དེ་རིང་(སྤྱི་ཟླ་1ཚེས་7ཉིན།)ཆུ་ཚོད་9དང་སྐར་མ་5ཡི་ཐོག བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས། མི་སྣ་ཤི་རྨས་ཚབས་ཆེན་བཟོས་ཡོད། དེ་རིང་ཕྱི་དྲོ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས་བརྡ་ཁྱབ་བཏང་དོན། ཐོག་མའི་གྲལ་བཤེར་བྱས་པ་བརྒྱུད། ཕྱི་དྲོའི་ཆུ་ཚོད་3པའི་བར། དིང་རི་རྫོང་དུ་བརྒྱབ་པའི་ས་ཡོམ་རིམ་པ་6.8ཀྱི་ནང་མི་95རྐྱེན་ལམ་དུ་ཤོར་བ་དང་། མི་130ལ་རྨས་སྐྱོན་ཕོག་པ་ཤེས་རྟོགས་བྱུང་ཡོད། ཡོངས་བསྒྲགས་ཚོགས་འདུའི་ས་ཡུལ་དངོས་སུ་ཚང་མས་ཡར་ལངས་ནས་རྐྱེན་ལམ་དུ་ཤོར་བ་རྣམས་ལ་ངག་བསྡམས་ནས་མྱ་ངན་ཞུས་ཡོད་པ་རེད།▌ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།