ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ཚོགས་ཆེན་བསྡུས།

政务   2025-02-07 11:59   青海  


ཟླ2པའི་ཚེས6ཉིན། མཚོ་སྔོན་གྱི་ལོ་གསར་རྗེས་ཀྱི་ཚོགས་འདུ་དང་པོ་སྟེ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་དང་འཕེལ་རྒྱས། མཐུན་སྒྲིལ་བཅས་ལ་སྐུལ་བའི་ཚོང་འགུག་དངུལ་འདྲེན་གྱི་ཚོགས་ཆེན་ཟི་ལིང་དུ་བསྡུས། ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་བླང་བྱ་ལྟར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཡོད་ཚད་སྐུལ་སློང་བྱས་ཏེ་ནུས་ཚད་སྔར་ལས་ཆེ་བའི་སྒོ་ནས་སྤུས་ཚད་མཐོ་བའི་ཚོང་འགུག་དངུལ་འདྲེན་ལ་སྐུལ་འདེད་གཏོང་དགོས་ཤིང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་དམིགས་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་མངོན་ཐུབ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཤུགས་ཆེན་པོས་སྐྱེད་སྲིང་བྱེད་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མྱུར་དུ་གྲུབ་པར་བྱེད་པ། སྒུལ་ནུས་གསར་པའི་འཕེལ་རྒྱས་ཤུགས་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།
ཝུའུ་ཞའོ་ཅུན་གྱིས་ད་ལོ་ནི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གནད་འགག་གི་ལོ་ཞིག་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་ཡག་པོར་བསྡུ་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ཡག་པོར་རྩོམ་དགོས་ན། ཚོང་འགུག་དངུལ་འདྲེན་ནི་སྒུལ་ནུས་འདེགས་གཞི་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཚོང་འགུག་དངུལ་འདྲེན་ཐད་ཤུགས་སྣོན་རྒྱུ་དེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་རྒྱ་བསྐྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་བརྩིས་ནས། མུ་མཐུད་དུ་སྒོ་འབྱེད་གཞི་ཁྱོན་ཆེ་རུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་དགོས་ལ། དགེ་མཚན་འདོན་སྤེལ་དང་ལྗང་མདོག་ཚུལ་སྒྱུར་མངོན་འགྱུར་བྱེད་པ། ལས་ཞུགས་ཡོངས་འབབ་འཕར་བར་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་སོགས་གཞི་འཛིན་ས་གལ་ཆེན་དུ་བྱེད་པ། དུས་རབས་ཀྱི་སྣེ་ཁྲིད་ཐུབ་པའི་ཚན་རྩལ་རྣམ་པ་གསར་པ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ།  རྒྱང་རིང་ས་ནས་མཚོ་སྔོན་ལ་བལྟ་བ་དང་། མཐོ་སར་བུད་ནས་མཚོ་སྔོན་ལ་བལྟ་བ། སྤྱི་ཡོངས་ལ་རྐང་བཙུགས་ནས་མཚོ་སྔོན་ལ་བལྟ་དགོས་ཤིང་། སྲུང་སྐྱོབ་དང་འཕེལ་རྒྱས། གསོག་འབོར་དང་འཕར་གྲངས། ཚོང་འགུག་དང་ཚོང་འདེམ། རང་ས་གནས་དང་ས་གནས་གཞན་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་དང་སྤུས་ཚད་སྔར་ལས་མཐོ་བའི་ཚོང་འགུག་རྣམ་པས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་གསོན་ཤུགས་སྣོན་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་ཚོང་འགུག་དམ་འཛིན་བྱས་ན་མ་འོངས་པ་དམ་འཛིན་བྱས་པ་ཡིན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མགོ་རྩོམ་པའི་ངར་ཤུགས་དང་མགོ་བརྩམས་རྗེས་རྩེར་སྙེག་གི་སྙིང་སྟོབས་བཅངས་ནས། ལོ་གསར་བའི་ནང་དངོས་སྒྲུབ་འབད་འཐབ་དང་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། ཚོང་འགུག་དངུལ་འདྲེན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་སྩོལ་དགོས། ཡུལ་བབ་དང་བསྟུན་ནས་ཕྱོགས་ཡོངས་ཀྱི་ཚོང་འགུག་ལ་སྐུལ་འདེད་བཏང་སྟེ། དགེ་མཚན་གསར་པ་གསོ་སྐྱོང་བྱེད་པ་གཙོ་གནད་དུ་བཟུང་ནས་གསར་དར་ཐོན་ལས་ཀྱི་ཚོང་འགུག་ཡག་པོར་བསྒྲུབ་དགོས། ཕྲེང་འབྲེལ་གསབ་པ་དང་ཕྲེང་འབྲེལ་རྒྱུན་སྲིང་ལ་དམིགས་ཏེ་སྲོལ་རྒྱུན་ཐོན་ལས་ཀྱི་ཚོང་འགུག་ཇེ་མགྱོགས་སུ་གཏོང་བ་དང་། མིག་རྒྱང་རིང་བའི་བཀོད་པ་གཅིག་སྡུད་ཀྱིས་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་ཚོང་འགུག་ཆེ་རུ་གཏོང་བ། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོང་འགུག་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་ཞབས་ཞུ་རྣམ་པའི་ཚོང་འགུག་ལེགས་སྒྱུར་རིམ་སྤོར་བྱེད་པ་དང་རོང་འབྲོག་ཐོན་ལས་ཀྱི་ཚོང་འགུག་སྡེབ་སྒྲིག་དང་རིམ་པ་ཇེ་མཐོར་བཏང་ནས། ཚོང་འགུག་དངུལ་འདྲེན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། ཞིང་ཆེན་ཡོངས་བསམ་བཀོད་གཅིག་གིས་ཚོང་འགུག་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚོང་འགུག་དངུལ་འདྲེན་གྱི་གཙོ་གཞིའི་འགན་འཁྲི་ཤུགས་དྲག་ཏུ་གཏོང་བ་དང་། ཏང་སྲིད་ཀྱི་མགོ་ཁྲིད་གཙོ་བོ་ཚོང་འགུག་དང་། ལས་གཞི་འདྲི་རྟོག གནད་དོན་ཐག་གཅོད་སོགས་ཀྱི་གོ་རིམ་ཁྲོད་དངོས་སུ་ཞུགས་པ། ཆེད་དོན་མི་སྣ་དང་ཆེད་དོན་འཛིན་གྲྭ་བཀོད་སྒྲིག་བྱས་ཏེ་ཚོང་འགུག་ལས་གཞིའི་ལས་རིམ་རྗེས་འདེད་དང་དུས་འཁོར་ཡོངས་ཀྱི་ཞབས་ཞུ་སྒྲུབ་ནས་ཚོང་འགུག་གི་རྣམ་པ་གསར་པ་བསྐྲུན་ནས། ཚོང་འགུག་དངུལ་འདྲེན་བྱ་བ་ཏན་ཏིག་དང་ཕན་ནུས་ལྡན་པར་སྤེལ་བར་ཁག་ཐེག་བྱ་དགོས། བཅོས་སྒྱུར་གསར་གཏོད་ལ་ཤུགས་བསྣན་ཏེ། ཐོན་ལས་རོགས་སྐྱོར་དེ་ཁ་གཏད་རོགས་སྐྱོར་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་དབྱང་གི་ཁེ་ལས་དང་ཁེ་ལས་གཙོ་བོའི་སྣེ་ཁྲིད་འདེགས་སྐྱོར་བྱེད་ནུས་དང་ཚོང་ལས་མཐུན་ཚོགས་ལ་བརྟེན་ནས་ཚོང་འགུག་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ལས་བྱེད་པའི་ཚོང་འགུག་དངུལ་འདྲེན་གྱི་བྱེད་ནུས་སྦྱོང་བརྡར་ནུས་ཚད་ཇེ་ཆེར་གཏོང་བ། ཚོང་འགུག་དངུལ་འདྲེན་གྱི་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་བཏང་ནས་ལས་བྱེད་པས་ཚོང་འགུག་ལས་ཡུལ་དང་པོར་ལས་སྐྲུན་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་དགོས། ཚོང་འགུག་དངུལ་འདྲེན་གྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་ཏེ། མཚོ་སྔོན་གྱི་འཛོམས་ཚད་དངང་མཚོ་སྔོན་གྱི་ལེགས་ཆར་རྐང་འཛུགས་པ་དང་། རྒྱུ་རྐྱེན་འགན་སྲུང་ཤུགས་དྲག་ཏུ་གཏོང་བ། ཁེ་ལས་ཀྱི་ཐོན་སྐྱེད་མ་རྩ་ཇེ་དམའ་རུ་གཏོང་བར་རོགས་བྱེད་པ། བདེ་འཇགས་ཚོང་འགུག་གི་རྣམ་པ་གྲུབ་པར་བྱེད་པ་སོགས་བྱེད་ཕྱོགས་གསར་པ་དང་རྣམ་པ་གསར་པར་བརྟེན་ནས་དུས་ཚིགས་དང་པོའི་རྒྱལ་ཁ་མངོན་འགྱུར་བྱས་ཏེ། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ལའོ་ཏུན་ཁྲོན་གྱིས་མགོ་འཛིན་བྱེད་སྐབས། ད་ལྟ་ཚོང་འགུག་དངུལ་འདྲེན་གྱི་མགོ་བརྩམས་ཟིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མྱུར་དུ་འགུལ་སྐྱོད་སྤེལ་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། འབད་འཐབ་ཀྱི་རྣམ་འགྱུར་དང་བཅོས་སྒྱུར་གྱི་སྙིང་སྟོབས། དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་མཁྲེགས་གཏོར་དཀའ་སེལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཚོང་འགུག་དངུལ་འདྲེན་ལ་སྐུལ་འདེད་བཏང་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཚོང་འགུག་དངུལ་འདྲེན་གྱི་དགོས་གལ་རང་བཞིན་དང་བྲེལ་མྱུར་རང་བཞིན་ལ་ངོས་འཛིན་ཟབ་མོ་བསྐྱེད་དེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་ལ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པ་དམིགས་སུ་འཛིན་པ། ལངས་གནས་ཡང་བསྐྱར་ཇེ་མཐོ་དང་གནོན་ཤུགས་ཡང་བསྐྱར་བརྒྱུད་སྤྲོད་བྱེད་པ། བྱ་བར་ཡང་བསྐྱར་ཤུགས་བསྣན་ནས། ཚོང་འགུག་ནན་འཛིན་དང་ལས་གཞི་ཆེན་པོ། ཐོན་ལས་དར་སྤེལ་གྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་མྱུར་དུ་གྲུབ་པར་བྱེད་དགོས། སྒོ་འབྱེད་ཀྱི་བློ་ཁོག་དང་མཉམ་ལས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་བསམ་པ་བཅངས་ཏེ། ཁེ་ལས་ལ་ཕྱོགས་ཡོངས་དང་འདུས་གྲུབ་རང་བཞིན། དུས་འཁོར་ཧྲིལ་བོའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ཤིང་། ནུས་པ་གཅིག་སྡུད་ཀྱིས་སྲོལ་རྒྱུན་ཐོན་ལས་རིམ་སྤོར་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལྡབ་འགྱུར་གྱིས་འཕར་ཐུབ་པ། དཔལ་འབྱོར་གསར་པ་དང་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པའི་སྤུས་ལེགས་ལས་གཞི་ཁག་ཅིག་ནང་འདྲེན་བྱས་ཏེ་ཚོང་འགུག་དངུལ་འདྲེན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་བྱེད་དགོས་ཞེས་བསྟན།
ཚོགས་ཐོག་ཏུ2024ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་བྱ་བའི་གནས་ཚུལ་དང2025ལོའི་བྱ་བའི་འཆར་གཞི་ཡིག་ཐོག་ནས་ཁྱབ་བསྒྲགས་བྱས། འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པར་ཚོང་འགུག་དངུལ་འདྲེན་བྱ་བར་ཤུགས་སྣོན་དང་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བྱེད་ཐབས་རེ་འགའ་ཞེས་པ་སྒྲོག་འདོན་བྱས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་གཞི་གྲངས་ཅུའུ། ཞིང་ཆེན་ནུས་ཁུངས་ཅུའུ། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ། ཀྲུང་གོ་འབྲེལ་འཕྲིན་མཚོ་སྔོན་ཡན་ལག་ཀུང་སི། ཟི་ལིང་དམིགས་བསལ་རྣོ་ལྕགས་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་ཡིག་ཐོག་གཏམ་བཤད་སྤེལ།
ཚོགས་འདུ་བརྙན་ལམ་རྣམ་པས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ་སོ་སོ། རྫོང་དང་ཆུའུ་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིས་མེན་དང་། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། པད་གོ། ཀྲུའུ་ཞང་ཧྥིན། ལོའུ་ཀང་། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡཱ། ཝང་ཧའེ་ཧུང་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས། གྲོང་ཁྱེར་དང་ཁུལ། རྫོང་བཅས་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། མཚོ་སྔོན་དུ་རོགས་བྱེད་པའི་ལས་བྱེད་པའི་སྣེ་ཁྲིད། མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་ཁེ་ལས། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས། དམངས་གཉེར་ཁེ་ལས། ཚོང་ལས་མཐུན་ཚོགས། དངུལ་རྩ་ལས་ཁུངས་བཅས་ཀྱི་འཐུས་མི་སོགས་ཚོགས་འདུར་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章