མདོ་དབུས་མཐོ་སྒང་ནས་སྲོག་ཆགས་འདི་གསར་དུ་རྙེད་འདུག

政务   2024-11-02 15:51   甘肃  



གཙང་གསུམ་ཆུ་བོའི་འབྱུང་ཁུངས་ནས་སྲོག་ཆགས་གསར་པ་ཞིག་རྙེད་པ་དང་། དེའི་མིང་ལ་ཡུལ་ཤུལ་གྱི་ཕ་ཝང་སྣ་ལེབ་ཟེར།



  གསར་འགོད་པས་རང་བྱུང་རི་ཆུ་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་བྱུང་རི་ཆུ་སྲུང་སྐྱོང་ལྟེ་གནས་ཀྱིས་ཞིབ་འཇུག་ཚོགས་པ་མང་པོ་ཞིག་དང་མཉམ་ལས་བྱས་ཏེ་གཙང་གསུམ་ཆུ་བོའི་འབྱུང་ཁུངས་སུ་གནས་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ནས་ཕ་ཝང་ཞིག་གསར་དུ་རྙེད་ཡོད་པ་དང་། དེའི་མིང་ལ་ཡུལ་ཤུལ་ཕ་ཝང་སྣ་ལེབ་ཞེས་བཏགས་འདུག

  ཉེ་ཆར། ཞིབ་འཇུག་གི་གྲུབ་འབྲས་འདི་རྒྱལ་སྤྱིའི་འོ་འཐུང་སྲོག་ཆགས་ཞིབ་འཇུག་དུས་དེབ༼ Journal of Mammalogy༽ ཐོག་བཀོད་འདུག

ཡུལ་ཤུལ་ཕ་ཝང་སྣ་ལེབ་ཀྱི་འདྲ་པར

  ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་རང་བྱུང་རི་ཆུ་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་མི་སྣས་ཡུལ་ཤུལ་གྲོང་ཁྱེར་གྱི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་འབའ་ཐང་གཙང་པོའི་རྒྱུད་དུ་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་བྱེད་སྐབས། ས་བབ་མཐོ་ཚད་སྨི3770ཡོད་པའི་ཆུ་འགྲམ་གྱི་བྲག་ཁུང་ཞིག་ནས་དགུན་ཉལ་བྱེད་བཞིན་པའི་ཕ་ཝང་ཞིག་ཡོད་པ་མཐོང་བ་དང་། དེའི་བྱད་བཞིན་ད་ཕན་ཤེས་རྟོགས་བྱུང་བའི་ཕ་ཝང་གཞན་དང་ཁྱད་པར་ཡོད་པ་ཤེས་རྟོགས་བྱུང་བ་རེད།

  དེ་ནས་རང་བྱུང་རི་ཆུ་སྲུང་སྐྱོང་ལྟེ་གནས་ཀྱིས་ཀོང་ཀྲའུ་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་དང་། པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོང་ལྟེ་གནས། སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་སོགས་ཚན་པ་དང་མཉམ་དུ་སྲོག་ཆགས་དེར་ཞིབ་འཇུག་བྱས་པ་དང་། དེའི་མགོ་དང་སོའི་རྣམ་པ་ཕ་ཝང་གཞན་དང་ཁྱད་པར་ཡོད་པས། ཕ་ཝང་དེ་ནི་གསར་དུ་རྙེད་པའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པར་ངོས་འཛིན་བྱས་པ་རེད། འདི་དང་འབྲེལ་ཡོད་ཀྱི་ཚན་ཞིབ་དཔྱད་རྩོམ2024ལོའི་ཟླ10ཚེས23ཉིན་དངོས་སུ་དྲ་ཐོག་ཏུ་སྤེལ་ཡོད་པ་རེད།

ཡུལ་ཤུལ་ཕ་ཝང་སྣ་ལེབ་ཀྱི་རྣམ་པ་དང་འཚོ་སྡོད་ཁོར་ཡུག

  ཡུལ་ཤུལ་ཕ་ཝང་སྣ་ལེབ་གསར་དུ་རྙེད་མཁན་པེ་ཅིང་སློབ་ཆེན་གྱི་འབུམ་རམས་ཞིབ་འཇུག་སློབ་མ། རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་ཚན་རིག་བློ་འདྲི་བ་ཧན་ཞུའེ་ཡིས་ཕ་ཝང་འདིའི་རིགས་ནི་གཙོ་བོ་བརླན་གཤེར་ཆེ་སའི་ནགས་ཚལ་ཁྲོད་དུ་གནས་ཡོད་ཅིང་། ས་ཆའི་ངོས་ནས་གཙོ་བོ་ཨེ་ཤེ་ཡ་དང་རྒྱ་མཚོ་ཆེན་པོའི་གླིང་ཆེན་གྱི་ཚ་བ་ཆེ་སར་ཡོད། ཐེངས་འདིར་ཡུལ་ཤུལ་ཕ་ཝང་སྣ་ལེབ་འདི་གཙང་བོ་གསུམ་གྱི་འབྱུང་ཁུངས་ཀྱི་གྲང་རེག་ཆེ་སའི་གནས་སུ་གསར་དུ་རྙེད་པ་འདིས། ཡུལ་ཤུལ་ཕ་ཝང་སྣ་ལེབ་རིགས་འདིའི་གནས་སྤོའི་ཡུལ་གྱི་ཁྱབ་ཁུངས་དང་ས་བབ་མཐོ་ལ་གྲང་རེག་ཆེ་སའི་གནས་སུ་ཡང་འཚོ་སྡོད་བྱ་ཐུབ་པར་དོན་སྙིང་གལ་ཆེན་ཡོད་ཅེས་བརྗོད་འདུག


ཡོང་ཁུངས། བོད་ལྗོངས་རྒྱང་སྒྲོག་བརྙན་འཕྲིན་ཁང་།

རྩོམ་སྒྲིག་པ། དྭངས་གསལ་ལྷ་མོ།
རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།
ཞུ་དག་པ།  རྡོ་རྗེ་ཚེ་རིང་།
ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章