བླ་མའི་རྗེས་དྲན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་བྱིན་ཆེན་གཅེས་བཏུས།

文化   其他   2025-01-13 08:16   青海  

ཆོས་རྗེ་བླ་མའི་གསོལ་འདེབས་མགུར་དབྱངས།

དྲིན་ཆེན་བླ་མ་མཁྱེན་ནོ།།


གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ།།
འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན།།

འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས།།

དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།

གཟུགས་སྐུ་ཡུལ་ན་མེད་ཀྱང་སེམས་ན་ཡོད། །

གདམས་ངག་ཕྱི་ན་མེད་ཀྱང་བློ་ན་ཡོད། །

ཞལ་མཇལ་ཉིན་མོ་མེད་ཀྱང་མཚན་མོ་ཡོད། །

ཡང་མཇལ་ད་ལྟ་མེད་ཀྱང་སླད་ནས་ཡོད། །


དཔོན་སློབ་འདུ་བ་ཡོད་ཀྱང་འབྲལ་བ་མེད། །

བཀའ་དྲིན་འཇལ་བ་ཡོད་ཀྱང་འཁོར་བ་མེད། །

ཐུགས་ཡིད་བསྲེ་བ་ཡོད་ཀྱང་དབྱེ་བ་མེད། །

དུས་ཚོད་འདས་པ་ཡོད་ཀྱང་བརྗེད་པ་མེད། །

བླ་མར་མོས་གུས་སྐྱེད་པའི་གསོལ་འདེབས།

མཁན་ཆེན་འཆི་མེད་རིག་འཛིན།

རྗེས་དྲན་གསོལ་འདེབས།

མཁན་ཆེན་འཆི་མེད་རིག་འཛིན།

སླར་ཡང་དྲན་འདུག
མཁན་ཆེན་འཆི་མེད་རིག་འཛིན།
དད་མོས་འཇའ་གུར་ཀློང་གི་སངས་རྒྱས།

མཁན་འཇིག་མེད་བློ་གྲོས།

ཕ་རྒན་བྱ་རྒྱལ་རྒོད་པོ་མཁའ་དབྱིངས་སུ་བསྐྱོད་ནས། །
སྤྱི་རྒྱ་རླབས་ཀྱིས་གཅོད་པའི་ལྟད་མོ་ཞིག་བསྟན་ཡོད། །
རྩལ་ཕྲུག་ནར་དུ་སོན་པའི་བུ་རྒྱུད་འདྲ་ཡོད་ན། །

རྟོགས་པའི་གཤོག་རྩལ་འགྲན་བཞིན་ཡར་ཡར་ལ་ཕེབས་ཤོག །

‍‍‍‍‍‍‍‍

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章