མཁའ་འགྲུལ་གནམ་གྲུ་ཞིག་ཐང་ལ་ལྷུང་ནས་མི་སོ་བརྒྱད་རྐྱེན་ལམ་དུ་ཤོར།

文摘   2024-12-27 08:01   西藏  

ཨ་ཟེར་བྷེ་ཇན་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཧ་སག་སི་ཐན་ནུབ་རྒྱུད་ཀྱི་ཨ་ཁེ་ཐའོ་གྲོང་ཁྱེར་ཉེ་འགྲམ་དུ་ལྷུང་།

ས་གནས་དེ་གའི་དུས་ཚོད་ཚེས་ཉེར་ལྔ་ཉིན། ཨ་ཟེར་བྷེ་ཇན་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཧ་སག་སི་ཐན་ནུབ་རྒྱུད་ཀྱི་ཨ་ཁེ་ཐའོ་གྲོང་ཁྱེར་ཉེ་འགྲམ་དུ་ལྷུང་བ་རེད། ཉིན་དེར་ཧ་སག་སི་ཐན་གྱི་བབ་བསྟུན་གནས་ཚུལ་པུའུ་ཡིས་གནམ་གྲུ་ལྷུང་བའི་དོན་རྐྱེན་ཁྲོད། མི་༢༩སྲོག་ལས་ཐར་བ་དང་མི་སོ་བརྒྱད་རྐྱེན་ལམ་དུ་ཤོར་འདུག་ཅེས་བཤད། མིག་སྔར་འགྲུལ་སྐྱེལ་གནམ་གྲུའི་འཕུར་སྐྱོད་གཞི་གྲངས་ཟིན་འགོད་ཡོ་བྱད་རྙེད་ཟིན་པ་དང་། བརྟག་དཔྱད་བྱེད་བཞིན་པའི་སྒང་རེད།

འཕྲིན་སྦྱོར་ཐོག་བཏང་བའི་གནམ་གྲུའི་ནང་གི་བརྙན་རིས་དང་གནམ་གྲུ་ཆག་རོའི་བརྙན།

ཧ་སག་སི་ཐན་བབ་བསྟན་གནས་ཚུལ་པུའུ་ཡིས་ཡོངས་བསྒྲགས་བྱས་པའི་རོགས་སྐྱོབ་བརྙན་རིས།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章