འཇུ་ལག་རྫོང་གིས་དཔྱིད་གསར་དུས་ཆེན་སྐབས་སུ་ཤ་མོ་ཐོན་སྐྱེད་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱས།
![]()
དཔྱིད་གསར་དུས་ཆེན་སྐབས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་ཤར་ཐང་གྲོང་རྡལ་ཞིང་ཁ་སྡེ་བའི་དམག་དམངས་མཉམ་སྐྲུན་ཐོན་ལས་གླིང་དུ་བསྐྱོད་དུས། དྲི་ཞིམ་ཐུལ་བའི་ཤ་མོའི་དྲོད་ཁང་མང་པོ་རུ་ལས་བཟོ་བ་མང་པོས་གོ་རིམ་ལྡན་པའི་ངང་ཤ་མོ་དབོར་འདྲེན་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཤར་ཐང་གྲོང་རྡལ་གྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་སྡེབ་སྒྲིག་དང་ལག་རྩལ་གསར་གཏོད། ཞབས་ཞུ་ལེགས་བསྒྱུར། ཐོན་ལས་རིམ་སྤོར་བཅས་ཕྱོགས་བཞིའི་དམིགས་འབེན་ལ་དམ་པོར་དམིགས་ནས། རྒྱུ་ཆ་ཉོ་སྒྲུབ་དང་ཐོན་སྐྱེད་དང་ཚོང་གཉེར་མཉམ་འདྲེས་བཅས་ཕྱོགས་བསྡུས་ཀྱི་ཤ་མོ་ཐོན་ལས་ཀྱི་འབྲེལ་ཐག་འཚོལ་ཞིབ་བྱས་ཏེ། ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་ལས་ཀྱི་ཕན་འབྲས་འཕར་སྣོན་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་སྟེ། ཤ་མོ་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ཐབས་ལམ་གསར་པར་བསྒྱུར། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། ![]()
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系