ཀན་ལྷོ་ཡི་གསར་བརྗེའི་མེ་སོན་དང་པོ།

政务   2024-11-15 15:15   甘肃  
【གུང་ཁྲན་ཏང་གི་བཀའ་དྲིན་དྲན། དུས་རབས་གསར་པར་འབད་པས་བསྐྱོད། ——གསར་བརྗེའི་དྲན་ཤིང་།】ཀན་ལྷོ་ཡི་གསར་བརྗེའི་མེ་སོན་དང་པོ།

ཞུའན་ཞ་ཧྥུ།(1899-1938)

    ལོ་ཟླ་ཡི་ཆུ་རྒྱུན་རིང་མོ་ཉིན་མཚན་ཁོར་ཡུག་ཏུ་འབབ། གཡུ་ཡི་མནྜལ་ལྟ་བུའི་སྤང་ལྗོངས་སྔོན་མོ་འདི་རུ་དལ་གྱིས་བསྐྱོད་པའི་ཚེ། ལོ་ཟླའི་ཁ་ཚུབ་ཀྱི་གསེང་ནས་ལོ་རྒྱུས་ཀྱི་འོད་ཟེར་ཉག་གཅིག་གསལ་ལེར་མཐོང་ཐུབ་སྟེ། གུང་ཁྲན་ཏང་མི་ཡི་ཕུགས་འདུན་བརྟན་པོ་ལ་གཞར་ཡང་བདེན་དོན་གྱི་འོད་སྣང་འཚེར་ཞིང་འབར། གུང་ཁྲན་ཏང་མི་ཡིས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཀྱིས་དུས་རྣམ་ཀུན་ཏུ་ཡུལ་གྲུ་འདི་ལ་དྲོད་ཁོལ་སྦྱིན་ཏེ་ཡོད།

ནུབ་བྱང་ས་ཁུལ་གྱི་གསར་བརྗེའི་ལས་དོན་དུ་ཞུགས་པ།

    སྤྱི་ལོ1926ལོའི་སྟོན་ཟླ་ཞིག་ལ། རྨ་ཁུག་དང་པོའི་དངུལ་རྭ་རྩྭ་ཐང་དུ། ཞུའན་ཞ་ཧྥུ(1899-1938)ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྔ་རབས་ཀྱི་གསར་བརྗེ་ལས་འགུལ་པ་དེས། ཀན་ལྷོའི་རྩྭ་ཐང་ཆེན་མོ་རུ་གསར་བརྗེ་ཡི་མེ་སོན་དང་པོ་བཏབ།

    ཁོང་གིས་རྩྭ་སྤར་བ་གང་བཟུང་སྟེ། ཆེས་གོ་བདེ་བའི་གཏམ་དང་ཆེས་གསོན་ཉམས་ལྡན་པའི་དཔེ་ཡིས། མཐུན་སྒྲིལ་བྱས་ཏེ་གསར་བརྗེ་བྱ་དགོས་པའི་གནས་ལུགས་བསྟན། ཁོང་ཉིད་རྩྭ་ཐང་གི་བུ་རྒྱུད་དང་དཔུང་པ་མཉམ་གཤིབ་ཏུ་འགྲེང་སྟེ། རེ་སྒུག་དང་ཡིད་ཆེས་ཀྱི་མིག་མདངས་གངས་ལྗོངས་ཀྱི་རི་ལུང་ཐང་གསུམ་བརྒྱུད་དེ་མ་འོངས་པའི་ཕྱོགས་སུ་མཆེད། ཉིན་མོ་དེར། རྩྭ་ཐང་གི་སྟོན་ལྗོངས་རབ་ཏུ་མཛེས། འབྲུ་དྲུག་གི་འབྲས་བུ་ཁུར་དུ་ལྕི། སྣོད་བཅུད་ཀུན་ལ་གསོན་ཤུགས་རྒྱས།

རྗེས་དྲན་དུ་བཞེངས་པའི་འཇིམ་སྐུ།(རྨ་ཆུ།)

    ཁོང་དང་གུང་ཁྲན་ཏང་ཡོན་ཀྲང་དབྱི་ཝུའུ་སོགས་ཀྱིས་ཀན་སུའུ་ཞིང་ཆེན་གྱི་ཏང་གི་རྩ་འཛུགས་ཐོག་མ་སྟེ་ཀྲུང་གུང་ཀན་སུའུ་ཞིང་ཆེན་དམིགས་བསལ་ཀྲི་པུའུ་བཙུགས་ཏེ། མར་ཁེ་སིའི་རིང་ལུགས་ཧུར་གྱིས་དྲིལ་བསྒྲགས་བྱས་ཤིང་ཏང་གི་རྩ་འཛུགས་དར་སྤེལ་བྱས་པ་མ་ཟད། མང་ཚོགས་དང་གོ་མིན་ཏང་གི་གཡོན་ཕྱོགས་པ་དང་མཐོ་རིམ་གྱི་སྔོན་ཐོན་མི་སྣ་རྣམས་སྐུལ་སློང་བྱས་ཏེ། ཕྱོགས་ཡོངས་ནས་གསར་བརྗེ་དྲིལ་བསྒྲགས་བྱས་ཤིང་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་གྱི་འཐབ་རྩོད་སྤེལ། དུས་དེ་ནས་བཟུང་། ཀན་སུའུ་ཞིང་ཆེན་གྱིས་གུང་ཁྲན་ཏང་གི་ཐད་ཀའི་སྣེ་ཁྲིད་འོག་ནས་རྩ་འཛུགས་ལྡན་པའི་གསར་བརྗེའི་བྱེད་སྒོ་སྤེལ་མགོ་བརྩམས།
    ཁོང་གིས་བཏབ་པའི་གསར་བརྗེའི་མེ་སོན་དང་པོ་དེ་ཀན་ལྷོ་ཞེས་པའི་ས་ཆེན་འདིའི་པང་ནས་མྱུ་གུ་འབུས་ཤིང་གཉོམ་ལག་རྒྱས། མེ་སྟག་ཕྲན་བུ་ཞིག་གིས་སྤང་ལྗོངས་བསྲེགས་པ་ཇི་བཞིན། ཁོང་གིས་གུང་ཁྲན་ཏང་མི་ཡི་ལྷག་བསམ་རྣམ་པར་དག་པས་ས་ཕྱོགས་འདི་ལ་རེ་བའི་འོད་སྣང་བསྩལ།
    སྔོ་ལྗང་གི་ཡུལ་གྲུ་འདི་དར་དམར་གྱིས་བཀླུབས་ཤིང་གསར་བརྗེའི་སྙིང་སྟོབས་ཀྱིས་སྣེ་ཁྲིད་པ་ནས་བཟུང་། གྱ་གྱུ་རབ་དང་རིམ་པ་བརྒྱུད་དེ་མདུན་ནས་མདུན་དུ་གོམ་ཁ་ཕྱོགས།

    སྐར་ཚོགས་བཞིན་བཀྲ་བའི་གསར་བརྗེའི་དྲན་ཤིང་རིང་མོའི་ཁྲོད་དུ། སྙན་ངག་མཁན་པོའི་བརྩེ་བས་ཕྱུག་པའི་ངག་གི་རོལ་མོ་མཆིས།


ལོ་ཙཱ་བ། ཚེ་རིང་རྣམ་རྒྱལ།

གྱེར་འདོན་པ། ཡུམ་ཚེ་རིང་།


རྩོམ་སྒྲིག་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།
ཞུ་དག་པ།  རྡོ་རྗེ་ཚེ་རིང་།
ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章