ཐུགས་རྗེ་ཆེན་པོའི་དུས་ཆེན། 观音菩萨吉日

美体   2024-06-24 12:47   四川  

དེ་རིང་ནི་བོད་ཟླ་ལྔ་པའི་ཚེས་བཅོ་བརྒྱད་དེ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཇིག་རྟེན་མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དུས་ཆེན་ཡིན་པས་དགེ་སྡུག་གང་བྱས་ས་ཡར་འགྱུར་བ་དང་། དེ་རིང་འཕགས་མཆོག་སྤྱན་རས་གཟིགས་ལ་བརྟེན་ནས་དགེ་བ་བསྒྲུབ་པའི་ཕན་ཡོན་གྱིས་གྲང་དམྱལ་དུ་མི་སྐྱེ་ཞིང་དུས་མ་ཡིན་པའི་འཆི་བ་ལས་ཐར་རོ་ཞེས་གསུངས།


今天是藏历五月十八日(6月24日)南无大慈大悲怙主圣者观自在菩萨的殊胜吉祥日,行善与恶都会变动百万倍的增长,今天若能依观音菩萨来行善,就有不堕八热地狱,解脱死缘无定的功德。

ཨོཾ་མ་ཎི་པདྨེ་ཧཱུྃ། སྙིང་པོ་ཡི་གེ་དྲུག་པ་འདི་ལན་ཅིག་ཙམ་འཛིན་པས་བསྐལ་བ་ནི་ཁྲིའི་འཁོར་བ་བསྙིལ་ཞིང་། ཚིག་འདི་དྲན་ཙམ་གྱིས་སྒྲིབ་པ་ཀུན་དག་ཅིང་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་ནོ་ཞེས་གསུངས་སོ།།

嗡嘛尼巴美吽 此六字大明咒真言一句,解脱万劫轮回,何人仅仅忆念也能清净一切罪业,得到无量福德。

ཐུགས་རྗེ་ཆེན་པོ་མིག་འབྱེད། 启目观音



མཚན་རབ་ཡོངས་སུ་བསྟན་པའི་མདོ་ལས། འཕགས་པ་སྤྱན་རས་གཟིགས་དབང་གི་མཚན་ཐོས་པ་ཙམ་གྱིས་ཚེ་འདིའི་ཉེས་པ་ལས་སྐྱོབ། ཕྱི་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་རོ།། ཞེས་གསུངས་པ་དང་།


《遍说胜称经》中:“ 仅仅一闻大圣者观自在菩萨称,今生一切罪恶中解救你,来世得无上正果菩提道。”




ཀུན་མཁྱེན་མི་ཕམ་རིན་པོ་ཆེས། འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་དང་བསྙེན་པ་བཟླ་བའི་གང་ཟག་ནི། ད་ནས་འཁོར་བ་མེད་ཅིང་མྱང་འདས་མ་ཐོབ་པར་གཅིག་ནས་གཅིག་ཏུ་མགོན་པོ་གང་གི་སྤུ་ཉག་གཅིག་ཏུ་སྐྱེ་ནས་གནས་སོ།། ཞེས་གསུངས་སོ།།


全知麦彭尊者:“ 持观世音菩萨名号和六字大明咒的人,不再流转轮回,不得涅槃间一一住于观世音菩萨的毛口中。”


མཚན་སྔགས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།།


名号:(藏语念法)香且 森华 森华 钦诐 酿杰 钦诐当 丹巴 帕巴 宣瑞惹 旺协拉 香擦洛 窍 多嘉森 且奥 含义:顶礼供养皈依大悲观圣观自在菩萨摩诃萨!


ཡེ་ཤེས་དྲི་མེད། • 益西智麦

བསྔོ་བ། 回向

དགེ་བ་འདི་ཡིས་མྱུར་དུ་བདག།

我今速以此善根

སྤྱན་རས་གཟིགས་དབང་འགྲུབ་འགྱུར་ནས།།

成就观音圣尊众

འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ།།

令诸众生无一余

ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག།

悉皆安置于此地


益西智麦
人不因出生而尊贵,而是因行为而尊贵。
 最新文章