༄༅། །འབྲིང་རྒྱུགས་ཤེས་བྱ་ཕྱོགས་བསྒྲིགས་དྲིས་ལན་བརྒྱ་བ། ཁག་དང་པོ།

文化   2024-04-12 21:59   西藏  


 

སྐུ་ཉིད་༼  ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་  ༽ཀྱི་འཕྲིན་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།

དང་ཐོག་ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་ཚབ་ཞུས་ནས་སྙིང་ཉེ་བའི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ལ་ཁམས་བདེའི་འཚམས་འདྲི་ཞུ། དེ་ཡང་ངེད་ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་འཕྲིན་སྟེགས་འདི་ནི་སྤྱི་ལོ་༢༠༡༥ལོར་ཐོ་འགོད་བྱས་ཤིང་ད་བར་ངེད་འཕྲིན་སྟེགས་ལ་དོ་ཁུར་གནང་མཁན་མི་ཁྲི་བཅུ་ལྷག་ཙམ་ཟིན་གྱི་ཡོད། ལོ་འདི་དག་རིང་ངེད་འཕྲིན་སྟེགས་ཀྱིས་བོད་ཀྱི་རིག་གནས། གློག་བརྙན།   མུ་འབྲེལ་བརྙན་འཕྲིན།   སྒོར་གཞས།   ཆང་གཞས།   ནང་མ་སྟོད་གཞས།   དགོད་བྲོའི་གཏམ་གླེང་།   ཁྲབ་མཚན་ཐུང་གྲས།   སྒྲུང་གཏམ།   ལོ་རབས་བརྒྱ་ཅུའི་གླུ་གཞས།   བྱིས་གླུ།  རྒྱབ་ལྗོངས་གླུ་གཞས། བོད་ཀྱི་ཁྱད་ཆོས་ལྡན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་རའི་དྲིལ་བརྡ།   སྙན་ངག་འགྱེར་འདོན་ལ་སོགས་པའི་ནང་དོན་མི་ཉུང་བ་ཞིག་སྤེལ་བཞིན་མཆིས།    དེ་དག་ཚང་མ་ཆ་སྙོམས་ཀློག་གྲངས་སྟོང་ཕྲག་ཁ་ཤས་ལས་འགལ་བ་ཤ་སྟག་ཡིན་ལ་རྒྱ་ཆེའི་གྲོགས་པོ་གྲོགས་མོ་ཚོས་ཀྱང་དགའ་བསུ་གྲངས་མེད་ཐོབ་བཞིན་ཡོད།    མ་ཟད་ད་དུང་མུ་མཐུད་མ་འོངས་པའི་བགྲོད་ལམ་རིང་མོའི་ཁྲོད་ནང་དོན་ཐད་ཉིན་རེ་ལས་མ་འདས་པར་ཕུན་གསུམ་ཇེ་ཚོགས་དང་སྤུས་ཚད་ཇེ་ལེགས་སུ་གཏོང་འཆར་ཡོད་པས། གལ་ཏེ་སྐུ་ཉིད་ཐུགས་མཉེས་པོ་བྱུང་སོང་ན་འཕྲིན་སྟེགས་འདི་གཞན་ལའང་འོས་སྦྱོར་མང་ཙམ་གནང་རོགས།    ལྷན་རྒྱས་ནས་དུས་དང་རྣམ་པ་ཀུན་དུ་ངེད་འཕྲིན་སྟེགས་འདི་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

  ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་འཕྲིན་སྟེགས་འདི་ལ་དོ་ཁུར་གནོངས་དང་།  འདི་ན་ཕུན་ཚོགས་འདོད་རྒུའི་ལོངས་སྤྱོད་འཛོམས་ཤིང་ཀུན་ལ་མཁོ་བའི་འདོད་ཡོན་བཤམས་ཡོད།  གལ་

ཏེ་ཁྱེད་རང་སྣ་མང་ཤེས་རིག་གི་རྩི་བཅུད་རྒུམ་པའི་གཡུ་སྦྲང་ཞིག་ཡིན་ན།  འདི་ནི་ངེས་པར་ཁྱེད་ལ་མཁོ་བའི་མེ་ཏོག་སྐྱེད་ཚལ་ལོས་ཡིན། 




༄༅།།  འབྲིང་རྒྱུགས་ཤེས་བྱ་ཕྱོགས་བསྒྲིགས་དྲིས་ལན་བརྒྱ་བ།    ཁག་དང་པོ།

༡. མིང་མཐའི་པ་བ་ཡོད་ཚད་བདག་སྒྲ་ཡིན་ནམ།རྒྱུ་མཚན་ཅི་ཡིན།

ལན།མིང་མཐའི་པ་བ་ཡོད་ཚད་བདག་སྒྲ་ཡིན་པའི་ངེས་པ་མེད།       རྒྱུ་མཚན་ནི་དཔེར་ན་  གྲོད་པ་  ཐག་པ་ ལྟ་བ་  ལོ་མ་སོགས་མིང་མཐའ་ཡིན་པ་ལས་བདག་སྒྲ་མིན་།

༢.སྔོན་གྱི་བཙན་པོའམ་རྒྱལ་པོ་བཞུགས་སའི་མཁར་ལ་དམིགས་གསལ་གྱི་ཁྱད་ཆོས་གང་དང་གང་འདུག་གམ།

ལན།ཁྱད་ཆོས་ནི་གཅིག་རྩེ་མོ་མདའ་མདུང་གི་བརྒྱན་པ་དམར་ཟིང་ངེ་བ།    གཉིས་ལ་རྩེ་སོགས་བརྩིགས་པ་དེའོ།།

༣.ཆོས་དཔེ་དང་དངོས་དཔེ་གཉིས་ལ་འདྲ་བའི་ཆ་དང་མི་འདྲའི་བའི་ཆ་གང་ཡོད།

ལན།འདྲ་བའི་ཆ་ནི་དཔེ་དཔེ་ཅན་གཉིས་ཀྱི་མིང་དངོས་སུ་འགོད་པ་དང་གཉིས་ཀར་མཚུངས་པ་གསལ་བྱེད་ཀྱི་སྒྲ་དངོས་སུ་སྦྱོར་བ་   དཔེའི་སྒོ་ནས་བརྗོད་འདོད་ཀྱི་དོན་ནམ་དཔེ་ཅན་མཚོན་པར་བྱེད་པ།    མི་འདྲ་བའི་ཆ་ནི་མཚུངས་ཆོས་བརྗོད་ཡོད་མེད་ཀྱི་ཁྱད་པར་ཡིན།

༤.གང་ཟག་ལ་མི་རྟོན་ཆོས་ལ་རྟོན།       (གོ་དོན་འབྲི་དགོས།)

ལན།གཏམ་དང་བྱ་བ་སོགས་བྱེད་མཁན་གྱི་གང་ཟག་དེ་ཇི་འདྲ་ཞིག་ཡིན་པར་མི་བལྟ་བར་དེས་བཤད་པའི་གཏམ་མམ་བྱས་པའི་བྱ་བ་གང་ཡིན་པ་དེ་ཆ་འཇོག་འཕེར་བ་ཞིག་ཡིན་ན་དེར་ཡིད་ཆེས་བྱེད་དགོས་ཞེས་པའི་དོན་ཡིན།

༥. ས་མཐར་དམིགས་བསལ་“ཞེས་”སྦྱོར་བའི་རྒྱུ་མཚན་ཅི།

ལན།ས་མཐར་ཤེས་སྦྱར་ན་མི་བདེ་བས་དམིགས་བསལ་གྱི་“ཞེས་”ཐོབ་པ་དང་།  ཡང་ན་རྗེས་འཇུག་ས་མཐའ་ཅན་ལ་ཤེས་རྟོགས་དོན་དང་ནོར་ཉེན་ཆེ་བས་དམིགས་བསལ་གྱི་“ཞེས་”སྦྱར་བ་ཡིན།

༦. ཅི་ཞིག་ལ་ལེགས་བཤད་ཟེར།

ལན།འཇིག་བརྟེན་གྱི་བླང་དོར་གནས་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་བསླབ་བྱའི་ཟབ་དོན་ཕུན་སུམ་ཚོགས་པའི་བརྩམས་ཆོས་ལ་བྱའོ།།

༧. སྐར་མ་རྀ་ཥི་དུས་ནམ་ཞིག་ལ་ཕྱོགས་གང་ནས་ཤར་བ་མཐོང་ཐུབ་བམ།

ལན།བོད་ལྗོངས་ས་མཐོ་ནས་སྟོན་ཟླ་འབྲིང་པོའི་ནང་ལྷོ་ཕྱོགས་ནས་མཐོང་ཐུབ།

༨. ངའི་ཨ་མའི་ཕོར་པ་གཙང་མ་ཡིན་ཞེས་པའི་དོན་ཅི་ཡིན།

ལན།རང་གི་ཨ་མའི་ཕོར་པ་རང་གི་གཙང་མར་མཐོང་ཡང་གཞན་ངོར་དེ་ལྟར་མ་ཡིན་པ་བཞིན་རང་གི་ཡོད་ཚད་ཡང་དག་པ་དང་བདེན་པར་འཛིན་པའི་ལྟ་བ་མཁྲེགས་འཛིན་བྱེད་མི་རུང་བའི་དོན་ནོ་།

༩. ལས་སུ་བྱ་བ་དང་དགོས་ཆེད་གཉིད་ལ་ཁྱད་པར་ཅི།

ལན།གཉིས་པ་ལས་སུ་བྱ་བ་ནི་བྱེད་པ་པོ་གང་ཞིག་ཚིག་ཟིན་ལ་དངོས་སུ་གསལ་མིན་ཇི་ལྟར་ཡང་བྱ་བའི་ཡུལ་ཞིག་གཙོ་བོར་བཟུང་ནས་བྱ་བ་བྱས་པ་ཙམ་སྟོན་པ་ལ་ཟེར་།   བཞི་པ་དགོས་ཆེད་ཅེས་པ་ནི་ལ་དོན་གྱི་ཕྲད་གང་ཡང་རུང་བ་ཞིག་གིས་དགོས་པ་གང་ཞིག་གི་ཆེད་དུ་བྱ་བ་གང་ཞིག་བྱས་པ་ཚིག་ཟིན་དུ་གསལ་པོར་བསྟན་པ་ཞིག་ལ་ཟེར་།

༡༠. འཕྲིན་ཡིག་ཚང་དགོས་པའི་དོན་ཚན་གང་དང་གང་ཡོད་པ་་བྲིས་།

ལན།དོན་ཚན་བརྒྱད་ཚང་དགོས་ཏེ་  དང་པོ་གང་ལ་སྐུར་ཡུལ་གྱི་ཆེ་བ་བརྗོད་པ་   གཉིས་པ་ འདུད་པ་དང་བཅས་པའི་ཞེ་ས་   གསུམ་པ་ ཁམས་བདེའི་དྲི་བ་   བཞི་པ་ རང་གི་གནས་ཚུལ་  ལྔ་པ་ སྐབས་དོན་དངོས་   དྲུག་པ་ སླད་ཆར་དགེ་བའི་སྨོན་འདུན་བདུན་པ་ ལོ་ཟླ་ཚེས་གྲངས་དང་རང་མིང་བཅས་སོ།

༡༡. ཅི་ཞིག་ལ་ལྷག་བཅས་ཟེར་།  ལྷག་བཅས་ལ་ཕྲད་ཅི་ཙམ་ཡོད།

ལན།མིང་དང་ཚིག་གང་གི་མཐར་སྦྱར་ཡང་ཚིག་དོན་སྔ་མ་མ་རྫོགས་པར་སླར་ཡང་ཚིག་དོན་ལྷག་མ་ཡོད་པར་སྟོན་པ་ལ་འཇུག་པ་ཡིན།  ཕྲད་ནི་ཏེ་དེ་སྟེ་གསུམ་མོ།

༡༢.མི་ལ་རལ་པ་མ་སྨད་གསུམ་ལ་སྡུག་པོ་གཏོང་མཁན་སུ་ཡིན་པ་དང་།  ཁོ་ཚོའི་དམིགས་ཡུལ་ཅི་ཡིན།

ལན།ཨ་ཁུ་དང་ཨ་ནེ་གཉིས་ཡིན་ལ་ཁོ་ཚོའི་དམིགས་ཡུལ་ནི་གཞན་གྱི་རྒྱུ་ནོར་ལ་བདག་གཉེར་བྱས་ཕྱིར་སྤྲོད་འདོད་མེད་པ་དེ་ཡིན།

༡༣. “རིགས་དང་བྱ་བ་ཡོན་ཏན་རྫས་”ཞེས་པའི་“རིགས་”དང་“ཡོན་ཏན་”གཉིས་ལ་ངོས་འཛིན་ཇི་ལྟར་བྱེད་དགོས།

ལན།རིགས་ནི་རིགས་མཐུན་གྱི་དངོས་པོ་སྤྱི་ལ་གོ་དགོས་།  ཡོན་ཏན་ནི་དངོས་པོ་དེའི་བྱེད་ལས་སམ་ནུས་པ་ལ་གོ་དགོས།

༡༤. གང་འདྲ་ཞིག་ལ་བསྡུས་བརྗོད་རྩོམ་ཡིག་ཟེར།

ལན།བརྗོད་འདོད་ཀྱི་དངོས་པོ་འགའ་ཞིག་ལ་བསམ་པར་བྱས་ནས་དེ་དང་ཆོས་མཚུངས་པའི་དཔེའི་དངོས་པོ་གཞན་དག་ཚིག་ཏུ་བཀོད་པའི་སྒོ་ནས་དཔེ་ཅན་དེ་ཤུགས་ཀྱིས་བསྡུས་པའི་ཚུལ་དུ་བརྗོད་པ་ཞིག་ལ་ཟེར།

༡ ༥.  བྱེད་སྒྲ་དང་འབྲེལ་སྒྲའི་འདྲ་ས་དང་མི་འདྲ་ས་གང་ཡིན།

ལན།འདྲ་ས་ནི་ཕྲད་ཀྱི་འཇུག་ཚུལ་དང་སྦྱོར་ཚུལ་ནི་གཅིག་མཚུངས་ཡིན་། མི་འདྲ་ས་ནི་མིང་ཚིག་སྔ་ཕྱིའི་འབྲེལ་བ་སྟོན་པའི་འབྲེལ་སྒྲ་དང་བྱེད་པ་པོ་ཞིག་གིས་བྱ་བ་བྱས་པ་སྟོན་པའི་བྱེད་སྒྲ་ཡིན་པའི་ཁྱད་པར་ཡོད་།

༡༦.ཕོ་བྲང་པོ་ཏ་ལའི་དབུས་ཀྱི་ཕོ་བྲང་དམར་པོ་གསར་བཞེངས་བྱས་པ་དེས་ལོ་རྒྱུས་ཀྱི་དོན་སྙིང་གང་ཞིག་མཚོན་ཡོད།

ལན།དེ་ཡིས་བོད་བལ་རྒྱ་སོགས་མི་རིགས་བཞིའི་བཟོ་བོ་རྣམས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱི་རྣམ་པ་གཟུགས་སུ་བཀོད་པའི་སྒྱུ་རྩལ་མཚོན་བྱེད་ཅིག་ཡིན།

༡༧. སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས་ཞེས་པའི་དོན་གང་ཡིན།

ལན།འབྱེད་སྡུད་ཀྱི་ཕྲད་རྣམས་སྦྱོར་ཚུལ་སླར་བསྡུའི་ཕྲད་སྦྱོར་ཚུལ་དང་མཚུངས་པའི་དོན།

༡༨. ཐང་སྟོང་རྒྱལ་པོའི་བོད་ཀྱི་འགྲིམ་འགྲུལ་དང་རིག་གནས་ཐད་བྱས་རྗེས་གཙོ་བོ་གང་དང་གང་བཞག་ཡོད།

ལན།ཟམ་པ་གསར་བཟོ་དང་ལྷ་མོ་གསར་གཏོད་བྱས་པ་ཡིན།

༡༩.  ཕྲད་རང་དབང་ཅན་དང་གཞན་དབང་ཅན་གྱི་ཁྱད་པར་ཅི།

ལན།རྗེས་འཇུག་ལ་བལྟོས་དགོས་པ་དང་མི་དགོས་པའི་ཁྱད་པར་ཡོད།

༢༠.  ཆོས་དཔེ་ཞེས་པའི་“ཆོས་”དེ་གང་ལ་ངོས་འཛིན་བྱེད་དགོས།

ལན།མཚུངས་ཆོས་ལ་ངོས་འཛིན་དགོས།  (དཔེ་དང་དཔེ་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལ་གོ)

༢༡.བོད་ཀྱི་ལོ་རྒྱུས་ཐོག་སྔ་བ་བཞི་དེ་གང་དང་གང་ཡིན་ནམ་།

ལན།ཡུལ་ལ་སྔ་བ་ཡར་ལུང་     གྲོང་ལ་སྔ་བ་མོན་གྲོང་ཤར་པ་  རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་     ཞིང་ལ་སྔ་བ་ཞལ་ཟས་ཞིང་།

༢༢.ཡོན་ཏན་རང་བཞིན་བརྗོད་པའི་“ཡོན་ཏན་”ཞེས་པ་གང་ལ་ངོས་འཛིན་དགོས་།

ལན།དངོས་པོའི་བྱེད་ལས་སམ་ནུས་པ་ལ་གོ་དགོས།

༢༣. མོན་ཡུལ་རྡོར་གཅོད་ཅེས་པའི་དོན་གང་ཡིན།

ལན།བླང་དོར་གྱི་གནས་ལ་འཕྱུག་པའམ་ནོར་བའི་དོན།

༢༤. བོད་དུ་ཡིག་འགྱུར་ཁང་ཐོག་མ་དེ་སུས་གང་དུ་བཙུགས་པ་ཡིན།

ལན།བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་སུ་སྒྲ་བསྒྱུར་རྒྱ་གར་གླིང་བཙུགས།

༢༥.  པར་སྐྲུན་ལས་རིགས་དར་བ་དེས་བོད་སྐད་ཡིག་གཅིག་གྱུར་ཡོང་བར་ནུས་པ་ཇི་འདྲ་ཐོན་ཡོད།

ལན།མདོར་ན་རིག་གཞུང་དར་རྒྱས་དང་ཡིག་གཟུགས་གཅིག་གྱུར་སྐད་ཡིག་གཅིག་གྱུར་བྱུང་བ་སོགས་བྱེད་ནུས་གལ་ཆེན་ཐོན་ཡོད་།

༢༥.  འབྱེད་སྡུད་ཀྱི་འབྱེད་པ་དང་སྡུད་པ་གཉིས་ལ་ཁྱད་པར་གང་ཡོད་།

ལན།འབྱེད་པ་ནི་དབྱེ་གཞི་གཅིག་ལས་དབྱེ་བ་སོ་སོར་འབྱེད་པ་དང་སྡུད་པ་ནི་བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པའི་ཁྱད་པར་།

༢༦. མི་ལ་རས་པ་མ་སྨད་གསུམ་སྒོ་ཁྱི་ལྟར་ཕུད་པ་དེ་འཇིག་རྟེན་གྱི་ཁ་དཔེ་གང་དྲངས་ཡོད།

ལན།མི་བདག་བདག་ཏུ་རེ་བདག་པོ་སྒོ་ཁྱིར་འདོན་ཞེས་པ་འདི་དྲངས་ཡོད།

༢༧. གང་འདྲ་ཞིག་ལ་ཚིགས་བཅད་རྩོམ་ཡིག་ཟེར།

ལན།ལུས་ཀྱི་ཆ་ནས་ཚིག་རྐང་བཞི་པོ་སོ་སོར་ཚེག་བར་མང་ཉུང་མ་ཤོར་བར་གཅིག་མཚུངས་ཡིན་པའི་བཅད་རྩོམ་ལ་བྱ།

༢༨. ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་གྱི་མཛད་རྗེས་གཙོ་བོ་གང་དག་ཡིན།

ལན།བོད་ལ་རིག་གནས་བཅུའི་རྣམ་བཞག་གསར་དུ་གཏོད་པ་དང་  བོད་ས་གནས་དང་མེས་རྒྱལ་གོང་བུ་གཅིག་གྱུར་བྱས་པའི་བྱ་བཞག་ནང་བྱས་རྗེས་ཆེན་པོ་བཞག་ཡོད།

༢༩. བདག་ལ་ཡུལ་མི་ཁྱིམ་མཚེས་སྐྱིད་དུ་ཕངས་པ་འགའ་བདོག་པ་ཞེས་པར་འགྲེལ་བཤད་གྱིས་ཤིག

ལན།བདག་ལ་ཡུལ་མི་ཁྱིམ་མཚེས་སྐྱེད་དུ་ཕངས་པའམ་སྐྱིད་པོ་བྱུང་ན་མི་དགའ་བ་དགའ་ཡོད་ཞེས་པའི་དོན།

༣༠. གང་འདྲ་ཞིག་ལ་གཟུགས་ཅན་གྱི་གཟུགས་ཅན་ཟེར།

ལན།ཐོག་མར་དནེ་ཅན་དེ་ཉིད་དཔེ་གཅིག་གི་གཟུགས་སུ་བཀོད་ནས་སླར་ཡང་དེ་ཉིད་དཔེ་གཞན་ཞིག་གི་གཟུགས་སུ་བཀོད་པ་ཞིག་ཡིན།


༣༡.  བོད་ཀྱི་ཡི་གེ་བྱུང་ཚུལ་ལ་ལྟ་ཚུལ་མི་འདྲ་བ་གཉིས་ཡོད་པ་གང་དང་གང་རེད་དམ།

ལན།དང་པོ་  ད་ལྟ་སྤྱོད་བཞིན་པའི་བོད་ཡོག་འདི་ནི་སྲོང་བཙན་སྐབས་སུ་ཐོན་མི་གསར་བཟོ་མཛད་པ།    གཉིས་པ་བོན་རྣམས་ཀྱི་སྲོང་བཙན་གོང་ནས་བོད་ཡིག་ཡོད་པར་་བཤད་པ་དེའོ།།

༣༢. ཀྱེ་དང་ཀྭ་ཡེ་འབོད་སྒྲ་སྟེ།  ཕལ་ཆེར་མིང་གི་ཐོག་མར་སྦྱར་ཞེས་པའི་ཕལ་ཆེར་སྨྲོས་པ་ལ་དགོས་པ་གང་ཡོད།

ལན།ཕལ་ཆེར་ཞེས་པའི་དོན་ནི་ཕལ་ཆེ་བའམ་མང་ཆེ་བ་ཞེས་པའི་དོན།

༣༣. སྤྱིར་ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་དབྱེ་བ་རིགས་གཉིས་ཡོད་པ་གང་དག་ཡིན།

ལན།མི་སྣ་གཙོ་བོར་བརྗོད་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་།   བྱ་བ་གཙོ་བོར་བརྗོད་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་གཉིས་ཡོད།

༣༤. ང་ཚོ་བོད་ཀྱི་བོད་ཡིག་གི་པར་གཞི་ཐོག་མའི་རྒྱུ་ཆ་ཅི་ཞིག་ཡིན།

ལན།བོད་ཀྱི་བོད་ཡིག་གི་པར་གཞི་ཐོག་མ་ནི་ཤིང་པར་ཡིན།

༣༥. བོད་ཀྱི་དར་ལྕོག་འཛུགས་སྲོལ་དེ་ཇི་ལྟར་བྱུང་བ་ཡིན་ནམ།

ལན།ཐོག་མར་དམག་གི་རྟགས་སུ་མངོན་ལ་རྗེས་སོར་ཆོས་ཀྱི་ལས་སུ་སོང་བས་སྒོ་སྟེང་དུ་དར་ལྕོག་སློང་བའི་སྲོལ་བྱུང་།

༣༥. ཁོར་ཡག་ཞིབ་འབྲི་བྱེད་པ་ཞེས་པར་རྣམ་པ་ག་ཚོད་ཡོད།

ལན།སྤྱི་ཚོགས་ཁོར་ཡུག་གི་ཞིབ་འབྲི་དང་རང་བྱུང་་ཁོར་་ཡུག་གི་ཞིབ་འབྲི་གཉིས་ཡོད།

༣༦.ཐང་སྟོང་རྒྱལ་པོས་མི་ཚེ་གང་པོར་ལྕགས་ཟམ་ཅི་ཙམ་བསྐྲུན་པ་དང་ཐེངས་དང་པོར་བསྐྲུན་པའི་ལྕགས་ཟམ་གང་ཡིན།

ལན།ལྕགས་ཟམ་༥༨སྐྲུན་པ་དང་ཐེངས་དང་པོར་སྐྱིད་ཆུའི་ལྕགས་ཟམ་སྐྲུན་པ་ཡིན།

༣༧. སྙན་རྩོམ་ཡིན་ན་རྩོམ་ལུས་ཚིགས་བཅད་ཁོ་ནར་བརྟེན་དགོས་སམ།རྒྱུ་མཚན་ཅི།

ལན།ངེས་པ་མེད་  རྒྱུ་མཚན་ནི་སྙན་རྩོམ་གྱི་རྩོམ་ལུས་ལ་བཅད་ལྷུག་སྤེལ་གསུམ་ཡོད་པའི་ཕྱིར།

༣༨. དངོས་དཔེ་་ཞེས་པའི་དངོས་དེ་གང་ལ་ངོས་འཛིན་བྱེད་དགོས།

ལན།དཔེ་དང་དཔེ་ཅན་གཉིས་མཚུངས་པ་ཙམ་ཞིག་དངོས་སུ་བརྗོད་པའི་དངོས་ལ་གོ

༣༩. དཔེ་རྒྱན་དང་གཟུགས་རྒྱན་གཉིས་ལ་ཁྱད་པར་གང་ཡོད།

ལན།དཔེ་དང་དཔེ་ཅན་གཉིས་ངོ་བོ་ཐ་དད་པར་བཀོད་པ་ལ་བརྟེན་ནས་དེ་གཉིས་མཚུངས་པར་རྟོགས་པར་བྱེད་པ་ནི་དཔེ་རྒྱན་དང་གཟུགས་རྒྱན་ནི་དཔེ་དང་དཔེ་ཅན་གཉིས་ལ་ངོ་བོ་ཐ་དད་དུ་མ་བྱས་པར་བརྗོད་པར་འདོད་པའི་དོན་དེ་ཉིད་དཔེའི་གཟུགས་སུ་བཀོད་པ་ཡིན།

༤༠. “མི་ལ་འཕྱ་གསུམ་འཕྱ་བ་ལས་།  རང་ལ་འཛོམས་གསུམ་འཛོམས་པ་དགོས་”ཞེས་པའི་གཏམ་དཔེའི་དོན་མདོར་བསྡུས་བྲིས་དང་།    

ལན།གཞན་ལ་འཕྱ་བ་ལ་རང་མཛེས་པོ་དང་སྤམ་པོ་དགོས་པ་བསྟན་ཡོད།

༤༡. གླང་པོ་ལ་སོགས་སྲོགས་ཆགས་བཞི་།། འཛོམས་ནས་བསླབ་ཁྲིམས་བཅས་ལ་ལྟོས་།།  ཞེས་པའི་ལེགས་བཤད་གཏམ་རྒྱུད་འདིའི་བསྟན་དོན་གང་ཡིན།

ལན།མཐུན་པ་སྤུན་བཞིའི་རྒན་བཀུར་གཞོན་གཅེས་དང་   མཛའ་མཐུན་མཉམ་རོགས་།  འཆམ་མཐུན་ཞི་བདེའི་འཚོ་བར་མོས་པའི་རྣམ་པ་བསྟན་ཡོད་པ་ལྟ་བུའོ།།

༤༢.  “ བཞིན་ཟླ་འཛུམ་པའི་ཟླ་འོད་”ཅེས་པའི་དཔེར་བརྗོད་འདིའི་དཔེ་དང་དཔེ་ཅན་དབྱེ་བ་འབྱེད་དང་།

ལན་དཔེར་་བརྗོད་འདིའི་བཞིན་དང་འཛུམ་པ་གཉིས་དཔེ་ཅན་དང་ཟླ་དང་ཟླ་འོད་ནི་དཔེ་རུ་བཀོད་ཡོད།

༤༣.  རྒྱལ་པོ་སྲོང་བཙན་སྒམ་པོའི་མཛད་རྗེས་གཙོ་བོ་ཆེ་བ་གསུམ་ཡན་བྲིས།

ལན།བོད་ཡོངས་གཅིག་གྱུར་བཟོས་པ་བཙན་པོའི་སྲིད་དབང་གི་གཞི་ལྷ་སར་སྤོས་པ་བོད་ཡིག་གསར་གཏོད་མཛད་པ་ཁྲིམས་སྲོལ་གཏན་ལ་ཕབ་པ་རྒྱལ་ཁབ་དང་སྤུན་ཟླའི་བར་མཐུན་ལམ་གྱི་འབྲེལ་བ་བཙུགས་པ།

༤༤.  བྱེད་འབྲེལ་གཉིས་ཀྱི་ཕྲད་ལ་ཁྱད་པར་གང་ཡོད།

ལན།སྒྲ་ལ་རྗེས་འཇུག་ས་ཡིག་ཡོད་མེད་དང་དོན་ལ་བྱ་བ་བྱས་མ་བྱས་སོགས་ཀྱི་ཁྱད་པར་ཡོད།

༤༥.  གང་འདྲ་ཞིག་ལ་ཚིག་ཕྲད་ཟེར།  ཚིག་ཕྲད་ལ་ནུས་པ་གང་ཡོད།

ལན།ཚིག་གཞན་དང་ཕྲད་ན་དོན་སྟོན་ཐུབ་པ་དང་ཚིག་གཞན་དང་མ་ཕྲད་ན་དོན་མི་སྟོན་པས་ཚིག་ཕྲད་ཟེར་བ་དང་མིང་ཚིག་སྔ་ཕྱི་མཚམས་སྦྱོར་བའི་ནུས་པ་ཡོད།

༤༦.བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བསམ་ཡས་གཙུག་ལག་ཁང་བཞེངས་དགོས་པའི་དགོས་པ་གང་ཡིན།

ལན།བོད་གངས་ཅན་གྱི་ཡུལ་དུ་སངས་རྒྱས་ཆོས་ལུགས་ཀྱི་རྩ་བ་བཙུགས་ཕྱིར་ཡིན།

༤༧.གནའ་རབས་བོད་དུ་ཆོས་སྲིད་གཉིས་ཀར་མཛད་རྗེས་ཆེ་བའི་བཙན་པོ་མེས་དབེན་རྣམ་གསུམ་ཞེས་པ་སུ་དང་སུ་ཡིན།

ལན།སྲོང་བཙན་སྒམ་པོ་དང་།  ཁྲི་སྲོང་ལྡེ་བཙན།  ཁྲི་རལ་པ་ཅན་བཅས་ལ་གོ་དགོས།

༤༨. བེེ་རོ་ཙ་ན་ནམ་མཁའ་དག་དང་མཉམ།།    སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ།།

རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ།།    ཁོ་བོ་དེའི་དྲུང་སྲིན་འབུ་མེ་ཁྱེར་བཞིན།།     ཞེས་པའི་ཚིགས་བཅད་དེའི་བསྟན་དོན་འབྲི་དགོས།

ལན།ཚིགས་བཅད་དེས་བེེ་རོ་ཙ་ནའི་སྐད་གཉིས་སྨྲ་བའི་མཁྱེན་རྒྱ་ནི་མུ་མཐའ་མེད་པའི་ནམ་མཁའ་དང་མཉམ་པ་དང་།ལོ་ཙྰ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱི་སྐད་གཉིས་སྨྲ་བའི་མཁྱེན་རྒྱ་ནི་ནམ་མཁའི་སྐར་ཚོགས་དབུས་ཀྱི་ཐོ་རངས་སྐར་ཆེན་དང་འདྲ་ལ་ཁོ་བོ་སྟེ་རྔོག་ལོ་ཆེན་བློ་ལྡན་ཤེས་རབ་ཀྱིས་ཁེངས་སྐྱུང་གི་ངང་ཚུལ་བཅངས་ཏེ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་བེེ་རོ་ཙ་ན་ནི་སྐད་གཉིས་སྨྲ་བ་གཞན་དྲིང་མི་འཇོག་པའི་གྲགས་ཅན་གྱི་ལོ་ཙྰ་བ་ཞིག་ཡིན་པར་ཆེ་བསྟོད་བྱས་པའོ།།

༤༩. བོད་ཀྱི་ལེགས་བཤད་གྲགས་ཆེ་བ་བཞི་ནི་གང་དག་ཡིན།

ལན།« ས་སྐྱ་ལེགས་བཤད་» «  དགེ་ལྡན་ལེགས་བཤད་»   «རྒྱལ་པོ་ལུགས་ཀྱི་བསྟན་བཅོས་» « ཆུ་ཤིང་བསྟན་བཅོས་»བཅས་སོ་།

༥༠. མོ་ཀོ་བྲག་ཕུག་དེ་ས་ཆ་གང་དུ་ཡོད་པ་དང་།  བྲག་ཕུག་དེའི་མིང་གཞན་ལ་གང་ཟེར།

ལན།མོ་ཀོ་བྲག་ཕུག་ནི་ད་ལྟ་ཀན་སུའུ་ཞིང་ཆེན་གྱི་བྱང་མཐའི་ཏུན་ཧོང་རྫོང་གི་ཁོངས་སུ་ཡོད་པ་དང་།  བྲག་ཕུག་དེའི་མིང་གཞན་ལ་ལྷ་སྐུ་སྟོང་གི་བྲག་ཕུག་ཀྱང་ཟེར་།

༥༡. ཚིག་ཕྲད་ལ་རྩ་བའི་དབྱེ་བ་གང་དག་ཡོད།

ལན།རྩ་བའི་དབྱེ་བ་གཉིས་ཡོད་པ་སྟེ་རྗེས་འཇུག་ལ་བལྟོས་པའི་ཕྲད་གཞན་དབང་ཅན་དང་རྗེས་འཇུག་ལ་མི་བལྟོས་པའི་ཕྲད་རང་དབང་ཅན་གཉིས་སོ་།

༥༢. དབུ་མེད་ཀྱི་བྱེ་བྲག་ཡིག་གཟུགས་གཙོ་བོ་ཆེ་བ་གང་དང་གང་ཡོད།

ལན།ཚུགས་ཐུང་དང་།     དཔེ་ཚུགས།     འབྲུ་ཚ།      འཁྱུག་ཡིག་སོགས་ཡོད་།

༥༣.  གང་འདྲ་ཞིག་ལ་སྡེབ་སྦྱོར་ཉམས་པའི་སྐྱོན་ཟེར་རམ་།

ལན།ཚིགས་བཅད་ཤོ་ལོ་ཀ་གཅིག་གི་ནང་དུ་ཚིག་རྐང་སོ་སོའི་ཚིག་བར་མང་ཉུང་ཤོར་བ་ཡིན་ན་སྡེབ་སྦྱོར་ཉམས་པའི་སྐྱོན་ཟེར་།

༥༤. འབག་སྐུའི་ཞལ་རས་ལ་གསེར་བཟང་བཙོ་མའི་ཁུ་བ་བྱུགས་དོན་ཅི།

ལན།འབུལ་བ་ལེན་པ་དང་།   གཞན་རྒྱུ་གཡོ་འཕྲོག་བྱེད་པའི་སླད་དུ་འོ།།

༥༥.   བོད་ཀྱི་པར་ཁང་ཆེ་ཤོས་བཞི་གང་དང་གང་ཡིན་ནམ།

ལན།སྣར་ཐང་པར་ཁང་  སྡེ་དགེ་པར་ཁང་  ཅོ་ནེ་པར་ཁང་   ཞོལ་པར་ཁང་བཅས་བཞི་ཡོད།

༥༦. དགེ་ལྡན་ལེགས་བཤད་ཆ་ཚང་ལ་ཚིགས་བཅད་ཤོ་ལོ་ཀ་ག་ཚོད་དང་ལེའུ་ག་ཚོད་ཡོད་མཚན་ཆ་ཚང་ལ་ཅི་ཟེར།

ལན།ཚིགས་བཅད་ཤོ་ལོ་ཀ་བརྒྱ་དང་ཉེར་ལྔ་ཡོད་པ་རྣམས་ས་བཅད་གསུམ་དུ་དབྱེ་ཡོད།     མཚན་ཆ་ཚང་ལ་«མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པད་མ་དཀར་པོའི་ཆུན་པོ་»ཞེས་ཟེར།

༥༧. བོད་ཀྱི་ལེགས་བཤད་བསྟན་བཅོས་ཀྱི་ཐོག་མ་དེ་གང་ཡིན།

ལན།བོད་ཀྱི་ལེགས་བཤད་བསྟན་བཅོས་ཀྱི་ཐོག་མ་ནི་«ས་སྐྱ་ལེགས་བཤད་»ཡིན།

༥༨.  བོང་ཤ་ཡིན་པར་ངོ་ཤེས་ན།།   སུས་ཀྱང་ཉོ་བ་མེད་ལ་ལྟོས།།    ཅེས་པའི་ཚིགས་བཅས་ཤོ་ལོ་ཀ་དེའི་བསྟན་དོན་ཅི་ཡིན།

ལན།གཡོ་སྒྱུའི་བྱ་བར་ཐེངས་གཅིག་ཞུགས་ཚེ་རྗེས་སུ་དགེ་བའི་བྱ་བ་གང་བསྒྲུབ་ཀྱང་ཀུན་གྱིས་དོགས་པ་སྐྱེས་ཏེ་ཁས་མི་ལེན་པའི་དོན་བསྟན་ཡོད།

༥༩. « གཟིགས་ལྤགས་གྱོན་པའི་བོང་བུ་»ཞེས་པ་དེའི་དཔེ་གང་དང་དཔེ་ཅན་གང་ཡིན།

ལན།དེའི་དཔེ་ནི་གཟིག་ལྤགས་གྱོན་པའི་བོང་བུ་ཡིན་པ་དང་དཔེ་ཅན་ནི་མི་ཁ་ཤས་ཀྱིས་ལུས་ལ་རྒྱལ་ཁབ་དང་མི་དམངས་སངས་རྒྱས་བསྟན་པ་བཅས་ཀྱི་ཁེ་ཕན་སྒྲུབ་པའི་ཕྱི་གོས་གྱོན་པ་རྣམས་ཡིན་།

༦༠. «ཝ་སྐྱེས་རྒྱལ་པོ་»ཞེས་པའི་ནང་གི་དཔེ་དང་དཔེ་ཅན་གང་ཡིན།

ལན།ཝ་སྐྱེས་ཞེས་པ་དཔེ་དང་ཡོན་ཏན་དང་ནུས་པ་མེད་པར་གཡོ་དང་རྫུན་ལ་བརྟེན་ནས་དཔོན་པོའི་གོ་ས་ཡོད་པའི་མི་ཐ་ཤལ་རྣམས་དཔེ་ཅན་ཡིན།

༦༡.  ཆོས་དཔེར་ངེས་པར་ཚང་དགོས་པའི་གྲུབ་ཆ་གང་དག་ཡོད།

ལན།ཆོས་དཔེར་ངེས་པར་ཚང་དགོས་པའི་གྲུབ་ཆ་བཞི་ཡོད་སྟེ་དཔེ་དང་དཔེ་ཅན་མཚུངས་པ་གསལ་བྱེད་ཀྱི་སྒྲ་མཚུངས་ཆོས་བཅས་ས།

༦༢. གྲོས་ཚོགས་ཟིན་བྲིས་ལ་ཚང་དགོས་པའི་གྲུབ་ཆ་གང་དང་གང་ཡོད།

ལན།ཁ་བྱང་དང་གྲོས་ཚོགས་ཀྱི་རྩ་བའི་གནས་ཚུལ།  ནང་དོན།  མཇུག་བསྡུ་བ་བཅས་གྲུབ་ཆ་བཞི་ཚང་དགོས།

༦༣. ལྷག་བཅས་ཀྱི་ཏེ་དེ་སྟེ་གསུམ་དོན་གང་དང་གང་ལ་འཇུག་གམ།

ལན།མཚམས་སྦྱོར་ལྷག་བཅས་དང་དམ་བཅའ་ལྷག་བཅས་གཞན་འདྲེན་ལྷག་བཅས་གསུམ་ལ་འཇུག་།

༦༤. པོ་ཏ་ལ་ཞེས་པའི་དོན་གང་ཡིན་ནམ།

ལན།པོ་ཏ་ལ་ཞེས་པ་དེ་ནི་ལེགས་སྦྱར་གྱི་སྐད་ཡིན་བོད་སྐད་དུ་རི་བོ་གྲུ་འཛིན་ཟེར།

༦༥.  ནི་སྒྲ་དོན་གང་དང་གང་ལ་འཇུག

ལན།དགར་བ་དང་བརྣན་པ་།  ངེས་བཟུང་།    ཁ་སྐོང་།   ཚིག་རྒྱན་བཅས་ལ་འཇུག

༦༦. ནི་སྒྲ་ཞེས་པ་ནི་ཕྲད་རང་དབང་ཅན་ཡིན་ནམ་གཞན་དབང་ཅན་ཡིན།

ལན།ནི་སྒྲ་ཞེས་པ་ནི་ཕྲད་རང་དབང་ཅན་གྱི་ཁོངས་སུ་གཏོགས།

༦༧. བོད་དུ་སྙན་གཞུང་གི་ཐོག་མ་དེ་སུས་བསྒྱུར་བ་ཡིན།

ལན།ས་པན་གྱིས་བོད་དུ་སྙན་གཞུང་ཐོག་མ་དེ་བསྒྱུར་བ་ཡིན།

༦༨.  དཔེ་རྒྱན་ལ་ནང་གསེས་ག་ཚོད་ཡོད་དམ།

ལན།དཔེ་རྒྱན་ལ་ནང་གསེས་སོ་གཉིས་ཡོད།

༦༩.  “ ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ།   ལ་རིང་པོ་གྲུ་གུ་སྒྲིལ་སྒྲིལ་།   ཁིས་ཉག་ག་སྒྲོག་གུ་བརྟོལ་བརྟོལ་”ཞེས་པའི་ཚིག་དུམ་ནང་རྟ་ཕོའི་རྣམ་པ་གང་ཞིག་བྲིས་ཡོད་དམ་།

ལན།ཚིག་དུམ་དེའི་ནང་རྟ་ཕོའི་མདུན་བསྐྱོད་ཀྱི་རྣམ་པ་བྲིས་ཡོད།

༦༢.  དང་སྒྲ་དོན་ག་ཚོད་ལ་འཇུག

ལན།དང་སྒྲ་དོན་ལྔ་ལ་འཇུག་པ་སྟེ་སྡུད་པ་།  འབྱེད་པ་    རྒྱུ་མཚན་   ཚེ་སྐབས་   གདམས་ངག་ངཅས་སོ།

༦༣. སྲོག་ཆགས་གྲོག་མའི་ཚོགས་འདུས་པས་།  སེང་གེའི་ཕྲུ་གུ་བསད་ཅེས་གྲགས།   ( བསྟན་དོན་འབྲི་དགོས།)

ལན།མང་པོ་གཅིག་ཏུ་བཽ་མཐུན་ན་མི་འགྲུབ་པའི་བྱ་བ་ཅི་ཡང་མེད་པ་དང་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པའི་གནས་ལུགས་བསྟན་ཡོད།

༦༤.  གཤམ་གསལ་དོན་མཚུངས་མིང་རེ་འབྲི་དགོས།

ལན།རྒྱན་པོ་རྒྱན་སྐུགས་          ལེ་ལོ་སྒྱེད་ལུགས་          གྲགས་པ་སྙན་གྲགས་          ཐེ་ཚོམ་སོམ་ཉི་

ཆོམ་རྐུན་རྐུན་མ་          ཆོ་ལོ་མིག་མངས་

༦༥. ‘ངེས་པར་མས་ལན་ཧྥང་གི་རྗེས་སུ་འགྲོ་’ཞེས་པའི་རྗེས་སུ་འགྲོ་ཞེས་པ་ནི་སྐབས་འདིར་དེའི་རྗེས་སུ་འགྲོ་དགོས་པའི་དོན་རང་ཡིན་ནམ།

ལན།སྐབས་འདིར་མཚུངས་པ་གསལ་བྱེད་ཀྱི་སྒྲ་ཡིན།

༦༦. ཐ་སྙད་དབང་དུ་བྱས་པ་གསུམ་ཞེས་པའི་ཐ་སྙད་ཅེས་པར་གོ་བ་ཇི་ལྟར་ལེན་དགོས།

ལན། དེ་ནི་བརྗོད་བྱེད་སྒྲ་ཡི་ཐ་སྙད་ལ་བརྗོད་དེ་གོང་དུ་སོང་མ་ཐག་པའི་མིང་ངམ་ཚིག་ལ་གོ

༦༧. སྒྲུང་གཏམ་རྩོམ་ཡིག་ལ་ཚང་དགོས་པའི་གྲུབ་ཆ་གང་དག་ཡོད།

ལན།   གྲུབ་ཆ་གསུམ་ཡོད་པ་སྟེ་མི་སྣ་དང་།     སྒྲུང་གི་བྱུང་རིམ།    ཁོར་ཡུག་བཅས་སོ།

༦༨.  གང་ཟག་ལ་བརྗོད་པའི་སྤྱི་སྒྲ་དེ་གང་ཡིན།

ལན། སུ་ནི་གང་ཟག་ལ་བརྗོད་པའི་སྤྱི་སྒྲ་ཡིན།

༦༩. དགག་སྒྲུབ་རྩོམ་ཡིག་ལ་ངེས་པར་ཚང་དགོས་པའི་གྲུབ་ཆ་ག་ཚོད་ཡོད།

ལན།གྲུབ་ཆ་གསུམ་ཡོད་པ་སྟེ་བསྒྲུབ་བྱ་དང་སྒྲུབ་བྱེད།   བསྒྲུབ་རིམ་བཅས་སོ།།

༧༠.“ མིང་མཐའི་པ་བའང་ཕལ་ཆེར་འདྲ་”ཞེས་པའི་དོན་གང་ཡིན།

ལན།བདག་སྒྲ་ཙམ་མ་ཡིན་པར་མིང་མཐའི་སྐབས་པ་བ་སོགས་ཀྱི་སྦྱོར་ཚུལ་ཡང་བདག་སྒྲའི་སྦྱོར་ཚུལ་དང་མང་ཆེ་བ་ཧ་ཅང་གི་འདྲ་པོ་ཡོད་པས་དེ་ལྟར་སྦྱོར་དགོས་ཞེས་པའི་དོན་ནོ།།


༧༡. “མ་ནི་ངེས་མེད་སྐབས་དང་སྦྱོར་”ཞེས་པའི་དོན་གང་ཡིན།

ལན།བདག་སྒྲའི་མོ་རྟགས་མཚོན་པའི་ཕྲད་མ་དང་མོ་གཉིས་ནི་རྗེས་འཇུག་ལ་བལྟོས་མི་དགོས་པར་སྐབས་བསྟུན་ཅི་བདེར་སྦྱར་བས་འཐུས་ཞེས་པའི་དོན།

༧༢.  གཤམ་གསལ་མིང་ཚིག་ལ་འགྲེལ་པ་བྱ་རྒྱུ།

ལན།སྟུག་པོ་མཐུག་པོའི་དོན།         ཆུ་བོ་གསེར་ལྡན་འབྲི་ཆུ་ལ་ཟེར།

སྦས་ལུང་གསང་བའི་ཡུལ་ལུང་དང་ལུང་ཁུག

༧༣.  བོད་ཆོལ་ཁ་གསུམ་གང་དང་གང་ཡིན།

ལན།དབུས་གཙང་ཆོས་ཀྱི་ཆོལ་ཁ་དང་  མདོ་སྟོད་མིའི་ཆོལ་ཁ་  མདོ་སྨད་རྟའི་ཆོལ་ཁ་བཅས་སོ།།

༧༤. བོད་ཀྱི་མཁས་པ་མི་གསུམ་ཞེས་པ་གང་དང་གང་ཡིན་།

ལན།མཁས་པ་མི་གསུམ་ནི་གཙང་རབ་གསལ་དང་གཡོ་དགེ་འབྱུང་།    དམར་ཤྰཀྱ་མུ་ནེ་བཅས་སོ།།

༧༥.རྟེན་གསུམ་གང་དང་གང་ཡིན་།

ལན།སྐུའི་རྟེན་སངས་རྒྱས་ཀྱི་གཟུགས།  གསུང་གི་རྟེན་ཆོས་ཀྱི་དཔེ་ཆ།   ཐུག་གི་རྟེན་མཆོད་རྟེན་བངཅས་སོ།།

༧༦. གང་ཞིག་གསར་འགྱུར་གྱི་བླ་སྲོག་ཡིན།

ལན།གསར་འགྱུར་གྱི་བླ་སྲོག་ནི་དྲང་བདེན་དགོས།

༧༧.   «རྫ་རིའི་ཆུ་ཕྲན་»ཞེས་པའི་མཚོན་བྱ་དང་མཚོན་བྱེད་གང་ཡིན།

ལན།དེའི་མཚོན་བྱ་གངས་ལྗོངས་མི་དམངས་དང་མཚོན་བྱེད་རྫ་རིའི་ཆུ་ཕྲན་ཡིན།

༧༨. གང་འདྲ་ཞིག་ལ་ཕྲད་འདུས་མ་ཞེས་ཟེར་།

ལན།ཕྲད་འདུས་མ་ཞེས་པ་ནི་ཕྲད་གཉིས་ཡན་འདུས་ནས་དོན་སྟོན་པར་ཟེར།

༧༩.  གཟུགས་དང་དཔེ་རྒྱན་གཉིས་ལ་ཁྱད་པར་ཅི་ཡོད།

ལན།དཔེ་དང་དཔེ་ཅན་ཐ་དད་དུ་བཀོད་ནས་དེ་གཉིས་མཚུངས་པར་སྦྱོར་བ་དཔེ་རྒྱན་དང་དཔེ་ཅན་དཔེའི་ངོ་བོར་བཀོད་ནས་དེ་གཉིས་གཅིག་ཏུ་སགྲོ་བཏགས་ཏེ་སྦྱོར་བ་ནི་གཟུགས་རྒྱན་ཡིན་པའི་ཁྱད་པར་ཡོད།

༨༠.  «བདག་གི་ཁུ་བོ་ཡུ་ལེ་»ཞེས་པའི་མི་སྣ་གཙོ་བོ་སུ་དང་སུ་ཡིན།

ལན།མི་སྣ་གཙོ་བོ་ནི་ཧྥེ་ལི་ཕུ་ཁྱོ་ཤུགས་གཉིས་ཡིན།

༨༡.  གཤམ་གསལ་མངོན་བརྗོད་དེ་དག་གི་མིང་འབྲི་དགོས།

ལན།ས་འཛིན་རི་བོ།       ཀུན་གསལ་བུ་མོ་ནམ་མཁའ།        སྔོ་བསངས་མ་ནམ་མཁའ།

དབང་སྔོན་རིན་པོ་ཆེ་སྔོན་པོ་ཞིག    ཁ་བོའི་ལྗོངས་བོད་ལྗོངས།       སུམ་རྩེན་ལྷ་ཡུལ།

༨༢. ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ་གང་དག་ཡིན།

ལན།སྣོད་ཀྱི་སྐྱོན་གསུམ་ནི་སྣོད་ཁ་སྦུག་དང་སྣོད་ཞབས་རྡོལ་སྣོད་དྲི་མ་ཅན་གསུམ་མོ།།

༨༣. སླར་བསྡུའི་མིང་གི་རྣམ་གྲངས་གང་དག་ཡོད་དམ།

ལན།སླར་བསྡུ་དང་རྫོགས་ཚིག་ཟླ་སྡུད་བཅས་ནི་མིང་གི་རྣམ་གྲངས་ཡིན།

༨༤. གང་འདྲ་ཞིག་ལ་ཚེག་བར་ཆ་དང་ཡ་ཟེར།

ལན་དུ།ཚིགས་བཅད་ཀློག་སྐབས་ཚེག་ཁྱིམ་ཆ་རེ་བྱས་ནས་ཀློག་དགོས་པ་ལ་ཚིག་བར་ཆ་དང་ཚེག་ཁྱིམ་ཡ་རེའམ་གཅིག་བྱས་ནས་ཀློག་དགོས་པ་ལ་ཚེག་བར་ཡ་ཞེས་ཟེར།

༨༥. གང་འདྲ་ཞིག་ལ་སྡེབ་སྦྱོར་ཉམས་པའི་སྐྱོན་ཟེར།

ལན།ཤོ་ལོ་ཀ་གཅིག་ནང་དུ་ཚིག་རྐང་དོ་དོའི་ཚེག་བར་མང་ཉུང་ཤོར་བར་སྡེབ་སྦྱོར་ཉམས་པའི་སྐྱོན་ཞེས་ཟེར།

༨༦. གང་ལ་རྣམ་དབྱེ་ཞེས་ཟེར་རམ།

ལན།རྣམ་དབྱེ་ཞེས་པ་ནི་ཆོས་སོ་སོའི་ངོ་བོ་གཞན་དང་མ་འདྲེས་པར་རྣམ་པར་དབྱེ་བས་དེ་ལྟར་བརྗོད།

༨༧.  རྣམ་དབྱེ་ལ་དབྱེ་ན་གང་དང་གང་ཡོད།

ལན།རྣམ་དབྱེ་བརྒྱད་ཡོད་དེ་་ དང་པོ་མིང་གི་ངོ་བོ་ཙམ་སྟོན་པ།  གཉིས་པ་ལས་སུ་བྱ་བ།  གསུམ་པ་བྱེད་སྒྲ། བཞི་པ་དགོས་ཆེད།  ལྔ་པ་འབྱང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་གནས་གཞི།  བརྒྱད་པ་འབོད་སྒྲ་བཅས་སོ།།

༨༨. མིང་ལ་དབྱེ་ན་གང་དང་གང་ཡོད་།

ལན།མིང་ལ་དབྱེ་ན་འདོད་རྒྱལ་མིང་དང་རྗེས་གྲུབ་མིང་བཅས་གཉིས་སོ།།

༨༩.  «ཆུའི་བསྟན་བཅོས་»ཞེས་པའི་མཚན་ཆ་ཚང་ལ་གང་ཟེར།

ལན།དེའི་མཚན་ཆ་ཚང་ལ་«ལེགས་པར་བཤད་པའི་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱད་ལྡན་»ཞེས་ཟེར།

༩༠. སྒྲུང་གཏམ་རྩོམ་ཡིག་ལ་དབྱེ་ན་གང་དག་ཡོད།

ལན།བཞི་ཡོད་དེ་སྒྲུང་གཏམ་རིང་གྲས།   སྒྲུང་གཏམ་འབྲིང་གྲས།  སྒྲང་གཏམ་ཐུང་གྲས།  སྒྲུང་གཏམ་ཆེས་ཐུང་གྲས་བཅས་སོ།།

༩༡. སྲོང་བཙན་སྒམ་པོ་ནི་མི་གང་འདྲ་ཞིག་ཡིན།

ལན།སྲོང་བཙན་སྒམ་པོ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆེས་ཕུལ་དུ་བྱུང་བའི་བཙན་པོ་ཞིག་ཡིན་པ་སྟེ་ཁོང་གིས་སྲིད་དབང་བསྐྱངས་རྗེས་ཆབ་སྲིད་དང་།   དཔལ་འབྱོར་། དམག་དོན་། ཁྲིམས་ལུགས་།  རིགས་གནས་བཅས་ཀྱི་ཐད་ལ་བླ་ན་མེད་པའི་མཛད་རྗེས་བཞག་ཡོད་།

༩༢. བོད་ཀྱི་བཙན་པོ་ཐོག་མ་དེ་སུ་ཡིན།

ལན།བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ་ཡིན།

༩༣.  ད་ལྟ་ང་ཚོས་སྤྱོད་བཞིན་པའི་བོད་ཡིག་འདི་སུས་ནམ་ཞིག་ལ་སུས་གསར་བཟོ་མཛད་པ་ཡིན།

ལན།འདི་ནི་དུས་རབས་བདུན་པའི་སྐབས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཐོན་པའི་ཐོན་མི་སམ་བྷོ་ཊས་གསར་བཟོ་མཛད་པའོ།།

༩༤. གཟུགས་ལ་མི་བལྟ་དང་། གནས་སུ་མི་འདུག་ལྟ་བུ་དོན་གང་ལ་འཇུག

ལན།རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་རྗེས་མཐུན་པའི་དོན།

༩༥.  ནས་ལས་གཉིས་ནི་རྗེས་འཇུག་ལ་ལྟོས་པའི་ཕྲད་ཡིན་ནམ་ལྟོས་མི་དགོས་པའི་ཕྲད་ཡིན།

ལན།ནས་ལས་གཉིས་ནི་རྗེས་འཇུག་ལ་ལྟོས་མི་དགོས་པའི་ཕྲད་རང་དབང་ཅན་ཡིན།

༩༦.  རང་བཞིན་བརྗོད་པའི་རྒྱན་ལ་དབྱེ་ན་ག་ཚོད་ཡོད་གང་དང་གང་ཡིན།

ལན།དབྱེ་ན་བཞི་ཡོད་  དབྱེ་བ་རིགས་དང་བྱ་བ་རྫས་ཡོན་ཏན་དང་བཞི་རུ་འདོད།

༩༧.དབུ་མེད་ཀྱི་ཡིག་གཟུགས་ལྡན་ལུགས་ཞེས་པ་དེ་བཙན་པོ་སུའི་སྐབས་ཀྱི་མཁས་དབང་སུ་ཡི་ཕྱག་རྒྱུན་ཡིན་ནམ།

ལན།དབུ་མེད་ཀྱི་ཡིག་གཟུགས་ལྡན་ལུགས་ཞེས་པ་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་རྩ་བ་ལྡན་མ་རྩེ་མངས་ཀྱི་ཕྱག་རྒྱུན་ཡིན།

༩༨.  ཆེད་དུ།   སླད་དུ།  དོན་དུ།  ཕྱིར་དུ།   ཞེས་པ་དེ་རྣམས་གང་གི་སྒྲ་ཡིན།

ལན། དགོས་པ་གསལ་བྱེད་ཀྱི་སྒྲ་ཡིན།

༩༩.  ‘འ་དང་མཐའ་མེད་ར་དང་རུ་’ཞེས་པའི་‘འ་’དང་‘མཐའ་’ཡི་དོན་གང་ཡིན།

ལན།རྗེས་འཇུག་འ་དང་མཐའ་མེད་དེ་རྗེས་འཇུག་མེད་པའི་སྐབས་ཀྱི་དོན།

༡༠༠. ཟླ་བོ་དངོས་པོའི་དཔེ་ལ་ངེས་པར་དུ་མཚུངས་པ་གསལ་བྱེད་ཀྱི་སྒྲ་དངོས་སུ་འབྲི་དགོས་སམ།

ལན།མཚུངས་པ་གསལ་བྱེད་ཀྱི་སྒྲ་དངོས་སུ་འབྲི་མི་དགོས།       



   ཁྱེད་རྣམས་ཀྱིས་དོ་ཁུར་དང་མཉམ་སྤྱོད་གནང་བ་ནི་ངེད་འཕྲིན་སྟེགས་ལ་དགོས་པའི་རྒྱབ་སྐྱོར་ཤུགས་ཆེ་ཤོས་དེ་ཡིན།

   འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་བ་གནང་དང་དྲ་ངོས་ནས་བུས་ངེས་ཡིན།

མཇུག་ཏུ་རྣམ་པ་ལྷན་རྒྱས་མ་འོངས་པའི་ལོ་ཟླའི་ནང་སྐུ་གཟུགས་བདེ་ཐང་།   བྱ་བ་ལམ་འགྲོ།   ཁྱིམ་ཚང་འཆམ་མཐུན།   ནད་མེད་ཚེ་རིང་།     གང་བསམ་ལས་ལ་རེ་བའི་འབྲས་བཟང་སྨིན་པའི་བཀྲ་ཤིས་སྨོན་འདུན་ཞུ།

གཤམ་གྱི་པར་རིས་ཐོག་མནན་ན་དེ་སྔོན་སྤེལ་ཟིན་པའི་ནང་དོན་ཁག་ཅིག་གཟིགས་ཐུབ།




དུས་ཚོད་ཡོད་ན་གཟིགས་ཙམ་གྱིས།

ལྷག་བསམ་བཟང་པོས་བརྒྱུད་བསྐུར་བྱོས།

གཞན་ཕན་བྱེད་པའི་ནུས་མེད་ཀྱང་།

དེ་ཡི་བསམ་པ་རྟག་ཏུ་འཆང་།

ཞོར་དུ་གཤམ་འོག་གི་སྙིང་རྟགས་ཐོག་ཐེངས་གཅིག་མནོན་པ་དང་ཆབས་ཅིག་ཐོན་རྫས་ཀྱི་སྟེང་མནན་ན་ཉིན་རེའི་ཐོན་དངོས་གསར་པ་མཚམས་མི་ཆད་པར་ཐོན་འོང་

Tibet唐酷萨酝藏文化传播中心
བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་ཁམས་བཟང་ཞལ་བྲོའི་བཀྲ་ཤིས་བདེ་ལེགས་ཞུ།
 最新文章