བྱིན་ཆེ་བའི་བླ་མའི་རྣལ་འབྱོར་གྱི་ཆོས་ཁྲིད་ཕྱོགས་བསྡུས། ཁག་ལྔ།

文化   2025-01-11 08:46   青海  

བླ་མའི་རྣལ་འབྱོར་གྱི་ཁྲིད།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

བླ་མའི་རྣལ་འབྱོར་གྱི་ཁྲིད།

མཁན་ཆེན་འཆི་མེད་རིག་འཛིན།

བླ་མའི་རྣལ་འབྱོར་གྱི་ཁྲིད།

མཁན་པོ་ཁྱབ་བརྡལ།

བླ་མའི་རྣལ་འབྱོར་གྱི་ཁྲིད།

མཁན་པོ་ཚུལ་ཁྲིམས།

བླ་མའི་རྣལ་འབྱོར་གྱི་ཁྲིད།

མཁན་པོ་ཀུན་ཕན་ནོར་བུ།

བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ།
ཨ། འཁོར་འདས་ཆོས་ཀུན་ཀ་དག་རིག་པའི་ངང་། །རང་གདངས་མ་འགགས་ཡེ་ཤེས་འོད་ལྔའི་ཀློང་། །ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ལ། །རྣམ་པ་སྐྱབས་གཅིག་ཡིད་བཞིན་ནོར་བུ་ཉིད། །དཀར་གསལ་མཛེས་འཛུམ་པཎྜི་ཏ་ཡི་ཆས། །ཆོས་འཆད་ཕྱག་རྒྱས་རལ་གྲི་གླེགས་བམ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་འོད་ཟེར་མུ་མེད་འཕྲོ། །རང་སྣང་དག་པའི་རྒྱན་དུ་ལམ་མེར་གསལ། ། གསོལ་བ་གདབ་པ་ནི། གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ། །འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན། །འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །ཅི་ནུས་བསགས། མཐར་ནི་བླ་མ་འོད་ལྔའི་ཐིག་ལེར་གྱུར། །རང་གི་སྤྱི་བོ་ནས་ཞུགས་སྙིང་དབུས་ཐིམ། །རྒྱལ་ཀུན་ཡེ་ཤེས་གཅིག་འདུས་བླ་དང་། །སྐལ་བ་མཉམ་པའི་བྱིན་རླབས་ཐོབ་པར་བསམ། །

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章