དཔེ་ཆོས་རྣ་བའི་བུ་རམ། 藏语文知识汇总

文化   2024-04-10 21:56   西藏  


 

སྐུ་ཉིད་༼  ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་  ༽ཀྱི་འཕྲིན་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།

དང་ཐོག་ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་ཚབ་ཞུས་ནས་སྙིང་ཉེ་བའི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ལ་ཁམས་བདེའི་འཚམས་འདྲི་ཞུ། དེ་ཡང་ངེད་ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་འཕྲིན་སྟེགས་འདི་ནི་སྤྱི་ལོ་༢༠༡༥ལོར་ཐོ་འགོད་བྱས་ཤིང་ད་བར་ངེད་འཕྲིན་སྟེགས་ལ་དོ་ཁུར་གནང་མཁན་མི་ཁྲི་བཅུ་ལྷག་ཙམ་ཟིན་གྱི་ཡོད། ལོ་འདི་དག་རིང་ངེད་འཕྲིན་སྟེགས་ཀྱིས་བོད་ཀྱི་རིག་གནས། གློག་བརྙན།   མུ་འབྲེལ་བརྙན་འཕྲིན།   སྒོར་གཞས།   ཆང་གཞས།   ནང་མ་སྟོད་གཞས།   དགོད་བྲོའི་གཏམ་གླེང་།   ཁྲབ་མཚན་ཐུང་གྲས།   སྒྲུང་གཏམ།   ལོ་རབས་བརྒྱ་ཅུའི་གླུ་གཞས།   བྱིས་གླུ།  རྒྱབ་ལྗོངས་གླུ་གཞས། བོད་ཀྱི་ཁྱད་ཆོས་ལྡན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་རའི་དྲིལ་བརྡ།   སྙན་ངག་འགྱེར་འདོན་ལ་སོགས་པའི་ནང་དོན་མི་ཉུང་བ་ཞིག་སྤེལ་བཞིན་མཆིས།    དེ་དག་ཚང་མ་ཆ་སྙོམས་ཀློག་གྲངས་སྟོང་ཕྲག་ཁ་ཤས་ལས་འགལ་བ་ཤ་སྟག་ཡིན་ལ་རྒྱ་ཆེའི་གྲོགས་པོ་གྲོགས་མོ་ཚོས་ཀྱང་དགའ་བསུ་གྲངས་མེད་ཐོབ་བཞིན་ཡོད།    མ་ཟད་ད་དུང་མུ་མཐུད་མ་འོངས་པའི་བགྲོད་ལམ་རིང་མོའི་ཁྲོད་ནང་དོན་ཐད་ཉིན་རེ་ལས་མ་འདས་པར་ཕུན་གསུམ་ཇེ་ཚོགས་དང་སྤུས་ཚད་ཇེ་ལེགས་སུ་གཏོང་འཆར་ཡོད་པས། གལ་ཏེ་སྐུ་ཉིད་ཐུགས་མཉེས་པོ་བྱུང་སོང་ན་འཕྲིན་སྟེགས་འདི་གཞན་ལའང་འོས་སྦྱོར་མང་ཙམ་གནང་རོགས།    ལྷན་རྒྱས་ནས་དུས་དང་རྣམ་པ་ཀུན་དུ་ངེད་འཕྲིན་སྟེགས་འདི་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

  ཐང་ཁུག་ས་སྨྱོན་བོད་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་འཕྲིན་སྟེགས་འདི་ལ་དོ་ཁུར་གནོངས་དང་།  འདི་ན་ཕུན་ཚོགས་འདོད་རྒུའི་ལོངས་སྤྱོད་འཛོམས་ཤིང་ཀུན་ལ་མཁོ་བའི་འདོད་ཡོན་བཤམས་ཡོད།  གལ་

ཏེ་ཁྱེད་རང་སྣ་མང་ཤེས་རིག་གི་རྩི་བཅུད་རྒུམ་པའི་གཡུ་སྦྲང་ཞིག་ཡིན་ན།  འདི་ནི་ངེས་པར་ཁྱེད་ལ་མཁོ་བའི་མེ་ཏོག་སྐྱེད་ཚལ་ལོས་ཡིན། 



དཔེ་ཆོས་རྣ་བའི་བུ་རམ།

ཁྲལ་མངོན་སླ་བཅོས།

༡ གོ་དོན་ནི་--------- ཁྲལ་ཁོ་ནར་བརྩིས་ཏེ་ལས་འགན་ལེགས་པར་མི་བསྒྲུབ་པའི་དོན།

༢ དཔེར་བརྗོད་------ ང་ཚོས་ལས་ཀ་གང་འདྲ་ཞིག་བྱས་ཀྱང་ཁྲལ་མངོན་སླ་བཅོས་བྱེད་མི་རུང་ཞེས་པ་ལྟ་བུའོ།

གཏམ་འགོ་ལས་མཇུག་

༡ གོ་དོན་ནི་--------- མཐའ་འཁྱོངས་དགོས་པའི་གཏམ་དཔེ།

༢ དཔེར་བརྗོད་----མི་དེས་ལས་ཀ་གང་བྱས་ཀྱང་གཏམ་འགོ་ལས་མཇུག་གཅིག་ཀྱང་བྱེད་ཐུབ་ཀྱི་མིན་འདུག་ཅེས་པ་ལྟ་བུའོ།

གནས་མེད་ཕྱོགས་གྱར།

༡ གོ་དོན་ནི་---------- གནས་ངེས་མེད་དུ་གྱར་བའི་དོན།

༢ དཔེར་བརྗོད་------ ང་ཚོ་ནི་གནས་མེད་ཕྱོགས་གྱར་གྱི་ཡ་གྱལ་བ་འབའ་ཞིག་ཡིན་ཞེས་པ་ལྟ་བུའོ།

གསལ་གསལ་རྗེན་རྗེན།

༡ གོ་དོན་ནི་--------- ངོ་ལྐོག་མེད་པར་ཁ་གསལ་གཏིང་གསལ་ཡིན་པའི་དོན།

༢ དཔེར་བརྗོད་------ གནས་ཚུལ་དེ་གསལ་གསལ་རྗེན་རྗེན་ཡོང་བ་བྱེད་དགོས་ཞེས་པ་ལྟ་བུའོ།

གྲོགས་པོ་གྲོགས་མཆེད།

༡ གོ་དོན་ནི་--------- སྤུན་མཆེད་ལྟར་ཧ་ཅང་མཛའ་བའི་མི།

༢ དཔེར་བརྗོད་------ གྲོགས་པོ་གྲོགས་མཆེད་རྣམས་ལ་གྱོང་གཏོང་རྒྱུ་མེད་ཅེས་པ་ལྟ་བུའོ།

ཕ་གཏམ་བུ་འཇགས།

༡ གོ་དོན་ནི་--------- ཕའི་ཟེར་རྒྱུན་བུ་རྒྱུད་ལ་འཇགས་པའམ་གཞན་གྱི་ཟེར་བའི་སྐད་ཆའི་རྗེས་སུ་འབྲང་བའི་དོན།

༢ དཔེར་བརྗོད་------ ཁོང་གིས་གཏམ་དཔེ་མང་པོ་ཞིག་ཤེས་ཀྱི་འདུག་པ་དེ་ནི་ཕ་གཏམ་བུ་འཇགས་ཀྱི་གཏམ་དཔེ་རྐྱང་

རྐྱང་རེད་ཅེས་པ་ལྟ་བུའོ།

བརྡབ་བརྡབ་གསིག་གསིག་

༡ གོ་དོན་ནི་--------- གང་ཡོད་ཚང་མའི་དོན།

༢ དཔེར་བརྗོད་------ དངུལ་ཚང་མ་བརྡབ་བརྡབ་གསིག་གསིག་བྱས་ནས་ཁོ་རང་ལ་སྤྲད་པ་ཡིན་ཞེས་པ་ལྟ་བུའོ།

ཞ་ར་ལོང་མཆོངས།

༡ གོ་དོན་ནི་--------- མིག་གཉིས་མི་མཐོང་བའི་མིས་གང་བྱུང་དུ་འགྲོ་བ་ལྟར་བསམ་བློ་བཏང་བར་གང་བྱུང་མིན་བྱུང་

བྱེད་པའི་དོན།

༢ དཔེར་བརྗོད་------ ང་ཚོས་ཞ་ར་ལོང་མཆོངས་རྒྱག་པ་ལྟར་གྱི་ལས་ཀ་བྱེད་མི་རུང་ཞེས་པ་ལྟ་བུའོ།

ལྐོག་གཡོ་ངན་ཇུས།

༡ གོ་དོན་ནི་--------- མི་མངོན་པའི་གཡོ་ཇུས་ཀྱི་དོན།

༢ དཔེར་བརྗོད་------ མི་ཁ་ཤས་ནི་ལྐོག་གཡོ་ངན་ཇུས་བཤམས་རྒྱུར་ཤིན་ཏུ་དགའ་པོ་ཡོད་པ་རེད་ཅེས་པ་ལྟ་བུའོ།

གེགས་དབང་བར་ཆད།

༡ གོ་དོན་ནི་--------- གློ་བུར་གྱི་ཆག་སྒོའམ་གོད་ཆག་ལ་ཟེར།

༢ དཔེར་བརྗོད་------ ང་ཚོས་གེགས་དབང་བར་ཆད་ཡོད་ཚད་ལས་རྣམ་པར་རྒྱལ་ཏེ་མི་ཚེ་དོན་དང་ལྡན་པ་ཞིག་

སྐྱེལ་དགོས་ཞེས་པ་ལྟ་བུའོ།

དཀར་སེམས་ནག་སྒྲིབ།

༡ གོ་དོན་ནི་--------- དགེ་བའི་སེམས་ལ་སྐྱོན་གྱིས་སྦགས་པའི་དོན།

༢ དཔེར་བརྗོད་------ ཁོང་གིས་དཀར་སེམས་ནག་སྒྲིབ་ཅན་གྱི་མི་རྣམས་ལ་དམ་པའི་ཆོས་ཀྱི་སྒྲོན་མེ་སྤར་སོང་ཞེས་པ་ལྟ་བུ

ཁ་ཉམས་ལྕེས་དཔྱད།

༡ གོ་དོན་ནི་--------- ནང་རྒྱུས་ནང་གིས་བརྟག་པའི་དོན།

༢ དཔེར་བརྗོད་------ ང་ཚོས་ཁ་ཉམས་ལྕེས་དཔྱད་ཀྱི་ཚུལ་དུ་རང་སྐྱོན་ལེགས་པར་བརྟག་དགོས་ཞེས་པ་ལྟ་བུའོ།

ཁ་བྱམས་ཚིག་འཇམ།

༡ གོ་དོན་ནི་--------- ངག་འཇམ་པའི་དོན།

༢ དཔེར་བརྗོད་------ ཁོང་ནི་ཁ་བྱམས་ཚིག་འཇམ་ཅན་གྱི་མི་ཞིག་རེད་ཅེས་པ་ལྟ་བུའོ།

གེགས་མེད་བདེ་བགྲོད།

༡ གོ་དོན་ནི་--------- གེགས་བར་མེད་པར་བདེ་མོར་སླེབས་པའི་དོན།

༢ དཔེར་བརྗོད་------ འཁོར་རིགས་དལ་མོར་བཏང་ན་གེགས་མེད་བདེ་བགྲོད་ཐུབ་རྒྱུ་གཏན་འཁེལ་རེད་ཅེས་པ་ལྟ་བུའོ།

ངེས་ངེས་ཏིག་ཏིག་

༡ གོ་དོན་ནི་--------- ངེས་པ་བརྟན་ཞིང་ཁ་གསལ་བའི་དོན།

༢ དཔེར་བརྗོད་------ བཀའ་མོལ་ངེས་ངེས་ཏིག་ཏིག་ཅིག་གནང་བར་ཞུ་ཞེས་པ་ལྟ་བུའོ།

ཀླད་རྙིང་མཁྲེགས་བཟུང་།

༡ གོ་དོན་ནི་--------- རིག་གནས་དང་བསམ་བློ་གསར་པ་སོགས་དང་དུ་མི་ལེན་པར་བསམ་བློ་རྙིང་པ་ཁོ་ན་ཨུ་ཚུགས་ཀྱིས་

འཛིན་པའི་དོན།

༢ དཔེར་བརྗོད་------ ང་ཚོས་རིག་གནས་གསར་པའི་ཉིང་བཅུད་རྣམས་ལེན་དགོས་པ་ལས་ཀླད་རྙིང་མཁྲེགས་བཟུང་བྱ་རྒྱུ་

མེད་ཅེས་པ་ལྟ་བུའོ།

དགའ་མགུ་ཡིད་རངས།

༡ གོ་དོན་ནི་--------- དགའ་ཞིང་མགུ་ན་ཡིད་འཚིམ་པ་སྟེ་བློ་ལ་འགྲོ་པོ་བྱུང་བའི་དོན།

༢ དཔེར་བརྗོད་------ ངས་ཁྱེད་ཀྱི་བཀའ་མོལ་དེར་དགའ་མགུ་ཡིད་རངས་ཞུ་བཞིན་ཡོད་ཅེས་པ་ལྟ་བུའོ།

བློ་བདེ་ཡིད་འཚིམས།

༡ གོ་དོན་ནི་--------- བློ་བདེ་པོ་དང་ཡིད་འཚིམས་པོ་བྱུང་བའི་དོན།

༢ དཔེར་བརྗོད་------ དེ་རིང་གི་ལས་ཀ་དེ་ཡག་པོ་བྱུང་སོང་བས་བློ་བདེ་ཡིད་འཚིམས་ཞིག་བྱུང་ཞེས་པ་ལྟ་བུའོ།

གང་བསམ་ཅི་དྲན།

༡ གོ་དོན་ནི་--------- བློར་འཆར་ཚད་བྱེད་པའམ་ཤོད་པའི་དོན།

༢ དཔེར་བརྗོད་------ ཁོས་གང་བསམ་ཅི་དྲན་ཁོ་ན་ཤོད་ཀྱིན་འདུག་ཅེས་པ་ལྟ་བུའོ།

དགེ་སྡིག་དཀར་ནག་

༡ གོ་དོན་ནི་--------- དཀར་པོ་དགེ་བའི་ཕྱོགས་དང་ནག་པོ་སྡིག་པའི་ཕྱོགས་གཉིས་ཏེ།

༢ དཔེར་བརྗོད་------ ལས་ཀ་གང་ཞིག་བྱས་ཀྱང་དགེ་སྡིག་དཀར་ནག་གི་དབྱེ་བ་གསལ་པོ་གཅོད་དགོས་ཞེས་པ་ལྟ་བུའོ།

ཁ་གཅུས་སྣ་གཅུས།

༡ གོ་དོན་ནི་--------- ཁ་དང་སྣ་གཉིས་གཅུས་པ་སྟེ་གཞན་གྱི་གཏམ་དང་བྱེད་སྟངས་སོགས་བློར་མ་བབས་པའི་རྣམ་འགྱུར།

༢ དཔེར་བརྗོད་------ ངས་དྲང་པོ་དྲང་བཞག་བཤད་ཀྱང་ཁོང་གིས་ཁ་གཅུས་སྣ་གཅུས་བྱེད་ཀྱི་འདུག་ཅེས་པ་ལྟ་བུའོ།

ཁ་ཐོག་ལག་བཞག་

༡ གོ་དོན་ནི་--------- ཁ་ནས་བཤད་པ་དོན་ཐོག་ཏུ་འཁྱོལ་བའི་དོན།

༢ དཔེར་བརྗོད་------ ཁོང་ནི་ཁ་ཐོག་ལག་བཞག་གནང་ཐུབ་མཁན་གྱི་མི་བཟང་པོ་ཞིག་རེད་ཅེས་པ་ལྟ་བུའོ།

གཏི་མུག་རོ་ཉལ།

༡ གོ་དོན་ནི་--------- ཧ་ཅང་གླེན་ཞིང་ལྐུགས་པའི་དོན།

༢ དཔེར་བརྗོད་------ ཁོ་ནི་ཅི་ཡང་མི་ཤེས་པའི་གཏི་མུག་རོ་ཉལ་དེ་འདྲ་རེད་འདུག་ཅེས་པ་ལ

གཞན་ཞོར་རང་དྲུད།

༡ གོ་དོན་ནི་--------- གཞན་གྱི་ཞོར་ལ་རང་ཡང་ཚུད་པའི་དོན།

༢ དཔེར་བརྗོད་------ མི་ངན་དེ་ཚོ་མཉམ་དུ་སོང་ན་ང་ཚོ་རང་ཉིད་ཀྱང་གཞན་ཞོར་རང་དྲུད་བྱེད་ཀྱི་འདུག་ཅེས་པ་ལྟ་བུ།

གཟུགས་རྗེས་གྲིབ་འབྲང་།

༡ གོ་དོན་ནི་--------- ཕན་ཚུན་བྲལ་ཐབས་མེད་པའི་དཔེ།

༢ དཔེར་བརྗོད་------ དེང་གི་སྤྱི་ཚོགས་འདིར་གཡོ་སྒྱུ་དང་གོ་ས་གཉིས་ནི་གཟུགས་རྗེས་གྲིབ་འབྲང་རང་རེད་འདུག་

ཅེས་པ་ལྟ་བུའོ། །


   ཁྱེད་རྣམས་ཀྱིས་དོ་ཁུར་དང་མཉམ་སྤྱོད་གནང་བ་ནི་ངེད་འཕྲིན་སྟེགས་ལ་དགོས་པའི་རྒྱབ་སྐྱོར་ཤུགས་ཆེ་ཤོས་དེ་ཡིན།

   འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་བ་གནང་དང་དྲ་ངོས་ནས་བུས་ངེས་ཡིན།

མཇུག་ཏུ་རྣམ་པ་ལྷན་རྒྱས་མ་འོངས་པའི་ལོ་ཟླའི་ནང་སྐུ་གཟུགས་བདེ་ཐང་།   བྱ་བ་ལམ་འགྲོ།   ཁྱིམ་ཚང་འཆམ་མཐུན།   ནད་མེད་ཚེ་རིང་།     གང་བསམ་ལས་ལ་རེ་བའི་འབྲས་བཟང་སྨིན་པའི་བཀྲ་ཤིས་སྨོན་འདུན་ཞུ།

གཤམ་གྱི་པར་རིས་ཐོག་མནན་ན་དེ་སྔོན་སྤེལ་ཟིན་པའི་ནང་དོན་ཁག་ཅིག་གཟིགས་ཐུབ།




དུས་ཚོད་ཡོད་ན་གཟིགས་ཙམ་གྱིས།

ལྷག་བསམ་བཟང་པོས་བརྒྱུད་བསྐུར་བྱོས།

གཞན་ཕན་བྱེད་པའི་ནུས་མེད་ཀྱང་།

དེ་ཡི་བསམ་པ་རྟག་ཏུ་འཆང་།

ཞོར་དུ་གཤམ་འོག་གི་སྙིང་རྟགས་ཐོག་ཐེངས་གཅིག་མནོན་པ་དང་ཆབས་ཅིག་ཐོན་རྫས་ཀྱི་སྟེང་མནན་ན་ཉིན་རེའི་ཐོན་དངོས་གསར་པ་མཚམས་མི་ཆད་པར་ཐོན་འོང་

Tibet唐酷萨酝藏文化传播中心
བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་ཁམས་བཟང་ཞལ་བྲོའི་བཀྲ་ཤིས་བདེ་ལེགས་ཞུ།
 最新文章