ཧོ་མོའུ་པའོ་ཡིས་ཧུའུ་ནན་ཞིང་ཆེན་གྱི་གཏེར་ཁའི་ཐོན་ཁུངས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་ཁྲེན་ཙེ་ལུའེ་དང་བཅས་པར་ཐུག་འཕྲད་བྱས། ཟླ11པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡིས་གཙོས་སུ་ཧུའུ་ནན་ཞིང་ཆེན་གྱི་གཏེར་ཁའི་ཐོན་ཁུངས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་འཛིན་མགོ་གཙོ་གཞོན་པའམ་སྤྱི་གཉེར་བ་ཁྲེན་ཙེ་ལུའེ་དང་བཅས་པར་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གཏེར་རྫས་ཐོན་ཁུངས་གསར་སྤེལ། ལྗང་མདོག་གཏེར་རི་འཛུགས་སྐྲུན་སོགས་ཀྱི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།
ཧོ་མོའུ་པའོ་ཡིས་ཁྲེན་ཙེ་ལུའེ་དང་བཅས་པ་སླེབས་པར་དགའ་བསུ་དང་ཧུའུ་ནན་ཞིང་ཆེན་གྱི་གཏེར་ཁའི་ཐོན་ཁུངས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་ཡིས་དུས་ཡུན་རིང་པོར་ཀན་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཧོ་མོའུ་པའོ་ཡིས་ཧུའུ་ནན་ཞིང་ཆེན་གྱི་གཏེར་ཁའི་ཐོན་ཁུངས་ཚད་ཡོད་འགན་འཁྲི་ཀུང་སི་དང་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱིས་དུས་ཡུན་རིང་པོར་མཉམ་འབྲེལ་བྱས་སྟབས། མཉམ་འབྲེལ་གྱི་རྨང་གཞི་ལེགས་པོ་དང་གཏིང་ཟབ་པའི་མཛའ་བརྩེ་ལྡན། རེ་བ་ལ་ཧུའུ་ནན་ཞིང་ཆེན་གྱི་གཏེར་ཁའི་ཐོན་ཁུངས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིས་རེས་སྐོར་གསར་བའི་གཏེར་འཚོལ་ཚད་བརྒལ་ཐབས་ཇུས་འགུལ་སྐྱོད་ཀྱི་གོ་སྐབས་དམ་འཛིན་བྱས་ནས། ད་ལྟ་མ་དངུལ་བཏང་བའི་ལས་གཞིའི་ལག་བསྟར་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། སྔོན་ཐོན་གྱི་ལག་རྩལ་ནང་འདྲེན་བྱེད་པ། མ་དངུལ་གཏོང་བར་ཤུགས་སྣོན་པ། ཁྱབ་ཁོངས་སྔར་བས་རྒྱ་སྐྱེད་པ། རིམ་པ་སྔར་ལས་གཏིང་ཟབ་པའི་དངོས་གཉེར་མཉམ་འབྲེལ་བྱས་ཏེ། མཉམ་གཅིག་ཏུ་ལྗང་མདོག་གཏེར་རིའི་དཔེར་མཚོན་མ་དཔེ་གཏོད་པ་དང་། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་གཅིག་གྱུར་གྱིས་མངོན་འགྱུར་བྱེད་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནུས་ཤུགས་གང་ཡོད་ཀྱི་སྒོ་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པ་དང་། ཆེད་དོན་ཚན་ཁག་བཙུགས་ནས་ཁེ་ལས་ཀྱིས་དངུལ་གཏོང་ལས་གཉེར་ལ་ཞབས་ཞུ་དང་འགན་སྲུང་བྱས་ཏེ་ཕྱོགས་གཉིས་མཉམ་ཕན་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་བསྟན། ཁྲེན་ཙེ་ལུའེ་ཡིས་ཀན་ལྷོ་ཁུལ་གྱི་གཏེར་རྫས་ཀྱི་ཐོན་ཁུངས་རྔམ་མཐུག་ལ་ཕུན་སུམ་ཚོགས་པས། ཧུའུ་ནན་ཞིང་ཆེན་གྱི་གཏེར་ཁོངས་ཚོགས་པ་ཡིས་སྔོག་འདོན་དང་བཙོ་སྦྱང་། ལས་སྣོན་ཞིབ་ཚགས་བཅས་ཀྱི་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ལྗང་མདོག་གཏེར་ལས་ཧུར་ཐག་གིས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། ཁེ་ལས་དང་ས་གནས་མང་ཚོགས་བཅས་ལ་མཐུན་སྦྱོར་རམ་འདེགས་བྱས་ཏེ་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་བ་གཏོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
དབྱང་ཀོང་ལུང་ཐུག་འཕྲད་ལ་ཞུགས།།
རྩོམ་སྒྲིག་པ། གཡང་མོ་སྐྱིད།
རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།
ཞུ་དག་པ། རྡོ་རྗེ་ཚེ་རིང་།
ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།