དེ་རིང་ནི་བོད་ཟླ་ལྔ་པའི་ཚེས་གཅིག་སྟེ་སངས་རྒྱས་ཏིང་ངེ་འཛིན་གྱི་དུས་ཆེན་ཡིན་པས་དགེ་སྡུག་གང་བསྒྲུབ་ན་བརྒྱ་འགྱུར་ཡིན་ཞེས་གསུངས། སྤྱིར་སྤྱི་ཚོགས་འདི་ནི་ཧ་ཅང་འུར་ཆ་ཆེ་བ་དང་མི་ཁོམ་པ་མང་པའི་དུས་རབས་ཤིག་ཡིན་པས་མི་ཚོགས་ལ་བྲེལ་འཚུབ་གྱི་སྡུག་བསྔལ་མང་། དེས་ན་དེ་རིང་ལ་ང་ཚོའི་རང་ཉིད་ཀྱི་ལུས་སེམས་ཞི་དུལ་དུ་བཏང་སྟེ་ཐ་ནའང་དེ་རིང་གི་སྐར་ཆ་ལྔ་ཙམ་ལ་བེད་སྤྱད་དེ་བསམ་གཏན་དུ་བཞུགས་པར་བྱ།
今天(6月7日)藏历五月初一禅定胜王佛殊胜吉日,作何善恶成百倍。如今这个社会,每个人都在不停的奔波,痛苦也渐渐的增长。所以今天我们要把自心安静下来,至少拿出这一天的五分钟,来观修一下禅定,让心休息一会儿。
བསམ་གཏན་ནི་སེམས་མ་གཡེངས་ཤིང་ཉོན་མོངས་པའི་དྲི་མ་དང་མ་འདྲེས་པར་སེམས་རྩེ་གཅིག་ཏུ་གནས་པ་དེ་ཡིན་ལ་དེ་ནི་དུས་རབས་འདིའི་མི་ཚོགས་ལ་ཆེས་མཁོ་བའི་བླ་ན་མེད་པའི་བདེ་བ་ཐོབ་བྱེད་ཀྱི་ཐབས་ཤིག་ཡིན། ང་ཚོ་ལའང་ཕྱི་ལུས་པོར་མཁོ་བའི་མཛེས་སྤྲས་སོགས་ཀྱིས་མི་དབུལ་ཡང་། ནང་སེམས་ཞི་འཇག་ཏུ་གཏོང་བའི་ཉམས་ལེན་གྱིས་དབུལ་པོ་ཉིད་དུ་ཆགས་ཡོད།
禅定是让心不散逸的没有无明之垢一心专注的修法,对如今的人们来讲是一个非常重要的善巧方法,直接可以得到物质上无法得到的幸福。对外在来讲我们特别富有,不缺任何外在所要的一切,只是我们的内心很穷,遇到一点事情就会烦躁,不能安心,这才是最大的痛苦。
ཡེ་ཤེས་དྲི་མེད། • 益西智麦
སྡིག་པ་ཅི་ཡང་མི་བྱ་ཞིང་།། 诸恶莫作
དགེ་བ་ཕུན་སུམ་ཚོགས་པར་བྱ།། 众生奉行
རང་གི་སེམས་ནི་ཡོངས་སུ་འདུལ།། 自净其意
འདི་ནི་སངས་རྒྱས་བསྟན་པ་ཡིན།། 是诸佛教