![]()
![图片]()
ཟླ2པའི་ཚེས7ཉིན་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། འདི་ནི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྗེས་རང་རྒྱལ་གྱིས་གཉེར་བའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྤྱིའི་གངས་འཁྱགས་ལུས་རྩལ་གྱི་སྤྲོ་ཚོགས་གལ་ཆེན་ཞིག་ཡིན་ཞིང་། ཁྱོན་བསྡོམས་རྒྱལ་ཁབ་དང་ས་ཁུལ34ནས་ཡོང་བའི་ལུས་རྩལ་པ1200ལྷག་འགྲན་བསྡུར་ནང་ཞུགས་པར་མིང་ཐོ་བཀོད་ཡོད། ཐེངས་འདིའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཐོག་མཚོ་སྔོན་ལུས་རྩལ་གྱི་སྟོབས་ཤུགས་གསར་པ་ཐེངས་དང་པོར་མངོན་པ་དང་། ལུས་རྩལ་པ2འགྲན་བསྡུར་ནང་ཞུགས་པ་དང་། འཁྱགས་དར་བཟོ་མཁན1དང་རྩལ་སློབ་པ1གིས་ཞབས་ཞུ་སྒྲུབ་པ་དང་འགན་སྲུང་བྱེད་པའི་ལས་ཀའི་ནང་ཞུགས་རྒྱུ་ཡིན་པ་རེད།![图片]()
གསར་འགོད་པས་མཚོ་སྔོན་ཞིང་ཆེན་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་གི་སྤྱི་ཟླ12པའི་ཟླ་དཀྱིལ་དུ་ལྟེ་གནས་དེར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དགུན་དུས་ལུས་རྩལ་འགྲན་ཚོགས་ལྟེ་གནས་ཀྱི་ཡི་གེ་འབྱོར་ཏེ། མཚོ་སྔོན་གྱི་ལུས་རྩལ་པ་ཡེ་ཅན་ཅུན་དང་སུའུ་ཐེན་ཡུས་གཉིས་འཁྱགས་ལྟིར་རྒྱལ་ཁབ་རུ་ཁག་ནང་བདམས་ཐོན་བྱུང་བ་གཏན་འཁེལ་བྱས་ནས་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པར་ཞུགས་ཡོད། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་རྣམ་གྲངས་ཀྱི་ལུས་རྩལ་པ་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཐེངས་དང་པོ་དེ་ཡིན་པ་རེད།![图片]()
མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་མ་གོ་ལེའང་གིས། ཡེ་ཅན་ཅུན་དང་སུའུ་ཐེན་ཡུས་གཉིས་ནི་མཚོ་སྔོན་ཞིང་ཆེན་གྱིས་གསོ་སྐྱོང་བྱས་པའི་ལུས་རྩལ་པ་ཡིན། མཚོ་སྔོན་ཞིང་ཆེན་གྱི་འཁྱགས་ལྟིར་རྣམ་གྲངས་བདེ་བླག་ངང་འཕེལ་རྒྱས་ཕྱིན་པ་དང་ལུས་རྩལ་པ་གཉིས་རྩལ་ནུས་བྱང་ཆུབ་པར་གྱུར་བ་དང་བསྟུན་ནས་གདམ་གསེས་ཞིབ་ཚགས་བྱས་རྗེས་སྔ་རྗེས་སུ་རྒྱལ་ཁབ་རུ་ཁག་ནང་ཞུགས་ཐུབ་ཡོད་ཅིང་། ཡེ་ཅན་ཅུན་ལ་རྒྱལ་ཁབ་གཞོན་ནུ་རུ་ཁག་ནང་ཡོད་དུས་རྒྱལ་ཁབ་རུ་ཁག་གི་རུ་གྲོགས་དང་མཉམ་དུ་འཛམ་གླིང་གཞོན་ནུའི་མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་བསྡུར་ཁྲོད་ཨང་དང་པོ་དང་སྐབས་བཅུ་བཞི་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་ཐོག་ཨང་དང་པོ་སོགས་ཀྱི་གྲུབ་འབྲས་མང་པོ་བླངས་པ་དང་། སུའུ་ཐེན་ཡུས་ནི་མཚོ་སྔོན་ཞིང་ཆེན་བུད་མེད་འཁྱགས་ལྟིར་རུ་ཁག་གི་རུ་མི་གཙོ་བོ་ཡིན་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོག་དངུལ་གྱི་རྟགས་མ་བླངས་རྗེས་ན་ནིང་གི་སྤྱི་ཟླ9པར་དངོས་སུ་རྒྱལ་ཁབ་རུ་ཁག་ནང་ཞུགས་ཏེ་རྒྱལ་ནང་གི་གདམ་གསེས་ཛ་དྲག་བྱས་པ་བརྒྱུད་མཐར་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་ཐོབ་ཐང་བླངས། ཁོ་གཉིས་ཟླ2པའི་ཚེས9ཉིན་ནས་བཟུང་། ཁག་སོ་སོར་འཁྱགས་ལྟིར་གྱི་སྐྱེས་པའི་རྣམ་གྲངས་དང་འཁྱགས་ལྟིར་གྱི་བུད་མེད་རྣམ་གྲངས་འགྲན་བསྡུར་ནང་ཞུགས་རྒྱུ་རེད།![图片]()
མིང་ལའེ་ཧྲེང་ནི་མཚོ་སྔོན་རང་ཉིད་ཀྱིས་གསོ་སྐྱོང་བྱས་པའི་འཁྱགས་དར་བཟོ་མཁན་ཞིག་ཡིན་པ་དང་། སྤྱི་ལོ2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དར་བཟོའི་ལས་ཀའི་ནང་ཞུགས་མྱོང་བ་མ་ཟད། ལོ་མང་རིང་སློབ་སྦྱོང་བྱས་པ་དང་ལག་ལེན་བསྟར་རྗེས་འཛམ་གླིང་འཁྱགས་ལྟིར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐོབ་ཐང་ལག་འཁྱེར་བླངས་ནས་རྒྱལ་སྤྱིའི་འཁྱགས་དར་བཟོ་མཁན་ནང་ཞུགས་ཤིང་། དུས་ཡུན་རིང་པོར་རྒྱལ་ཁབ་འཁྱགས་ལྟིར་རུ་ཁག་གིས་དབུ་བཞུགས་དར་བཟོ་མཁན་བྱས་པར་མ་ཟད་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་བསྡུར་ཆེ་གྲས་ལ་ཞབས་ཞུ་སྒྲུབ་མྱོང་ཡོད། ལིའུ་དབྱི་ཕིང་གིས་རྒྱལ་ཁབ་བུད་མེད་འཁྱགས་ལྟིར་རུ་ཁག་གི་ཟུངས་ནུས་རྩལ་སློབ་པའི་འགན་འཁྲི་ཁུར་བཞིན་ཡོད་པ་དང་། ཐེངས་འདིའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཐོག་བུད་མེད་འཁྱགས་ལྟིར་རུ་ཁག་གིས་ཆེས་ལེགས་པའི་རྣམ་པའི་ཐོག་ནས་བྱ་དགའི་རྟགས་མ་ལོན་པར་འགན་སྲུང་བྱ་རྒྱུ་རེད།
ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་མཚོ་སྔོན་གྱི་ལུས་རྩལ་པ་ཐོན་པ་ནི་གློ་བུར་བ་ཞིག་མིན། སྤྱི་ལོ2016ལོ་ནས་བཟུང་། མཚོ་སྔོན་གྱིས་གངས་འཁྱགས་ལུས་རྩལ་ཐད་ནུས་ཤུགས་བཏོན་ནས་བསྟུད་མར་རྒྱལ་སྤྱི་དང་རྒྱལ་ནང་གི་ཚད་གཞི་མཐོ་བའི་འཁྱགས་ལྟིར་འགྲན་བསྡུར་ཐེངས་མང་གཉེར་ཞིང་། དེས་མཚོ་སྔོན་གྱི་འཁྱགས་ལྟིར་ལུས་རྩལ་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། སྤྱི་ལོ2018ལོར་མཚོ་སྔོན་གྱིས་ལས་རིགས་ལས་བརྒལ་ནས་ལུས་རྩལ་པ་བདམས་ཐོན་དང་འཁྱགས་ལྟིར་རུ་ཁག་དངོས་སུ་བཙུགས་ཤིང་། མཚོ་སྔོན་འཁྱགས་ལྟིར་ལུས་རྩལ་པས་རྒྱལ་སྤྱིའི་འགྲན་བསྡུར་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པར་མ་ཟད། མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་ཐོག་གཟེངས་རྟགས་གཅིག་ཀྱང་མེད་པའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད་དེ་མཚོ་སྔོན་གྱི་འཁྱགས་ལྟིར་ལུས་རྩལ་སྟོབས་ཤུགས་དང་འཕེལ་རྒྱས་མངོན་པར་བྱས་ཡོད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། ![图片]()
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系