མི་བཅོ་ལྔ་བསད་འདུག

文摘   2025-01-03 08:42   西藏  


ཨ་རིའི་རླངས་འཁོར་གྱིས་མི་ཚོགས་ལ་རྡུང་རྡེག་བཏང་བའི་དོན་རྐྱེན་ལས་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་གིས་སྒྲུབ་པ་མིན་པར་ངོས་འཛིན་བྱེད་ཀྱིན་འདུག

ས་གནས་དེ་གའི་གཞུང་ཕྱོགས་ཀྱི་ཆ་འཕྲིན་ལྟར་ན། ཚེས་གཅིག་ཉིན་གྱི་ཐོ་རེངས་ཨ་རིའི་ལུའུ་དབྱི་སི་ཨན་ན་ཀྲོའུ་ཨའོ་ཨེར་ལེང་གསར་པར་རླངས་འཁོར་ཞིག་གིས་བསམ་གཟས་ནས་མི་ཚོགས་ལ་རྡུང་རྡེག་བཏང་བའི་དོན་རྐྱེན་ནང་། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཡོད་པ་རེད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱི་དཔོན་རིགས་ཞིག་གིས། བསད་ཟིན་པའི་དོགས་ཡོད་ཉེས་ཅན་དེ་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་ཉེས་གསོག་མཁན་གཅིག་པུ་མིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

ཨོར་ལེང་གསར་པའི་བེམ་པོ་ཞིབ་བཤེར་དཔོན་ཏེ་ཧུའེ་ཐེ་མའེ་ཁེན་ན་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། མིག་སྔའི་བར་མི་བཅོ་ལྔ་ཤི་བ་རེད་ཅེས་བཤད། བེམ་པོ་ཞིབ་བཤེར་ལས་དོན་ལ་ཉིན་འགའ་འགོར་རྒྱུ་ཡིན་པ་དང་། བེམ་པོ་ཞིབ་བཤེར་ཚར་བ་དང་འདས་པོའི་གཉེན་ཉེའི་བསམ་འཆར་བསྡུ་ལེན་བྱས་རྗེས་འདས་པོའི་ཐོབ་ཐང་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད།

རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱི་ཨོའར་ལེང་གསར་པའི་ཡན་ལག་ཅུས་ཀྱི་འགན་འཁུར་བ་ཨ་ལའེ་ཞི་ཡ་ཏེང་ཁེན་གྱིས་གསར་འགོད་པའི་ཚོགས་འདུའི་ཐོག རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་དོན་རྐྱེན་དེ་ཉེན་རྟོག་ཕྱོགས་ཀྱིས་བསད་པའི་དོགས་ཡོད་མི་སྣ་ཅ་པའར་གཅིག་པུས་སྒྲུབ་པ་མིན་པར་ངོས་འཛིན་བྱེད་ཀྱིན་ཡོད། དོགས་ཡོད་མི་སྣ་མང་པོར་བརྟག་དཔྱད་བྱེད་བཞིན་ཡོད་པས། ད་ལྟའི་དུས་འདིར་དཔེ་སྲིད་པའི་དོན་དག་གང་ཡང་སྣང་མེད་དུ་འཇོག་རྒྱུ་མིན་ཞེས་བཤད།

ཨ་རིའི་འཕྲིན་སྦྱོར་གྱི་གསར་འགྱུར་ཕྱོགས་བསྡོམས་བྱས་ན། ཅ་པའར་གྱིས་དེ་སྔ་ཨ་རིའི་སྐམ་དམག་ཏུ་དམག་ཞབས་སྒྲུབ་མྱོང་ཡོད། ཁྲིམས་འཛིན་མི་སྣས། ཁོས་བསྐོར་བའི་ལྗིད་ཐེག་རླངས་འཁོར་ཆུང་བའི་ཐོག་ཐལ་དྲགས་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱི་དར་ཆ་ཞིག་ཡོད་པ་མཐོང་བར་མ་ཟད། ད་དུང་མེ་མདའ་དང་ཉུང་མཐར་ཡང་རྒྱང་འཛིན་འགད་རྫས་གཉིས་ཡོད་པ་རྙེད། གཞན་ཡང་གདོང་ཐུག་དོན་རྐྱེན་བྱུང་སའི་ཨོར་ལེང་གསར་པའི་ཡུལ་སྐོར་ཁུལ་གྱི་ཧྥ་རན་སེ་ཁུལ་དུ་ད་དུང་འགད་གཏོར་འདྲ་བའི་སྒྲིག་ཆས་གཞན་དག་རྙེད་པ་རེད།

ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཚོགས་པས་གསང་འཕྲིན་གསར་འགྱུར་མདོར་བསྡུས་ཤིག་དྲངས་ནས་གསར་འགྱུར་སྤེལ་བར་གཞིགས་ན། བརྙན་མིག་བརྙན་རིས་ནང་སྐྱེས་པ་གསུམ་དང་བུད་མེད་གཅིག་གིས་སྟབས་བདེའི་འབར་གས་སྒྲིག་ཆས་ཤིག་སྒྲིག་བཞིན་ཡོད་པ་མཐོང་། འོན་ཀྱང་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་གསར་འགྱུར་ལྟར་ན། རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་མི་སྣས། བརྙན་རིས་ཁྲོད་ཀྱི་མི་བཞི་དེ་འབར་གས་སྒྲིག་ཆས་འཇོག་མཁན་མ་རེད་ཟེར།

གཞན་ཡང་ཁོ་ལོམ་པི་ཡའི་རླུང་འཕྲིན་སྤྱི་གཉེར་ཁང་གི་གསར་འགྱུར་ལྟར་ན།  མིག་སྔའི་བར་དུ་དབྱི་སི་ལན་རྒྱལ་ཁབ་བམ་ཡང་ན་ཐལ་དྲགས་རྩ་འཛུགས་གཞན་དག་ཚང་མས། ད་ཐེངས་ཀྱི་གདོང་གཏུག་དོན་རྐྱེན་ལ་འགན་འཁུར་རྒྱུ་ཡིན་ཞེས་བཤད་མི་འདུག་ཅེས་བཀོད་འདུག

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章