སློབ་དཔོན་པདྨའི་དུས་ཆེན། 莲师殊胜吉日

美体   2024-07-16 07:39   四川  

དེ་རིང་བོད་ཟླ་དྲུག་པའི་ཚེས་བཅུ་ལ་ཨོ་རྒྱན་ཆེན་པོ་སིནྡྷུའི་རྒྱ་མཚོར་སྐུ་འཁྲུངས་མཛད་པའི་དུས་ཆེན་ཡིན་པས། དགེ་སྡིག་གང་བྱས་འབུམ་དུ་འགྱུར་ལ་མཚོན་གྱི་བསྐལ་བ་ལས་ཐར། ཚ་བའི་དམྱལ་བར་མི་སྐྱེ་བ་སོགས་ཕན་ཡོད་བསམ་གྱིས་མི་ཁྱབ་པ་ཡོད་དོ།། 


今天藏历六月初十(7月16日)莲花生大降生于达那够夏海的莲花中的殊胜吉祥日,作善作恶变动十万倍,今日行善可以解脱刀劫,不堕八热地狱等有无量功德。



ཀུན་མཁྱེན་མི་ཕམ་རིན་པོ་ཆེས། སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱའི་ཞིང་དང་། དེ་དག་གི་སྟེང་འོག་ཕྱོགས་བཞིའི་འཇིག་རྟེན་སོ་དྲུག་དང་། སོ་སོའི་ཁྱད་པར་གྱི་གནས་རིས་རིགས་དྲུག་སོགས་སུ་མཚན་དང་སྐུའི་བཀོད་པ་ཐ་དད་པའི་རྣམ་རོལ་སྣ་ཚོགས་སུ་སྣང་བ་དང་། རང་ཅག་གི་གནས་འཛམ་བུའི་གླིང་འདིར་ཡང་སྐུ་གཅིག་མཚན་བརྒྱད་འཕྲུལ་མཚན་ཉི་ཤུ་སོགས་ཀྱི་བཀོད་པ་དང་། ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤེལ་བར་མཛད་ལ།  ཞེས་གསུངས།


麦彭仁波切说:“一百个千万大千世界的上中,四方之三十六个世界,以及各别六道中都有莲花生大士的不同化身。在这个娑婆世界当中莲花生大士一尊也有莲师八相和二十号,复化无量莲师在弘法事业。”


གུ་རུ་ཉིད་ཀྱིས་གསུང་གིས་ཞལ་བཞེས་ལས། ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོས་དྲག་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུ་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་བོ་དམ་ཚིག་ན་ར་ཀན༔ ཞེས་དང་།  ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང་༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་གསུངས་སོ།།


莲花生大士亲口说:“只要你念一遍金刚七句祈祷文,我也会从南方铜色神山,像慈祥母亲听到儿子哭换一样,降临你面前并加持你。”又说:“修我(莲师)可成就一切佛,见我可见到一切佛,我是一切善逝之总集。”

ཅི་ལྟར་གསོལ་འདེབས་བྱ་ན། བླ་མ་སྒྲུབ་པའི་གསང་ཐེམ་གནད་ཡིག་ལས༔ སྐྱིད་སྡུག་ལེགས་ཉེས་ལ་སོགས་པ༔ ཤི་གསོན་ཚེ་འདི་ཕྱི་མ་སོགས༔ གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པའི༔ བདག་ལ་རེ་ས་གཞན་ན་མེད༔ ཨོ་རྒྱན་མཁྱེན་ནོ་སྙམ་པ་ཡི༔ བློ་ཡི་ཡང་ཡང་གཏད་པར་བྱ༔ ཞེས་སོགས་ཀྱིས་ཕྱིར་གུ་རུ་ཉིད་ལ་གསོལ་འདེབས་བྱེད་པ་དང་ཚིག་བདུན་གསོལ་འདེབས། སིདྡྷི་སོགས་རྒྱུན་དུ་འདོན་པ་གལ་ཆེའོ།།


怎么祈祷莲师呢?“无论遇到苦乐,好坏、生死、今生与来世、暂时和永久、这一切的苦乐依赖于您!我的怙主希求处唯有您!”以这样的方式反复祈祷,恒时念诵《金刚七句祈祷文》,莲师心咒很重要。

ཡེ་ཤེས་དྲི་མེད། • 益西智麦

益西智麦
人不因出生而尊贵,而是因行为而尊贵。
 最新文章