གྱོད་དོན་འདི་ཇི་ལྟར་ཐག་བཅད་ན་འགྲིག

文摘   2024-12-27 08:01   西藏  

གྱོད་དོན་འདི་ཇི་ལྟར་ཐག་བཅད་ན་འགྲིག

བློ་མཐུན་རྩོམ་སྒྲིག་པ་ལགས།
ང་དང་དོན་འགྲུབ་གཉིས་ཀྱི་རླངས་འཁོར་སྡེ་འདབས་ཀྱི་དཀྱོག་ལམ་དོག་མོ་དེ་རུ་སྟབས་མ་ལེགས་པར་ཕན་ཚུན་གདོང་ཐུག་བརྒྱབ་སྟེ་སོ་སོར་ཚད་མི་འདྲ་བའི་ཆག་སྐྱོན་བཟོས། དོན་འགྲུབ་ནི་སྐོར་ཡིག་མེད་པར་རླངས་འཁོར་བསྐོར་བར་གཏོགས། དོན་རྐྱེན་བྱུང་རྗེས། ངེད་གཉིས་ཀྱིས་ཉེན་རྟོག་པར་བརྡ་མ་བཏང་བར་མ་ཟད་ཉེན་སྲུང་ཀུང་སི་ལའང་བརྡ་མ་བརྒྱབ་པར་སྒེར་ནས་གྲོལ་མོལ་བྱས་པ་བརྒྱུད་སྐྱིན་ཚབ་གཞལ་རྒྱུའི་གྲོས་འཆམ་བྱུང་བ་དང་། ཁ་ཆད་ལས་ངས་དོན་འགྲུབ་ཀྱི་རླངས་འཁོར་ཞིག་གསོའི་གྲོན་དངུལ་ཡོད་ཚད་འགན་འཁུར་རྒྱུ་བྱས། ཕྱིས་སུ་ངེད་གཉིས་ཀས་གྲོས་མཐུན་ལག་བསྟར་བྱེད་སྐབས། ཕན་ཚུན་བར་རྩོད་གླེང་བྱུང་སྟེ་ངས་སྔོན་གྱི་གྲོས་འཆམ་ལྟར་འོས་འགན་ལག་བསྟར་བྱེད་མ་འདོད་པར་དོན་འགྲུབ་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ། གྲོས་མཐུན་ཡི་གེ་ཕྱིར་འཐེན་བྱས་ནས་ཁྲིམས་ལྟར་དོན་རྐྱེན་གྱི་འགན་འཁྲི་ངོས་འཛིན་བྱ་དགོས་པར་མ་ཟད་དཔྱད་མཚམས་ཀྱང་གཏང་དགོས་པའི་རེ་བ་བཏོན། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ཁྲིམས་ཁང་གིས་གྱོད་དོན་འདི་ཇི་ལྟར་ཐག་བཅད་ན་འགྲིག
ཅེས་བློ་བརྟན་གྱིས།

བློ་མཐུན་བློ་བརྟན་ལགས།
གྱོད་དོན་འདིའི་ཁྲོད་དུ་དོན་འགྲུབ་ནི་སྐོར་ཡིག་མེད་པར་རླངས་འཁོར་བསྐོར་བར་གཏོགས་པས། ཁྱོད་གཉིས་ཀྱིས་ཡུལ་དངོས་ལ་སྲུང་སྐྱོང་བྱས་ནས་ཉེན་རྟོག་པར་གྱོད་ཞུ་བྱ་དགོས། ཁྱོད་གཉིས་ལ་གྱོད་དོན་སྙན་སེང་ཞུ་རྒྱུའི་ཆ་རྐྱེན་ལྡན་ཡང་དུས་ལྟར་གྱོད་དོན་སྙན་སེང་མ་ཞུས་པས་དོན་རྐྱེན་ཁྲོད་ཀྱི་འགན་འཁྲི་ངོས་འཛིན་བྱེད་ཐབས་བྲལ་སྟབས། ཁྱོད་གཉིས་ཀྱིས་འདྲ་མཚུངས་ཀྱི་འགན་འཁྲི་འཁུར་དགོས། གཞན་ཡང་དོན་འགྲུབ་ཀྱིས་སྐོར་ཡིག་མེད་པར་རླངས་འཁོར་བསྐོར་བ་ཡིན་པས་མ་གཞི་ཁྲིམས་འགལ་བྱ་སྤྱོད་ལྡན་ཡོད། དེ་བས་ཁྲིམས་ཁང་གིས་ཁྲིམས་སྲུང་མཁན་ལ་སྲུང་སྐྱོང་དང་ཁྲིམས་འགལ་མཁན་ལ་ཉེས་ཆད་གཅོད་པའི་དམིགས་ཡུལ་གཞིར་བཟུང་ཐོག གནས་ཚུལ་ཚད་ཆེ་ཆུང་ལ་གཞིགས་ནས་དོན་འགྲུབ་ཀྱིས་སྐྱིན་ཚབ་སྤྲད་པར་འགན་གཙོ་བོ་འཁུར་རྒྱུ་དང་། ཁྱོད་ཀྱིས་འགན་ཕལ་བ་འཁུར་དགོས་པའི་དཔྱད་མཚམས་བཏང་ཆོག
ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

 ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章