ཞི་ཅིན་ཕིང་གི་ལེགས་བཤད།【འདོན་ཐེངས179པ།】

政务   2025-02-10 11:02   青海  

图片



图片

ཞི་ཅིན་ཕིང་གི་ལེགས་བཤད།


མི་དམངས་ནི་ཏང་གིས་སྲིད་དབང་སྐྱོང་བའི་གདེང་ཚོད་ཆེ་ཤོས་ཡིན་ལ་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་བརྟན་ཤོས་ཀྱང་ཡིན། དོན་སྙིང་འདིའི་ཆ་ནས་བཤད་ན་དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན། ཏང་ཡོན་དང་ལས་བྱེད་པའི་ཐོག་མའི་བསམ་འདུན་འགྱུར་ཡོད་མེད་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཡོད་མེད་ལ་མང་ཚོགས་ཀྱིས་གདེང་འཇོག་དང་ལག་ལེན་གྱིས་ཞིབ་བཤེར་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཡིད་ལ་བརྟན་པོར་བཅངས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་དགའ་སྐྱོ་བདེ་སྡུག་སེམས་ལ་འཛིན་པ་དང་། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་དཀའ་ངལ་དང་འདོད་དོན་སེམས་ལ་བཟུང་ནས། དམངས་འཚོའི་བྱ་གཞག་ཁག་འབད་བརྩོན་སྒོས་ཡག་པོར་སྒྲུབ་དགོས།

-----ཞི་ཅིན་ཕིང་གིས2019ལོའི་ཟླ7པའི་ཚེས15ཉིན་ནས་ཚེས16ཉིན་བར་ནང་སོག་ཏུ“ཐོགམའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་སྐབས་ཀྱི་གསུང་བཤད་གནད་བསྡུས་ལས།

ཡོང་ཁུངས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། པོད་གསུམ་པ།

རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། 

来源/《习近平谈治国理政》第三卷

责编/格日加布

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章