ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2025-02-10 10:32   青海  
གསར་འགྱུར་གལ་ཆེན།

ཚེས9ཉིན། དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་ཉིན27པར། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར2ལས་བརྒལ་རྒྱུ་རེད།

ཚེས9ཉིན། རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་ཁྱབ་སྒྲོག་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ1པོར་རྒྱལ་ཡོངས་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)དུས་མཚུངས་ལས0.5%འཕར་བ་རེད།

ཉིན་ཤས་གོང་། ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་གཞུང་དོན་ཁང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གཞུང་དོན་ཐིང་དང་མཉམ་དུ་ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་དཔེ་མཚོན་གནད་དོན3བརྡ་ཁྱབ་བཏང་བ་རེད།

ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་རྒྱལ་ཁབ་ནུས་ཁུངས་ཅུ་ཡིས་མཉམ་འབྲེལ་ཐོག་ཡིག་བཀྲམ་ནས། རླུང་ཤུགས་དང་ཉི་ནུས་གློག་གཏོང་སོགས་ནུས་རྒྱུ་གསར་པའི་དྲ་ཞུགས་གློག་ཚད་ཁྱོན་ཡོངས་ནས་གློག་ཤུགས་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་བཏང་བ་རེད།

ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། ཟླ1པོའི་ཚེས20ཉིན་གྱི་ཆུ་ཚོད0ནས་ཟླ2ཚེས8ཉིན་གྱི་ཆུ་ཚོད24བར། འཛད་སྤྱོད་པ་མི་ཁྲི2009.2ཡིས་གྲངས་འཛིན་ཐོན་རྫས་གསར་བ་ཉོ་སྒྲུབ་ཀྱི་ཁ་གསབ་རེ་ཞུ་བྱས་པ་རེད།

ཚེས9པའི་ཚེས11ཉིན་གྱི་ཆུ་ཚོད11བར། སི་ཁྲོན་དབྱི་པིན་ཅུན་ལན་རི་བོའི་རི་ཉིལ་བྱུང་ནས་མི1རྐྱེན་ལམ་དུ་ཤོར་བ་དང་། མི28འབྲེལ་ཐག་ཆད་པ་ཐོག་མར་ཞིབ་དཔྱད་བྱུང་།

01.jpg

ཚེས9ཉིན་བར། ཀྲུང་གོ་རུ་ཁག་གིས་ཨེ་ཤེ་ཡའི་དགུན་དུས་འགྲན་ཚོགས་སྐབས་དགུ་པའི་ཐོག་གསེར་གྱི་རྟགས་མ15དང་། དངུལ་གྱི་རྟགས་མ15།  ཟངས་ཀྱི་རྟགས་མ14བཅས་བླངས་པ་རེད།

ཚེས7ཉིན། “ཞི་བདེའི2025”ཞེས་པའི་རྒྱལ་ཁབ་མང་པོའི་མཚོ་ཐོག་མཉམ་འབྲེལ་ནང་སྦྱོང་ཁ་ལ་ཆི་ནས་འགོ་བརྩམས་པ་དང་། ཀྲུང་གོའི་ཕྱོགས་ཀྱི་དམག་གྲུ་དང་གྱེན་འཕུར་གནམ་གྲུ། མཚོ་དམག་ཁ་ཤས་ནང་སྦྱོང་ནང་ཞུགས་ཡོད།

ཚེས8ཉིན། ཕ་ལེ་སི་ཐན་དང་། ཨེ་ཅིབ། ཨ་ལ་པོ་སོགས་ཕྱོགས་མང་པོས་དབྱི་སི་རལ་གྱི“སོ་ཏི་ཨ་རབ་ཏུ་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར”གཏམ་གླེང་ལ་རྒོལ་གཏམ་བཏང་བ་རེད།

སྤྱི་ཚོགས།

ཚེས11ནས་ཚེས13བར། གྲང་རླུང་གིས་ཤུགས་རྐྱེན་ཐེབས་པའི་དབང་གིས་དབུས་ཤར་ས་ཁུལ་དུ་དྲོད་ཚད་ཏུའུ4ནས6བར་ཇེ་དམའ་རུ་འགྲོ་རྒྱུ་དང་། ས་ཆ་ཁ་ཤས་ཀྱི་དྲོད་ཚད་ཏུའུ8ཇེ་དམའ་རུ་འགྲོ་རྒྱུ་རེད།

ཚེས9ཉིན་གྱི་ཆུ་ཚོད12དང་སྐར་མ51བར་དུ། 2025ལོའི་ལོ་འཁོར་གྱི་གློག་བརྙན་སྤ་སེའི(སྔོན་ཚོང་དུས་ཐོག་ཚུད་ཡོད)སྒོར་དུང་ཕྱུར150ལས་བརྒལ་ཡོད།

ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་ལས་ཐིང་གིས《ཕྲུ་གུའི་འཚོ་བཅུད་གསོ་སྐྱོང་དཔྱད་དཔོག་ཞབས་ཞུའི་ཕྱོགས་སྟོན(ཚོད་སྤེལ)》པར་འགྲེམས་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྐྱོང་དང་དཔྱད་དཔོག་བྱ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།

ཉིན་ཤས་གོང་། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དྲ་ཐོག་ནས་བྱུང་བའི་གཅིག་སྡུད་སྨན་རྫས་ཁག་གཅིག་ལ་སྤུས་ཚད་ཉེན་ཁ་ཡོད་སྲིད་པའི་གནད་དོན་ཐད་ལ་ལན་བཏབ།

ས་གནས་དེ་གའི་དུས་ཚོད་ཚེས9ཉིན། ཀྲང་ཝེ་ལིས་ཀྱིས་མཐའ་མཇུག་གི་འཐབ་འཛིང་གི་ཨང་དང་པོ་རྩོད་པའི་འགྲན་བསྡུར་UFC312ཁྲོད་འགྲན་ཡ་ཕམ་པར་བཏང་ནས། བསྟུད་མར་ཐེངས་གསུམ་ལUFCབུད་མེད་ཀྱི་གསེར་གྱི་སྐ་རགས་བླངས་པ་རེད།

ཚེས9ཉིན། WTTའཛམ་གླིང་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སིང་ཀ་ཕོར་གྱི་འགྲན་བསྡུར་ཆེན་པོ་མཇུག་སྒྲིལ་ཞིང་། ཀྲུང་གོའི་རུ་ཁག་གིས་སྐབས་འདིའི་འགྲན་བསྡུར་ནང་མཉམ་བསྲེས་ཆ་གཉིས་དང་། སྐྱེས་པའི་ཆ་འགྲན། བུད་མེད་ཆ་འགྲན། བུད་མེད་རྐྱང་འགྲན། སྐྱེས་པའི་རྐྱང་འགྲན་བཅས་ཀྱི་ཨང་དང་པོ་ཚང་མ་བླངས་པ་རེད།

སྡོམ་རྩིས་བྱས་པར་གཞིགས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་སྐབས་སུ། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་གི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཉིན་རེའི་ཆ་སྙོམས་རྒྱུག་ཚད་ན་ནིང་དུས་མཚུངས་ལས60%མང་དུ་ཕྱིན་ཡོད་པ་རེད།

ད་ལོའི་ཟླ1པོར། ཀོང་ཞིས་ནས་གཏོང་བའི་ཀྲུང་གོ་དང་ཡུའེ་ནན་གྱི་འགྲུལ་སྐྱོད་མེ་འཁོར་ནས་དངོས་ཟོག་སྒམ3062སྐྱེལ་འདྲེན་བྱས་པ་དང་། དུས་མཚུངས་ལས760%འཕར་ཡོད།

ཚེས9ཉིན། གོ་ལ་ཧྲིལ་པོའི་ཚོང་ཟོག་ཆུང་གྲས་བསྡུ་འགྲེམས་ལྟེ་གནས་ཆེ་ཤོས་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་དོན་གྱི་ཚོང་སྒོ་ཕྱེ་ནས་ཚོང་ཁང་ཁྲི7.5ཙམ་གྱིས་ཚོང་སྒོ་ཕྱེས།


ཀོང་ཏུང་ཧྲེན་ཀྲེན་གྱི་ཉ་གྲུ་ཞིག་ཤིག་ཆུར་ནུབ་པ་དང་། གྲུ་ཐོག་གི་མི2མཚོ་ཐོག་ཏུ་གཡེང་ནས་རོགས་སྐྱོབ་ལ་སྒུག་པའི་སྐབས་སུ། གྲུ་གཟིངས་བསྐོར་ནས་མཚོ་ཐོག་ཏུ་ཉ་འཛིན་པར་འགྲོ་བའི་ཧོ་ཀྲི་ཝུའེ་དང་ཧོང་ཧའེ་ཐའོ་སོགས་ཀྱིས་གནས་ཚུལ་མཐོང་བས་མྱུར་སྐྱོབ་བྱས་ནས་སྐར་མ20མ་འགོར་བར་མི་དེ་གཉིས་བསྐྱབ་སོང་།

སྲིད་ཇུས།

པེ་ཅིན་གྱིས་བྱ་ཐབས་པར་འགྲེམས་བྱས་ནས་རིམ་པ་མཐོ་བའི་གསར་གཏོད་ལས་གཏོད་ཤེས་ལྡན་མི་སྣའི་རྣམ་གྲངས་རེ་ཞུ་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་དང་། བདམས་ཐོན་བྱུང་པའི་མི་སྣར་ཐེངས་གཅིག་ལ་མི་རེར་སྒོར་ཁྲི50ལས་མི་བརྒལ་བའི་གྲོན་དངུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།

ཐེན་ཅིན་གྱིས་བརྡ་ཐོ་པར་འགྲེམས་བྱས་ནས་སྨན་ཆས་གསར་གཏོད་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དཀར་ཆག་ནང་འཇུག་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

ལིའོ་ཉིང་གིས་སློབ་གྲྭའི་ཟ་ཁང་དང་སློབ་གྲྭའི་ཕྱི་རོལ་གྱི་ཟ་ཁང་མཁོ་འདོན་སྡེ་ཚན་གྱིས་བློ་རིག་ལྟ་སྐུལ་དོ་དམ་མ་ལག་ལ་བརྟེན་ནས་བཟའ་བཅའ་ནང་འདྲེན་ཞིབ་བཤེར་སོགས་ཀྱི་ཆ་འཕྲིན་ཐོ་འགོད་དང་ཉར་ཚགས་བྱེད་དགོས་པའི་ཡིག་ཆ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

04.jpg

ཞིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། ཁྲོན་ཞིའི་མཐོ་སྒང་། ཧེ་ལུང་ཅང་གི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། བོད་ལྗོངས་ཀྱི་ཤར་རྒྱུད་དང་ཁྲོན་ཞིའི་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གཤོང་སའི་ཤར་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་རྒྱུད་བྱང་རྒྱུད། ཡུན་ནན་གྱི་ལྷོ་རྒྱུ། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད།


ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  图片

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章