དྲན་ཤེས་མི་གསལ་བའི་རྒན་པོས་བཞག་པའི་ཁ་ཆེམས་ལ་ནུས་པ་ཡོད་དམ།

文摘   2025-01-09 08:50   西藏  

དྲན་ཤེས་མི་གསལ་བའི་རྒན་པོས་བཞག་པའི་ཁ་ཆེམས་ལ་ནུས་པ་ཡོད་དམ།



དྲན་ཤེས་མི་གསལ་བའི་རྒན་པོས་བཞག་པའི་ཁ་ཆེམས་ནི་ནུས་མེད་ཡིན་ཏེ། རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1143པའི་གཏན་འཁེལ་ལྟར་ན། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་མཁན་ནམ་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན་གྱིས་བཞག་པའི་ཁ་ཆེམས་ལ་ནུས་པ་མེད་ཅེས་གཏན་འཁེལ་བྱས་ཡོད། ཁ་ཆེམས་ནང་ངེས་པར་ཁ་ཆེམས་འཇོག་མཁན་གྱི་བསམ་དོན་ངོ་མ་མཚོན་དགོས་ཤིང་། མགོ་སྐོར་གཡོ་འཕྲུལ་དང་བཙན་སྐུལ་ཐེབས་ནས་བཞག་པའི་ཁ་ཆེམས་ལ་ནུས་པ་མེད་ཅིང་། རྫུན་བཟོ་བྱས་པའི་ཁ་ཆེམས་ལའང་ནུས་པ་མེད་དེ། གོང་སྨོས་ཀྱི་གཏན་འཁེལ་གྱིས་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་ཡང་ན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིས་བཞག་པའི་ཁ་ཆེམས་ཀྱི་ཕན་ནུས་ལ་གཏན་འཁེལ་བྱས་ཡོད། ཁ་ཆེམས་ཀྱི་ནུས་པ་ནི་ཁ་ཆེམས་འཇོག་མཁན་གྱི་ནང་དོན་ངོ་མ་མཚོན་ཐུབ་མིན་ལ་རག་ལས་ཡོད་དེ། མགོ་སྐོར་དང་བཙན་སྐུལ་ཐེབས་ནས་བཞག་པའི་ཁ་ཆེམས་ལ་ནུས་པ་མེད་པ་ཕུད། ཁ་ཆེམས་འཇོག་མཁན་དེ་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་མཁན་ནམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན་དུ་གྱུར་སྐབས། ཁ་ཆེམས་འཇོག་མཁན་གྱིས་རང་ཉིད་བྱ་སྤྱོད་ཀྱི་དོན་སྙིང་ཤེས་རྟོགས་བྱེད་ཐབས་བྲལ་བའམ་ཡོངས་སུ་ཤེས་རྟོགས་བྱེད་མི་ཐུབ་པ། གོ་བདེ་བའི་སྒོ་ནས་བཤད་ན་ཁ་ཆེམས་འཇོག་པའི་བྱ་སྤྱོད་ཀྱི་ངོ་བོ་དང་འབྱུང་སྲིད་པའི་མཇུག་འབྲས་ཤེས་རྟོགས་བྱེད་མི་ཐུབ་པ། ཁ་ཆེམས་འཇོག་མཁན་གྱི་ནང་དོན་ངོ་མ་མཚོན་ཐབས་བྲལ་བའི་གནས་ཚུལ་འོག་བཞག་པའི་ཁ་ཆེམས་དེ་ནུས་མེད་ཡིན།


མཁའ་འབུམ་རྒྱལ་གྱིས་བསྒྱུར།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章