲངས་དང་སྦྲེལ་བའི་མཉམ་སྦྲེལ་དྲ་རྒྱའི་རྩིས་ཨང་གི་ཁ་གྲངས་དེ་རང་ཉིད་ཀྱིས་རྒྱུས་ལོན་པའི་གནས་ཚུལ་དང་མི་འདྲ་སྐབས། འདྲི་རྩད་པར་ངོས་གཤམ་འོག་གི་འབྲེལ་གཅོད་དང་ཞིབ་ཕྲ་འདྲི་རྩད་ཅེས་པ་མནན་ནས་འདྲི་རྩད་བྱེད་ཆོག གལ་ཏེ་འདྲི་རྩད་མཇུག་འབྲས་ཐད་དོགས་གནད་ཡོད་ན་ཁེ་ལས་ཀྱི་ཚོང་ཞབས་ཁང་ལ་ཁ་པར་བརྒྱབ་ནས་འདྲི་ཆོག 


     མིག་སྔར་ལག་ཁྱེར་གཅིག་གིས་ཡོད་ཚད་འདྲི་རྩད་ཅེས་པས་མཉམ་སྦྲེལ་དྲ་རྒྱའི་ཉེར་སྤྱོད་རྩིས་ཨང་16གི་ཐོ་འགོད་གནས་ཚུལ་འདྲི་རྩད་བྱེད་ཐུབ། གལ་ཏེ་ད་དུང་འདྲི་རྩད་བྱ་འདོད་པའི་མཉམ་སྦྲེལ་དྲ་རྒྱའི་ཉེར་སྤྱོད་ཡོད་ན། འདྲི་རྩད་པར་ངོས་སྟེང་གི་ངས་ད་དུང་འདྲི་རྩད་བྱ་འདོད་ཅེས་པའི་ལྡེམ་ཁུང་མནན་ནས། འདྲི་རྩད་བྱ་འདོད་པའི་མཉམ་སྦྲེལ་དྲ་རྒྱའི་ཁེ་ལས་དང་ཉེར་སྤྱོད་བདམས་པ་དང་བྲིས་རྗེས་ཡར་སྤྲད་ན་རེ་འདོད་སྐོང་ཐུབ།



ཁ་པར་ཨང་གྲངས་མ་བརྗེས་གོང་ངེས་པར་བསྒྲུབ་དགོས་པའི་དོན་དག


  • ཁ་པར་ནང་གི་འབྲེལ་ཡོད་ཡིག་ཆ་སོགས་ཉར་འཇོག་བྱེད་པ།

  • དངུལ་ཁང་གི་བྱང་བུ་སྦྲེལ་བའི་ཁ་པར་ཨང་གྲངས་བཟོ་བཅོས་རྒྱག་པ།

  • ཉོ་སྒྲུབ་དྲ་ཚིགས་དང་དངུལ་སྤྲོད་རྩིས་ཨང་སོགས་སྦྲེལ་བའི་ཁ་པར་ཨང་གྲངས་བཟོ་བཅོས་རྒྱག་པ།

  • པོད་འཕྲིན་དང་སྐད་འཕྲིན། QQསོགས་སྤྱི་ཚོགས་འབྲེལ་བའི་རྩིས་ཨང་དང་སྦྲེལ་བའི་ཁ་པར་ཨང་གྲངས་བཟོ་བཅོས་རྒྱག་པ།

  • དྲ་སྡེར་དང་སྤྲིན་ཞབས་ཞུ་དང་སྦྲེལ་བའི་ཁ་པར་ཨང་གྲངས་བཟོ་བཅོས་རྒྱག་པ།

  • ཚོགས་མིའི་ཆ་འཕྲིན་བཟོ་བཅོས་རྒྱག་པ།

  • ཁ་པར་ཨང་གྲངས་མེད་པར་བཟོས་རྗེས་རབ་ཡིན་ན་SIMམེད་པར་གཏོང་དགོས་པ་ལས་གང་འདོད་ལྟར་གཡུགས་མི་རུང་། 

  • མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོབ་ཡག་པོ་བྱེད་དགོས།


     ཁ་པར་དུ་མི་སྒེར་གྱི་ཆ་འཕྲིན་གལ་ཆེན་ཉར་ཚགས་བྱས་ཡོད་པས། གཟབ་གཟབ་མ་བྱས་ན་གསང་བ་ཕྱིར་ཤོར་བ་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་སླ། ཁ་པར་ཨང་གྲངས་བརྗེ་བ་དང་མེད་པར་བཟོ་སྐབས་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་དགོས་པ་ཕུད། ནམ་རྒྱུན་ཁ་པར་སྤྱོད་སྐབས་ཀྱང་ཧ་རེ་ཧུ་རེ་བྱེད་མི་རུང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།



   ཁྱེད་རྣམས་ཀྱིས་དོ་ཁུར་དང་མཉམ་སྤྱོད་གནང་བ་ནི་ངེད་འཕྲིན་སྟེགས་ལ་དགོས་པའི་རྒྱབ་སྐྱོར་ཤུགས་ཆེ་ཤོས་དེ་ཡིན།

   འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་བ་གནང་དང་དྲ་ངོས་ནས་བུས་ངེས་ཡིན།

མཇུག་ཏུ་རྣམ་པ་ལྷན་རྒྱས་མ་འོངས་པའི་ལོ་ཟླའི་ནང་སྐུ་གཟུགས་བདེ་ཐང་།   བྱ་བ་ལམ་འགྲོ།   ཁྱིམ་ཚང་འཆམ་མཐུན།   ནད་མེད་ཚེ་རིང་།     གང་བསམ་ལས་ལ་རེ་བའི་འབྲས་བཟང་སྨིན་པའི་བཀྲ་ཤིས་སྨོན་འདུན་ཞུ།

གཤམ་གྱི་པར་རིས་ཐོག་མནན་ན་དེ་སྔོན་སྤེལ་ཟིན་པའི་ནང་དོན་ཁག་ཅིག་གཟིགས་ཐུབ།




དུས་ཚོད་ཡོད་ན་གཟིགས་ཙམ་གྱིས།

ལྷག་བསམ་བཟང་པོས་བརྒྱུད་བསྐུར་བྱོས།

གཞན་ཕན་བྱེད་པའི་ནུས་མེད་ཀྱང་།

དེ་ཡི་བསམ་པ་རྟག་ཏུ་འཆང་།

ཞོར་དུ་གཤམ་འོག་གི་སྙིང་རྟགས་ཐོག་ཐེངས་གཅིག་མནོན་པ་དང་ཆབས་ཅིག་ཐོན་རྫས་ཀྱི་སྟེང་མནན་ན་ཉིན་རེའི་ཐོན་དངོས་གསར་པ་མཚམས་མི་ཆད་པར་ཐོན་འོང་

Tibet唐酷萨酝藏文化传播中心
བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་ཁམས་བཟང་ཞལ་བྲོའི་བཀྲ་ཤིས་བདེ་ལེགས་ཞུ།
 最新文章