བྱིས་པའི་ཐུག་འཕྲད་དབང་ཆ་འདི་ལྟར་འཕྲོག་ཆོག་གམ།

文摘   2025-01-10 11:24   西藏  

བྱིས་པའི་ཐུག་འཕྲད་དབང་ཆ་འདི་ལྟར་འཕྲོག་ཆོག་གམ།


གྱོད་དཔེ།

འབུམ་སྐྱིད་ནི་མགོན་རྒྱལ་གྱི་ཨ་མ་ཡིན་པ་དང་། 2016ལོའི་ཟླ3པར་མོའི་བུ་གཅིག་པུ་མགོན་རྒྱལ་མཚོ་མོ་དང་གཉེན་བསྒྲིགས་ཤིང་། 2018ལོའི་ཟླ1པོར་ཁོ་གཉིས་ལ་མཚེ་མ་བུ་གཉིས་སྐྱེས་པ་རེད། 2018ལོའི་ཟླ7པར། མགོན་རྒྱལ་ལ་གློ་བུར་ནད་ཅིག་གིས་གཙེས་ཏེ་ཚེ་ལས་འདས་རྗེས་བུ་གཉིས་ཀྱིས་རྟག་ཏུ་ཨ་མ་མཚོ་མོ་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད།

འབུམ་སྐྱིད་ཀྱིས་ཐེངས་གང་མང་ཞིག་ལ་མཚོ་མོར་འབྲེལ་བ་བྱས་ཏེ་ཚ་བོ་གཉིས་ཀར་ཐུག་འདོད་པའི་རེ་བ་བཏོན་ཡང་། མཚོ་མོས་གཏན་ནས་ཁས་མ་བླངས། མཐར་འབུམ་སྐྱིད་ཀྱིས་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ་བྱིས་པར་ཟླ་རེའི་ཚེས1དང20ཉིན་བལྟ་དགོས་ཤིང་ཐེངས་རེར་ཆུ་ཚོད2ལ་ཐུག་འཕྲད་བྱ་དགོས་པའི་རེ་བ་བཏོན།

བཅའ་ཁྲིམས་དབྱེ་ཞིབ།

འབུམ་སྐྱིད་ནི་བྱིས་པ་གཉིས་ཀའི་རྨོ་བོ་ཡིན་ཞིང་། རྨོ་བོས་ཚ་བོར་ཐུག་འཕྲད་བྱེད་པ་དེ་རབས་ཆོད་གཉེན་འཕྲད་བྱེད་པའི་ཁོངས་སུ་གཏོགས། རང་རྒྱལ་བཅའ་ཁྲིམས་ཀྱིས་མེས་དབོན་བར་གྱི་ཐུག་འཕྲད་དབང་ཆའི་ཐད་ལ་གཏན་འཁེལ་གསལ་པོ་བྱས་མེད་མོད། ཐུག་འཕྲད་དབང་ཆ་དེ་མི་ལུས་འབྲེལ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་དབང་ཆའི་གྲས་སུ་ཚུད་ཅིང་རྒྱུན་པར་ཁྲག་རྒྱུད་ཀྱི་འབྲེལ་བ་ལས་བྱུང་བ་ཡིན།

དེར་བརྟེན། ཕྲུ་གུའི་ཕ་མ་གཉིས་ལས་གཅིག་ཚེ་ལས་འདས་པ་ཡིན་ནའང་རྨོ་མོ་དང་ཚ་བོའི་བར་གྱི་གཉེན་ཉེའི་འབྲེལ་བ་དེ་ཕྲུ་གུའི་ཕ་མ་ཚེ་ལས་འདས་པའི་རྐྱེན་གྱིས་མེད་པར་འགྱུར་མི་སྲིད། རྨོ་མོ་དང་ཚ་བོའི་བར་གྱི་རབས་ཆོད་གཉེན་འཕྲད་ཀྱིས་ཕ་མ་དང་བུ་ཕྲུག་གི་འབྲེལ་བ་རྒྱུན་བསྐྱངས་ཐུབ་པར་མ་ཟད། རང་རྒྱལ་གྱི་སྲོལ་རྒྱུན་ཁྱིམ་ཚང་གི་མི་ཆོས་ལྟ་བ་དང་མཐུན་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ། སྤྱི་སྒྲིག་སྲོལ་བཟང་བཅས་དང་མཐུན་པ་རེད། རབས་ཆོད་གཉེན་འཕྲད་བྱེད་པ་དེས་ན་སོ་དར་ལ་བབས་པའི་གཉེན་ཉེས་ནར་མ་སོན་པའི་མིར་བཅངས་པའི་བརྩེ་དུང་གི་དགོས་མཁོ་སྐོང་བ་ཕུད། ནར་མ་སོན་པའི་སྐྱེ་བོར་གཉེན་ཉེ་ཡིས་དེ་བས་གཅེས་སྐྱོང་མང་པོ་ཐོབ་པའི་ཐབས་ལམ་ཞིག་ཀྱང་ཡིན།

ལྷག་པར་གྱོད་གཞི་འདིར་འབུམ་སྐྱིད་ཀྱི་བུ་གཅིག་པུ་མགོན་རྒྱལ་ཚེ་ལས་འདས་པའི་གནས་ཚུལ་འོག བྱིས་པ་གཉིས་ནི་མགོན་རྒྱལ་དང་མཚོ་མོ་གཉིས་ཀྱི་གཅེས་ཕྲུག་ཡིན་པར་མ་ཟད་འབུམ་སྐྱིད་ཀྱི་ཚ་བོ་ཡང་ཡིན་པས། འབུམ་སྐྱིད་ཚ་བོ་གཉིས་ཀར་ཐུག་འཕྲད་བྱེད་པ་བརྒྱུད་ནང་སེམས་བདེ་ལ་འགོད་ཐུབ་པ་དང་རྨོ་མོ་དང་ཚ་བོའི་འབྲེལ་བ་རྒྱུན་མཐུད་ཐུབ་པའི་ཁར། བྱིས་པ་གཉིས་ལ་གཅེས་སྐྱོང་མང་ཙམ་བྱས་ན་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་ཐོགས་ཡོད་པས། མཚོ་མོས་ཨ་མ་འབུམ་སྐྱིད་ཀྱི་རེ་བ་དང་ལེན་བྱ་འོས།

དེ་དང་ཆབས་ཅིག་ཏུ་རབས་ཆོད་གཉེན་འཕྲད་ནི་ནར་མ་སོན་པའི་སྐྱེ་བོ་འཚར་ལོངས་འབྱུང་བ་དང་ལུས་སེམས་གཉིས་བདེ་ཡོང་བར་ཕན་སྟབས། བྱིས་པ་གཉིས་ཀ་དང་ཨ་མ་མཚོ་མོའི་རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཐུག་འཕྲད་བྱ་དགོས།


ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章