ཞི་བདེ་ལྷ་སའི་ཆ་འཕྲིན་ལྟར་ན། ཉེན་རྟོག་པའི་ཟིལ་ཤུགས་ཇེ་ཆེར་གཏང་ཆེད། ཉེ་ཆར་རྩད་ཆོད་པའི་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ་དང་། ར་བཟི་ནས་རླངས་འཁོར་གཏོང་བའི་འགྲིམ་འགྲུལ་སྒྲིག་འགལ་གྱི་བྱ་སྤྱོད་ཁག་ཅིག་དམར་རྗེན་དུ་བཏོན་ཡོད། ཁ་ལོ་བ་ཚོས་དེ་དག་སྣ་སུན་ལ་བརྩིས་ནས་ཆང་རག་བཏུངས་ནས་རླངས་འཁོར་མི་གཏང་བར་བདེ་འཇགས་ངང་འགྲོ་འོང་བྱ་དགོས།
据“平安拉萨”消息
为了增强警示震慑效果
现将近期查获的
酒驾、醉驾等交通违法行为
予以曝光
望广大驾驶员引以为戒
远离酒驾 平安出行
གྱོད་དཔེ་དང་པོ།
རྩད་ཆོད་པའི་དུས་ཚོད། ༢༠༢༤ལོའི་ཟླ་༦ཚེས་༦ཉིན་གྱི་ཆུ་ཚོད་༦དང་སྐར་མ་༡༠ཐོག
སྒྲིག་འགལ་ས་གནས། ལྷ་ས་གྲོང་ཁྱེར་འདམ་ར་ལམ་དུམ་དང་པོ།
སྒྲིག་འགལ་བྱ་སྤྱོད། ར་བཟི་ནས་རླངས་འཁོར་བཏང་བ།
སྒྲིག་འགལ་པའི་མིང་། ཕུར་ཆེ་གེ་མོ།
ཆང་བཅུད་འདུས་ཚད། 106mg/100ml
01 案例一
查获时间:2024年6月6日6时10分许
违法地点:拉萨市当热路一段
违法行为:醉酒驾驶机动车
违法人姓名:普*
酒精浓度:106mg/100ml
གྱོད་དཔེ་གཉིས་པ།
རྩད་ཆོད་པའི་དུས་ཚོད། ༢༠༢༤ལོའི་ཟླ་༦ཚེས་༦ཉིན་གྱི་ཉིན་གུང་ཆུ་ཚོད་༦དང་སྐར་མ་༢ཐོག
སྒྲིག་འགལ་ས་གནས། ལྷ་ས་གྲོང་ཁྱེར་འདམ་ར་ལམ།
སྒྲིག་འགལ་བྱ་སྤྱོད། ར་བཟི་ནས་རླངས་འཁོར་བཏང་བ།
སྒྲིག་འགལ་པའི་མིང་། ཕུན་ཆེ་གེ་མོ།
ཆང་བཅུད་འདུས་ཚད། 109mg/100ml
02 案例二
查获时间:2024年6月6日6时14分许
违法地点:拉萨市当热路
违法行为:醉酒驾驶机动车
违法人姓名:平***
酒精浓度:109mg/100ml
གྱོད་དཔེ་གསུམ་པ།
རྩད་ཆོད་པའི་དུས་ཚོད། ༢༠༢༤ལོའི་ཟླ་༦ཚེས་༦ཉིན་གྱི་ཆུ་ཚོད་༦དང་སྐར་མ་༢༩ཐོག
སྒྲིག་འགལ་ས་གནས། ལྷ་ས་གྲོང་ཁྱེར་འདམ་ར་ལམ།
སྒྲིག་འགལ་བྱ་སྤྱོད། ར་བཟི་ནས་རླངས་འཁོར་བཏང་བ།
སྒྲིག་འགལ་པའི་མིང་། ཚེ་ཆེ་གེ་མོ།
ཆང་བཅུད་འདུས་ཚད། 112mg/100ml
03 案例三
查获时间:2024年6月6日6时29分许
违法地点:拉萨市当热路
违法行为:醉酒驾驶机动车
违法人姓名:泽***
酒精浓度:112mg/100ml
གྱོད་དཔེ་བཞི་པ།
རྩད་ཆོད་པའི་དུས་ཚོད། ༢༠༢༤ལོའི་ཟླ་༦ཚེས་༦ཉིན་གྱི་ཆུ་ཚོད་༧དང་སྐར་མ་༨ཐོག
སྒྲིག་འགལ་ས་གནས། ལྷ་ས་གྲོང་ཁྱེར་འདམ་ར་ལམ།
སྒྲིག་འགལ་བྱ་སྤྱོད། ར་བཟི་ནས་རླངས་འཁོར་བཏང་བ།
སྒྲིག་འགལ་པའི་མིང་། བཀྲ་ཆེ་གེ་མོ།
ཆང་བཅུད་འདུས་ཚད། 83mg/100ml
04 案例四
查获时间:2024年6月6日7时8分许
违法地点:拉萨市当热路
违法行为:醉酒驾驶机动车
违法人姓名:扎*
酒精浓度:83mg/100ml
ར་བཟི་འཁོར་གཏོང་དང་ཆང་འཐུང་འཁོར་གཏོང་གི་ཚད་གཞི།
༡ཆང་བཏུངས་ནས་རླངས་འཁོར་བཏང་བ།
ཁ་ལོ་བའི་ཁྲག་ནང་ཆང་བཅུད་འདུས་ཚད་20mg/100mlཟིན་པའམ་དེ་ཡན་ཟིན་ཡང་80mg/100mlམ་ཟིན་པར་རླངས་འཁོར་བཏང་བའི་བྱ་སྤྱོད།
༢ར་བཟི་ནས་རླངས་འཁོར་བཏང་བ།
ཁ་ལོ་བའི་ཟུངས་ཁྲག་ནང་ཆང་བཅུད་འདུས་ཚད་80mg/100mlཟིན་པའམ་དེ་ཡན་ཟིན་ནས་རླངས་འཁོར་བཏང་བའི་བྱ་སྤྱོད།
酒驾、醉驾标准
01 饮酒驾驶
是指驾驶人血液中的酒精含量大于或等于20mg/100ml且小于80mg/100ml的驾驶行为。
02 醉酒驾驶
是指驾驶人血液中的酒精含量大于或等于80mg/100ml的驾驶行为。
ཆང་རག་བཏུངས་ནས་རླངས་འཁོར་གཏོང་ཐེངས་དང་པོར་ཁ་ལོ་བའི་ལག་ཁྱེར་ཟླ་བ་༦གཞུང་བཞེས་གཏོང་བ་དང་། སྒོར་༡༠༠༠ནས་༢༠༠༠བར་གྱི་དངུལ་ཆད་གཏང་རྒྱུ་དང་སྐར་མ་ཆ་ཚང་འཐེན་གྱི་ཡོད།
ཆང་རག་བཏུངས་ནས་རླངས་འཁོར་གཏོང་ཐེངས་གཉིས་པར་ཁ་ལོ་བའི་ལག་ཁྱེར་རྩིས་མེད་བཟོ་བ་དང་། སྒོར་༡༠༠༠ནས་༢༠༠༠བར་གྱི་དངུལ་ཆད་གཏོང་བ་དང་ཉིན་༡༠མན་བཀག་ཉར་བྱ་རྒྱུ། ལོ་༢ནང་ཁ་ལོ་བའི་ཁ་ལོ་བའི་ལག་ཁྱེར་ལེན་པའི་ཡིག་རྒྱུགས་བཏང་མི་ཆོག
ར་བཟི་ནས་རླངས་འཁོར་བཏང་ཚེ་ཁ་ལོ་བའི་ལག་ཁྱེར་རྩིས་མེད་བཟོ་བ་དང་། ཉེས་དོན་འགན་འཁྲི་རྩད་གཅོད་བྱས་ཏེ་ལོ་ལྔའི་ནང་ཁ་ལོ་བའི་ལག་ཁྱེར་ལེན་པའི་ཡིག་རྒྱུགས་བཏང་མི་ཆོག
ཆང་རག་བཏུངས་ནས་ལས་གཉེར་སྐྱེལ་འདྲེན་རླངས་འཁོར་བཏང་ཚེ་ཁ་ལོ་བའི་ལག་ཁྱེར་རྩིས་མེད་བཟོ་བ་དང་། དངུལ་ཆད་སྒོར་༥༠༠༠གཏང་རྒྱུ་དང་ཉིན་༡༥བཀག་ཉར་བྱ་རྒྱུ། དེ་བཞིན་ལོ་ལྔའི་ནང་ཁ་ལོ་བའི་ལག་ཁྱེར་ལེན་པའི་ཡིག་རྒྱུགས་བཏང་མི་ཆོག
ར་བཟི་ནས་ལས་གཉེར་སྐྱེལ་འདྲེན་རླངས་འཁོར་བཏང་ཚེ་ཁ་ལོ་བའི་ལག་ཁྱེར་རྩིས་མེད་བཟོ་བ་དང་། ཉེས་དོན་འགན་འཁྲི་རྩད་གཅོད་བྱས་ཏེ་ལོ་བཅུའི་ནང་ཁ་ལོ་བའི་ལག་ཁྱེར་ལེན་པའི་ཡིག་རྒྱུགས་བཏང་མི་ཆོག དེ་བཞིན་ལས་གཉེར་སྐྱེལ་འདྲེན་རླངས་འཁོར་བཏང་མི་ཆོག
ཆང་བཏུངས་བ་དང་ར་བཟི་ནས་རླངས་འཁོར་བཏང་སྟེ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་པའི་ཉེས་པ་གསག་ཚེ་ཁ་ལོ་བའི་ལག་ཁྱེར་རྩིས་མེད་བཟོ་བ་དང་། ཉེས་དོན་འགན་འཁྲི་རྩད་བཅད་དེ་ཚེ་གང་ཁ་ལོ་བའི་ལག་ཁྱེར་ལེན་པའི་ཡིག་རྒྱུགས་བཏང་མི་ཆོག
གཤམ་གྱི་པར་རིས་ཐོག་མནན་ན་དེ་སྔོན་སྤེལ་ཟིན་པའི་ནང་དོན་ཁག་ཅིག་གཟིགས་ཐུབ།
དུས་ཚོད་ཡོད་ན་གཟིགས་ཙམ་གྱིས།
ལྷག་བསམ་བཟང་པོས་བརྒྱུད་བསྐུར་བྱོས།
གཞན་ཕན་བྱེད་པའི་ནུས་མེད་ཀྱང་།
དེ་ཡི་བསམ་པ་རྟག་ཏུ་འཆང་།