ཞི་གནས་དང་ལྷག་མཐོང་སྐོར། དིལ་མགོ་མཁྱེན་བརྩེ།
རྒྱལ་བའི་སྲས་པོ་ཞི་བ་ལྷའི་ཞལ་ནས།
ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །
ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །
ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །
འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཞེས་གསུང་པ་ལྟར།
རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས།
སེམས་འདུལ་བ་ནི་བདེ་བ་སྟེ། །
སེམས་འདུལ་བ་ནི་ལེགས་པ་ཡིན། །
ཞེས་པ་ལྟར། ནང་པ་སངས་རྒྱས་པའི་བསྟན་པའི་སྒོ་ཞུགས་ཏེ་དམ་པའི་ཆོས་བྱེད་པ་ལ་ཐོག་མ་ཉིད་ནས་སེམས་འདུལ་བ་དེ་གལ་ཆེ་བ་ཡིན་ལ།