ཧོ་མོའུ་པའོ་ཡིས་འབྲུག་ཆུ་རྫོང་དུ་རྟོག་ཞིབ་བྱས།

政务   2024-11-15 18:12   甘肃  



ཧོ་མོའུ་པའོ་ཡིས་འབྲུག་ཆུ་རྫོང་དུ་རྟོག་ཞིབ་བྱས།



  ཟླ11པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡིས་འབྲུག་ཆུ་རྫོང་དུ་རྟོག་ཞིབ་བྱེད་སྐབས། འགན་འཁྲི་ནན་འཁུར་དང་ལས་དོན་ནན་བསྒྲུབ། གྲུབ་འབྲས་དམ་འཛིན། རྨང་གཞི་སྲ་བརྟན་བཅས་བྱས་ཏེ་ཚད་དང་ལྡན་པའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུགས་ལན་བཟང་པོ་ཞིག་འབྲི་དགོས་ཞེས་ནན་གྱིས་བསྟན།

  ཧོ་མོའུ་པའོ་སྔ་རྗེས་སུ་འབྲུག་ཆུ་རྫོང་གི་མཁར་རྙིང་ཁུལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་འཚོ་བའི་གད་སྙིགས་སྦས་ས་སོགས་སུ་སོང་སྟེ། ཡུལ་དངོས་སུ་སྐྱེ་ཁམས་ཁོར་སྲུང་གནད་དོན་དག་ཐེར་དང་བཙོག་ཆུ་གཙང་སེལ་ལྟ་ཞིབ་ཚད་ལེན། གད་སྙིགས་སྦས་སའི་དོ་དམ་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་འགྱུར་བའི་ཆུ་ཚད་ངེས་པ་དོན་གྱིས་ཇེ་མཐོར་གཏོང་བ་དང་། ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་ཏེ། རྒྱུན་རྣམ་དང་ཡུན་རིང་ཕན་པའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བདེ་འཇགས་ཚད་ལྡན་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱ་དགོས་ཞེས་བསྟན།

  ཧོ་མོའུ་པའོ་ཡིས་འབྲུག་ཆུ་རྫོང་སློབ་འབྲིང་དང་པོ་རུ།  སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་ཀྱིས་བསྐུལ་བ་དང་། ངེས་པ་དོན་གྱིས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་བསྒྲུབ་པ། བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ནན་ཏན་གྱིས་བསྒྲུབ་པ་བཅས་བྱས་ཏེ། སློབ་རའི་བདེ་འཇགས་དང་དོ་དམ་ཁྱོན་ཡོངས་ལ་ཁྱབ་པར་བྱ་དགོས་ཞེས་ནན་གྱིས་བསྟན།

  འབྲུག་ཆུ་རྫོང་གི་པུར་གཉེར་ཁང་དུ། ཧོ་མོའུ་པའོ་ཡིས་སྒྲིག་བཀོད་འཛུགས་སྐྲུན་དང་ཞབས་ཞུ་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་མང་ཚོགས་ལ་སྟབས་བདེ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕྱོགས་སུ་ལངས་ཏེ། དུར་སའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་ཆུ་གློག་ལམ་སོགས་ཀྱི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ།  ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་ཡ་རབས་གྲོན་ཆུང་དང་སྐྱེ་ཁམས་ཁོར་སྲུང་གི་དུར་འཇུག་གི་ལུགས་སྲོལ་གསར་བ་དར་སྤེལ་གཏོང་དགོས་ཞེས་ནན་གྱིས་བསྟན།

  ཧོ་མོའུ་པའོ་ཡིས་ཁྲིན་ཀོན་གྲོང་རྡལ་རྨོ་རུ་ཀོའུ་སྡེ་བ་དང་ཧྥེང་ཏིའི་གྲོང་རྡལ་ཕུ་སྡེ་སྡེ་བ་སོགས་སུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས། མཐའ་གཅིག་ཏུ་གཞི་ཁྱོན་རང་བཞིན་གྱི་དབུལ་ཕོངས་བསྐྱར་ལོག་མི་འབྱུང་བར་བྱེད་པ། གཉེན་སྒྲིག་ཁྱིམ་ཚང་གི་དམངས་དོན་རྩོད་གཞི་དང་། ཁྲིམས་དང་གཏུགས་བཤེར་དང་འབྲེལ་བ་ཡོད་པ། གླ་ཕོགས་ཆད་བགྱངས་དང་གླ་ཕོགས་སྤྲོད་པ་སོགས་ཀྱི་གནད་དོན་གྱི་འགལ་བ་ཡོད་ཚད་གྲལ་བཤེར་དང་སྡུམ་སྒྲིག་ནན་མོ་བྱས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་མེད་པར་བཟོས་ནས་ཐལ་དྲགས་པའི་གྱོད་གཞི་འབྱུང་བར་ནན་ཏན་གྱིས་སྔོན་འགོག་བྱེད་པ་དང་།  ཁྲིམས་འགལ་སྒྲིག་འགལ་གྱིས་མེ་བེད་སྤྱོད་བྱེད་པའི་བྱ་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ནན་མོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན།།


ལོ་ཙཱ་བ།  འབུམ་མཚོ་རྒྱལ།

རྩོམ་སྒྲིག་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།

ཞུ་དག་པ།  རྡོ་རྗེ་ཚེ་རིང་།

ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章