ཀྲུང་གོ་ས་ཡོམ་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་1ཚེས་7ཉིན་གྱི་ཆུ་ཚོད་09དང་སྐར་མ་05སྐར་ཆ་16གི་ཐོག བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་(བྱང་གི་འཕྲེད་ཐིག་ཏུའུ་28.50དང་ཤར་གྱི་གཞུང་ཐིག་ཏུའུ་87.45)དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཟིན་ཡོད།
ས་ཡོམ་དེ་ནི་ཉེ་བའི་ལོ་ལྔའི་ནང་ས་ཡོམ་རྒྱག་ས་ལྟེ་བ་དེའི་མཐའ་འཁོར་གྱི་སྤྱི་ལེ་200ཡི་ནང་བརྒྱབ་པའི་ས་ཡོམ་རིམ་པ་མཐོ་ཤོས་དེ་ཡིན་པ་རེད།
ས་ཡོམ་རྒྱག་ས་ལྟེ་བ་དེ་ནས་སྤྱི་ལེ་5ཡི་ཁྱབ་ཁོངས་ནང་གི་ས་བབ་མཐོ་ཚད་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྨི་4259ཙམ་ཟིན་གྱི་ཡོད། ད་ཐེངས་ཀྱི་ས་ཡོམ་རྒྱག་སའི་མཐའ་འཁོར་གྱི་སྤྱི་ལེ་5ཡི་ནང་ཐང་རི་གྲོང་ཚོ་དང་། གཞོལ་བྲོད་གྲོང་ཚོ། དགའ་རེ་སྒོར་སྐྱིད་གྲོང་ཚོ། སྨོན་ཏོག་གྲོང་ཚོ་སོགས་ཡོད་པ་དང་། སྤྱི་ལེ་20ཡི་ནང་མཚོ་སྒོ་ཤང་དང་ཆུ་ལྷོ་ཤང་སོགས་ཡོད་པ་རེད།
ས་ཡོམ་རྒྱག་སའི་ལྟེ་བ་དེ་ནས་གཏིང་སྐྱེས་རྫོང་བར་སྤྱི་ལེ་34དང་། དིང་རི་རྫོང་བར་སྤྱི་ལེ་36 ལྷ་རྩེ་རྫོང་བར་སྤྱི་ལེ་67 ས་སྐྱ་རྫོང་བར་སྤྱི་ལེ་71 ངམ་རིང་རྫོང་བར་སྤྱི་ལེ་92 གཞིས་རྩེ་གྲོང་ཁྱེར་བར་སྤྱི་ལེ་164 ལྷ་ས་གྲོང་ཁྱེར་བར་སྤྱི་ལེ་379བཅས་ཡོད་པ་རེད།
ཀྲུང་གོ་ས་ཡོམ་དྲ་བའི་མྱུར་ཞུའི་དཀར་ཆག་ལ་གཞིགས་ན། ཉེ་བའི་ལོ་ལྔའི་ནང་ས་ཡོམ་རྒྱག་ས་ལྟེ་བ་དེའི་མཐའ་འཁོར་གྱི་སྤྱི་ལེ་200ཡི་ནང་རིམ་པ་3ཡན་གྱི་ས་ཡོམ་ཁྱོན་ཐེངས་29བརྒྱབ་བ་དང་། དེའི་ཁྲོད་ད་ཐེངས་ཀྱི་ས་ཡོམ་ནི་ཆེ་ཤོས་དེ་ཡིན་པ་རེད།
▌ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།