《བདེན་འཚོལ》དུས་དེབ་སྟེང་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

政务   2024-11-01 17:26   甘肃  


《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།


   ཟླ11པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས21པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གང་ལེགས་གཏོང་དགོས》ཞེས་པ་སྤེལ།

  རྩོམ་ཡིག་ལས་བསྟན་དོན། ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་དངོས་ཡོད་ཁེ་ཕན་དང་འབྲེལ་ཡོད་ལ། དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་བཅས་དང་འབྲེལ་བ་ཡོད་པས། ང་ཚོའི་ཏང་གིས་གནའ་ནས་ད་བར་དུ་གནད་དོན་དེར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་རྒྱུན་ཆད་མེད་པར་དུས་རབས་གསར་པའི་ལས་ཞུགས་བྱ་བའི་ཆོས་ཉིད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་ཉམས་མྱོང་མང་པོ་བསགས་ཡོད། དེའི་ནང་གཙོ་བོ་ཏང་གིས་ལས་ཞུགས་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལས་ཞུགས་དེ་དམངས་འཚོའི་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ལས་ཞུགས་སྔོན་ལ་བྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། ལས་ཞུགས་ཤོང་ཚད་ཆེ་རུ་གཏོང་བ་དང་ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་བ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་དམ་འཛིན་བཟང་བོ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ལས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། གཞུང་དྲང་གི་ལས་ཞུགས་ཁོར་ཡུག་བསྐྲུན་པ་རྒྱུན་འཁྱོངས་བྱེད་པ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་ཚུད་ཡོད། ཉམས་མྱོང་འདི་དག་ཧ་ཅང་རྩ་ཆེན་ཡིན་པས། དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

  རྩོམ་ཡིག་ལས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གང་ལེགས་གཏོང་རྒྱུ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ལས་ཞུགས་བྱ་བའི་ངེས་གནས་གསར་པ་དང་ལས་འགན་གསར་པ་ཞིག་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ངལ་རྩོལ་པའི་རང་བདག་ལས་ཞུགས་དང་ཁྲོམ་རས་ལས་ཞུགས་སྙོམས་སྒྲིག་བྱེད་པ། སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ལས་སྐྲུན་ལ་སྐུལ་མ་བྱེད་པ་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ལས་ཞུགས་ཀྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་གྲངས་ཀ་ལུགས་མཐུན་ངང་འཕར་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས། རྒྱ་ཆེའི་ངལ་རྩོལ་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

  རྩོམ་ཡིག་ལས་བསྟན་དོན། ཐོག་མཐའ་བར་གསུམ་དུ་ལས་ཞུགས་སྔོན་ལ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ཡག་པོ་བྱ་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོའི་དམིགས་འབེན་དུ་བརྩིས་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དེ་ལས་ཞུགས་ཀྱི་སྤུས་ཚད་མཐོར་གཏོང་དང་ཤོང་ཚད་ཆེ་རུ་གཏོང་བའི་བརྒྱུད་རིམ་དུ་འགྱུར་བར་བྱས་ནས། འཕེལ་རྒྱས་ཀྱི་ལས་ཞུགས་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཤུགས་ཆེན་པོས་ཐག་གཅོད་བྱ་དགོས། མི་ཤུགས་ཐོན་ཁུངས་ཀྱི་འདོན་སྤྲོད་དང་དགོས་མཁོ་དོ་མི་སྙོམས་པ་ནི་མིག་སྔའི་རང་རྒྱལ་གྱི་ལས་ཞུགས་ཁྱབ་ཁོངས་ལ་འཕྲད་པའི་འགལ་བ་གཙོ་བོ་ཞིག་རེད། འགལ་བ་དེ་ཐག་གཅོད་བྱེད་པའི་གནད་འགག་ནི་བྱང་ཚད་ལེགས་པ་དང་། སྤྱི་འབོར་འདང་ངེས་པ། གྲུབ་ཚུལ་ལེགས་སྒྱུར། ཁྱབ་ཚུལ་ལུགས་མཐུན་བཅས་ཀྱི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་མྱུར་སྒོས་བསྐྲུན་རྒྱུར་ཐུག་ཡོད། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་ཚོགས་པས་ལས་ཞུགས་བྱ་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་པ་ཞོར་ལས་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མི་གྲངས་ཀྱི་ཞོར་ལས་གཞི་ཁྱོན་དང་ཞོར་ལས་ཡོང་སྒོ་བརྟན་པོ་བཟོ་བ། ལོ་ན་ཆེ་བ་དང་དབང་པོ་སྐྱོན་ཅན། ལས་ཤོར་བྱུང་ནས་དུས་ཡུན་ཅུང་རིང་བའི་ལས་ཞུགས་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དང་བུད་མེད་སོགས་ཚོགས་སྤྱིའི་ལས་ཞུགས་བྱ་བ་ལེགས་པོར་སྒྲུབ་དགོས། ལས་ཞུགས་ཀྱི་ལམ་ལུགས་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་དུ་གཏོང་དགོས། མི་ཤུགས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱས་ཏེ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཚོད་འཛིན་བཟོ་བ་དང་། ལས་ཞུགས་ཀྱི་ཤོང་ཚད་ཆེ་རུ་གཏོང་བ། ལས་ཞུགས་ཀྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་འགག་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་དགོས། ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ངལ་རྩོལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་ཐད་མཐོང་ཆུང་དང་གླ་ཕོགས་ཆད་པའམ་འགན་ལེན་མི་བྱེད་པ། ཁྲིམས་འགལ་གྱིས་ལས་མི་ཉུང་འཕྲི་བྱེད་པ་སོགས་ཀྱི་རྙོག་དྲའི་རྣམ་པའི་བཅོས་སྐྱོང་ལ་ཕན་འབྲས་ཐོན་པར་བྱེད་དགོས།

  རྩོམ་ཡིག་ལས་བསྟན་དོན། ལས་ཞུགས་ནི་ཁྱིམ་དོན་ཡིན་ལ་རྒྱལ་ཁབ་ཀྱི་ལས་དོན་ཡང་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལས་ཞུགས་དེ་དམངས་འཚོའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བྱ་བའི་མཉམ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མགྱོགས་མྱུར་སྒོས་ཀྲུང་གོའི་ལས་ཞུགས་ཀྱི་གཞུང་ལུགས་མ་ལག་བཙུགས་ནས། ཧུར་ཐག་གིས་ཀྲུང་གོའི་ལས་ཞུགས་སྐོར་གྱི་གཏམ་རྒྱུད་ཡག་པོར་བཤད་དེ། ནུས་ལྡན་སྒོས་རང་རྒྱལ་གྱི་ལས་ཞུགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་གཏམ་བཤད་དབང་ཆ་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་དགོས། །

ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་པ། དྭངས་གསལ་ལྷ་མོ།

རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།

ཞུ་དག་པ།  རྡོ་རྗེ་ཚེ་རིང་།

ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章