喜迎上师仁波切诞辰
上师长久住世
祈祷文
སྨྲ་བའི་ཉི་མ་འདྲེན་མཆོག་ཟས་གཙང་སྲས། །
གངས་རིའི་གཉེན་གཅིག་འཕགས་མཆོག་ཞི་ཁྲོའི་ཚོགས། །
མཁན་སློབ་ཆོས་རྒྱལ་བརྒྱུད་པར་བཅས་པ་ཡིས། །
དགེ་ལེགས་བྱེ་བའི་དངོས་གྲུབ་དེང་འདིར་སྩོལ། །
语日殊胜引导净饭王,
雪域唯一依怙静忿众,
师君三尊具有传承者,
千万妙善悉地今祈赐。
རབ་རྒྱས་པད་དཀར་ཟླ་བའི་གདན་གྱི་སྟེང་། །
བརྒྱད་གཉིས་ཡིད་འོང་ལང་འཚོའི་དཔལ་འཛིན་པའི། །
ཏཱ་ཡིག་ལས་བྱུང་རྒྱལ་ཡུམ་ཏ་རེ་མས། །
འཆི་མེད་གྲུབ་པའི་བྱིན་བརྒྱ་དེང་འདིར་ཕོབས། །
盛开白莲月轮座垫上,
永持悦意十六韶华者,
当字所生佛母达热玛,
无死成就加持今祈赐。
རླབས་ཆེན་ཐུགས་བསྐྱེད་གྲངས་མེད་སྨོན་ལམ་མཐུ། །
དུས་སུ་སྨིན་པས་གངས་ཅན་བསྟན་པའི་སྲོག །
འཛིན་པའི་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཞབས། །
གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་བསྙིལ། །
宏伟发心无量大愿力,
及时成熟雪域教众命,
能护法王晋美彭措前,
祈请妙善甘霖赐降临。
མ་སྨད་ཚུལ་ཁྲིམས་དག་པའི་དབྱིག་གི་ནོར། །
ཡོན་ཏན་རིན་ཆེན་བྱེ་བའི་གཏེར་འཛིན་པ། །
རྒྱ་ཆེན་བློ་གྲོས་མཚུངས་པ་མེད་པའི་སྡེ། །
ངེས་དོན་བཤེས་གཉེན་ཆེན་པོར་གསོལ་བ་འདེབས། །
殊胜净戒(慈诚)宝中之珍宝,
持有千万珠宝之宝库,
广大智慧(罗珠)无与伦比之,
了义大善知识前祈请。
ཡོངས་རྫོགས་གངས་ཅན་རྒྱལ་བསྟན་ས་ཆེན་པོ། །
དུས་ཀྱི་མུན་པའི་ཀློང་དུ་བྱིང་བ་ན། །
མཛད་པའི་འཕྲིན་ལས་འོད་སྣང་འབུམ་ཕྲག་གིས། །
བསྟན་པའི་སྲོག་མཐུད་མཛད་པ་རྨད་དུ་བྱུང་། །
一切雪域佛教之大地,
陷落浊时黑暗当中时,
以所行事业光明普照,
接续佛教命脉极稀有。
ཐོས་བསམ་སྒོམ་པས་ངེས་པ་ལེགས་རྙེད་ནས། །
རིས་སུ་མ་མཆིས་རྒྱལ་བའི་བསྟན་པ་མཆོག །
འཆད་རྩོད་རྩོམ་པས་རྒྱ་ཆེར་སྤེལ་མཛད་པའི། །
བཤེས་གཉེན་མཆོག་ཁྱེད་ཞབས་པད་བརྟན་པར་མཛོད། །
闻思修而善获了义法,
无有偏私佛陀之圣教,
广行讲说辩论且著作,
祈请善识汝莲足永固。
སྲས་བཅས་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །
ཁྱད་པར་གངས་རིའི་མགོན་པོ་པད་དཀར་འཆང་། །
མཚོ་སྐྱེས་རྒྱལ་བའི་ཐུགས་བསྐྱེད་བདེན་པའི་མཐུས། །
ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་པར་ཤོག །
如海诸佛菩萨之加持,
尤其雪山怙主持白莲,
海生佛之发心真谛力,
如是所愿诸事愿成就。
འཁྲུངས་སྐར་ཉིན་གྱི་མགོ་པར།
诞辰日的头像