ཀུན་མཁྱེན་བླ་མའི་འདས་མཆོད། 麦彭尊者的圆寂纪念日

美体   其他   2024-06-05 01:33   四川  

དེ་རིང་ནི་འབུམ་འགྱུར་ས་ག་ཟླ་བའི་ཚེས་ཉེར་དགུ་སྟེ། སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་དཔལ་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ་དང་རྗེ་བཙུན་འཇམ་པའི་དབྱངས་གཉིས་ངོ་བོ་དབྱེར་མེད་དུ་མི་ཡི་གཟུགས་སུ་རོལ་བའམ་དུས་གསུམ་སངས་རྒྱས་ཀྱི་ཐུགས་སྲས་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨོས་ན་ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་དགུང་ལོ་རེ་བདུན་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྤྱི་ལོ་༡༩༡༢ལོར་འཇུ་རུ་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར་མོ་བརྒྱ་དང་བཅུ་གཉིས་ལོན་པའི་འདས་མཆོད་དང་རྗེས་དྲན་ཉིན་མོ་ཡིན་པས་དགེ་སྒྲུབ་སྡིག་སྤོང་ལ་འབད་པ་གལ་ཆེའོ།།

今天藏历(善恶变动百万倍萨嘎达瓦)四月二十九日(6月5日)是三世诸佛菩萨的心子,释迦牟尼佛和文殊菩萨无别一体的化身,全知麦彭降央南迦嘉措尊者在(1846—1912)六十七岁时,为了遣除死魔而暂时显现为圆寂一百零十二周年的纪念殊胜日,净障积累福德,断恶行善及其重要。


༧ ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུས། འུ་ཅག་གི་བླ་མའི་སྐལ་བར་གཅིག་པུར་གྱུར་པ་དེ་ཀུན་མཁྱེན་མི་ཕམ་རྒྱ་མཚོ་རེད། ངའི་རྒྱུད་ལ་དད་པ་དང་སྙིང་རྗེ་ཉག་གཅིག་སྐྱེས་པ་ཡན་ཆད་དངོས་སམ་བརྒྱུད་ནས་བླ་མ་རིན་པོ་ཆེ་མི་ཕམ་གྱི་ཐུགས་རྗེའི་རྩལ་ལས་ཤར་བ་མ་གཏོགས་རང་སྟོབས་ཀྱིས་ཤར་བ་གང་ཡང་མེད། 

法王如意宝说:“我们唯一的上师是全知麦彭嘉措,我心里哪怕生起的一个信心或一个悲心,以上的所有都是上师仁波齐麦彭的直接或间接加持所得。"

ཡང་ཉིད་ཀྱིས། ངའི་བརྒྱུད་པའི་སློབ་མ་ཞིག་ཡིན་ཚད། དངོས་གྲུབ་ཅུང་ཙམ་ཞིག་ཡོད་པ་ཡན་ཆད། དཔེར་ན་མཆོག་གསུམ་ལ་སྐད་ཅིག་ཙམ་གྱི་དད་པ་སྟེ། ཚང་མ་ཀུན་མཁྱེན་བླ་མའི་བྱིན་རླབས་དང་ཐུགས་རྗེ་ཡིན། དེས་ན་ཀུན་མཁྱེན་མཆོག་ལ་ཐུན་མིན་གྱི་དད་པ་སྐྱེས་ནས་ཉིན་མཚན་ཀུན་དུ་གསོལ་འདེབས་དང་བྱིན་རླབས་ཞུ་བ་གལ་ཆེའོ།།

法王又讲到:〝凡是我的传承弟子,乃至得到点滴之成就,如于三宝生起利那信心,皆来自于全知上师麦彭尊者的加持与恩赐。所以我的弟子,皆当于全知上师生起不共不退之信心,应当昼夜精勤祈祷求加特。”

ཀུན་མཁྱེན་གྱི་གསོལ་འདེབས། 全知祈祷文 


རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས།།  

热东将华云尼辛拉类(觉空文殊童子之加持)

དགོངས་པའི་ཀློང་ནས་སྤོབས་པའི་གཏེར་བརྒྱད་གྲོལ།།

恭波龙内博波得嘉作(密意界中获证八辯才)

ལུང་རྟོགས་ཆོས་མཛོད་རྒྱ་མཚོ་མངའ་བདག་མཆོག།

龙多秋作嘉促锕达巧(教证法藏海洋尊胜主)

ཨ་ཛི་ཏ་བི་ཛ་ཡ་ལ་གསོལ་བ་འདེབས།།

阿泽达波匝牙拉所瓦得(至诚祈祷麦彭那迦尊)

མདོར་ན་འདི་ནས་ཚེ་རབས་ཐམས་ཅད་དུ།།
从今乃至世世中
དག་དང་མ་དག་གང་ཞིག་བརྒྱུད་གྱུར་ཀྱང་།།
无论生在何处界
ཁྱེད་ལ་དད་ཅིང་ཁྱེད་ཀྱི་ཞལ་མཇལ་ནས།།
坚信不疑隆见您
ཁྱེད་ཀྱི་དགོངས་དོན་མ་ལུས་རྟོགས་པར་སྨོན།།
愿我获得您加持

དེས་ན་ཕྲན་གྱི་འདི་ནས་ཀུན་མཁྱེན་བླ་མ་མཆོག་ལ་རྗེས་དྲན་གྱི་ཆེད་དུ་སྲོག་བླུ་འབུམ་གཅིག་གི་དགེ་བསྐུལ་བྱེད་པ་ཡིན་པས། རང་རང་སོ་སོས་དེ་རིང་ཉིན་གཅིག་གི་ནང་སྲོག་བླུ་ཅི་ཐུབ་ན་འོག་ནས་ཁས་ལེན་དང་། སེམས་ཅན་ཆེ་ཆུང་གི་ཁྱད་མེད་པར་མྱུར་དུ་འབུམ་གཅིག་གི་སྲོག་བླུ་ཐུབ་པར་བརྒྱུད་བསྐུར་རེ་མ་མཐའ་གནང་རོགས་ཞུ།

所以为了纪念全知上师麦彭仁波切,我在这里发起放生十万生命的共修,在这一天内你能放生多少生命,下面可以投票进行报数。无论大小任何众生,只要解救有情的都可以算放生,为了速速能够圆满放生十万个生命,请大家多多传递。

ཡེ་ཤེས་དྲི་མེད། • 益西智麦

益西智麦
人不因出生而尊贵,而是因行为而尊贵。
 最新文章